མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་ཁེ་དབང་ཡང་དག་པ་ལོངས་སུ་སྤྱོད་ཆེད་འོས་མི་མཚན་འདོན་བྱ་རྒྱུ་མིན།

བོད་ཀྱི་དུས་བབ།
༢༠༡༥/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་རྒྱུ་མཚན་གསུམ་གྱི་ཐོག་ནས་ད་རེས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་མཚན་འདོན་གནང་རྒྱུ་མིན་པ་གསལ་བསྒྲགས་གནང་འདུག

11111མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་དེ་སྔོན་བཀའ་སྤྱི་གཉིས་ཀྱི་འོས་མི་མཚན་འདོན་གནང་སྲོལ་ཡོད་ཀྱང་། ཕྱི་ཟླ་ ༨ ཚེས་ ༢༦ ནས་ཉིན་གྲངས་ ༣ རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐོང་ཚོགས་གནང་བའི་དབུས་རྒྱུན་སྐབས་ ༢༠ པའི་ཚོགས་ཐེངས་ ༥ པའི་ཐོག་གྲོས་ཆོད་བཞག་པ་ལྟར། དམངས་གཙོའི་ཁེ་དབང་ཡང་དག་གིས་ལོངས་སུ་སྤྱོད་ཐུབ་པའི་ཆེད་དུ་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་མཚན་འདོན་གནང་རྒྱུ་མིན་པ་གསལ་བསྒྲགས་གནང་འདུག

 

དེ་ཡང་ལྷན་ཚོགས་ཐོག་དབུས་རྒྱུན་ཚོགས་གཙོ་པདྨ་བདེ་ལེགས་ལགས་ཀྱིས་ཡིག་ཐོག་ནས་བསྒྲགས་གཏམ་སྒྲོག་སྦྱངས་གནང་བའི་ནང་། སྤྱིར་བཏང་ད་བར་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའིི་ངོས་ནས་བཀའ་སྤྱི་གཉིས་ཀྱི་འོས་མི་བཏོན་པའི་ལམ་སྲོལ་ཞིག་ཡོད་བསྡད་པ་རེད་ལ། དེའང་མདོ་སྟོད་ཀྱི་གནད་ཡོད་མི་སྣ་རྣམ་པ་དང་། དབུས་དང་ས་གནས་ཀྱི་རྒྱུན་ལས་རྣམ་པས་བཀའ་གྲོས་བསྡུར་ཏེ་བཏོན་པ་དེ་དག་གིས་ཀྱང་ད་བར་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་།བོད་བསྟན་སྲིད་མི་རིགས་སྤྱིའི་རྩ་དོན་ཐད་ངོས་ལྐོག་རྒྱབ་མདུན་མེད་པ་འགན་ཁུར་བ་དང་། མང་ཚོགས་ཀྱི་ཡང་དག་པའི་སྐུ་ཚབ་མཚོན་ཐུབ་པའི་མི་སྣ་རེ་བྱུང་བསྡད་ཡོད་པ་རེད། འོན་ཀྱང་འདི་ལོར་དབུས་རྒྱུན་སྐབས་ ༢༠ ཚོགས་ཐེངས་ ༥ པའི་སྟེང་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་མི་འདོན་རྒྱུའི་སྤྱི་མོས་གྲོས་ཆོད་བྱུང་ཡོད་པ་རེད། དེའི་རྒྱུ་མཚན་ནི།

 

གཅིག་ན་བོད་ཀྱི་སྤྱི་ཚོགས་ནང་མང་གཙོའི་ལམ་སྲོལ་དབུ་བརྙེས་ཏེ་མི་ལོ་ ༥༣ ཙམ་འཁོར་ཡོང་གིན་ཡོད་པ་རེད། ༸གོང་ས་མཆོག་གིས་ཐོག་མ་མང་གཙོ་གསོལ་རས་གནང་པའི་རྒྱུ་མཚན་དང་། གསོལ་རས་གནང་ནས་ད་བར་གྱི་ཐུགས་རེ་གཙོ་བོ་དེ་ཆོལ་ཁ་བྱེ་བྲག་པའི་ལངས་ཕྱོགས་བཟུང་བསྡད་རྒྱུ་ཙམ་མིན་པ། བོད་མི་མི་རེ་ངོ་རེ་ནས་བོད་སྤྱི་པའི་རྩ་དོན་འདི་མགོ་ཚོས་པ་དང་། མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་འགན་ཁུར་ཐུབ་རྒྱུ་དེ་ཡིན་པ་ལྟར། ད་ཐེངས་འདི་ནས་༸རྒྱལ་བའི་དགོངས་པ་བཞིན་མང་ཚོགས་ཀྱིས་མང་གཙོའི་ཁེ་དབང་ཡང་དག་པ་ཞིག་ལོངས་སུ་སྤྱོད་ཐུབ་ཐབས་ཀྱི་ཆེད་དུ་ཡིན།

 

གཉིས་ན་འདས་པའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་གནང་སྟངས་དང་། དེ་ལས་ཀྱང་ད་ལྟའི་བརྡ་འཕྲིན་གྱི་དུས་རབས་འདིར་ཕན་ཚུན་འབྲེལ་ལམ་དང་། རྒྱུས་ལོན་ཡོང་རྒྱུར་དེ་ཙམ་ཁག་པོ་མེད་པ་སོགས་ལ་བརྟེན་མདོ་སྟོད་མང་ཚོགས་ལ་མཚོན་ན་སྔོན་འགྲོའི་འོས་གཞི་ཞིག་བཏོན་ཏེ་བྱིས་པར་ལམ་སྣ་ཁྲིད་བསྡད་དགོས་པ་ལྟ་བུ་ཞིག་མཐོང་གིན་མེད་ལ། བོད་ཀྱི་བསྟན་སྲིད་སྤྱི་ལ་ཕན་པའི་སྲིད་སྐྱོང་དང་། སྤྱི་འཐུས་ཤིག་གདམས་སྒྲུབ་བྱེད་པར་རྣམ་དཔྱོད་ལྡན་པའི་ཐོག་གོ་རྟོགས་ཏག་ཏག་ཅིག་སད་བསྡད་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།

 

གསུམ་ན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པ་འདི་མདོ་སྟོད་ཆོལ་ཁའི་སྒྲིག་འཛུགས་ལྟེ་བ་དང་། མང་ཚོགས་ཀྱི་ཡིད་ཆེས་བྱ་ས་གཙོ་བོ་དེ་ཡིན་དུས་བཀུར་འོས་ལས་ཐོག་སྤྱི་འཐུས་རྣམ་པ་དབུར་བཞུགས་ཐོགའདི་ལོ་མདོ་སྟོད་མང་ཚོགས་ཀྱི་ནང་ནས་གཞོན་སྐྱེས་འདབ་གཤོག་གཉིས་ལྡན་ཅན་གྱི་དང་བླངས་འོས་མི་མང་པོ་ཞིག་ཐོན་ཡོང་བཞིན་འདུག་པས། དེ་དག་ཚང་མ་ལ་ཆེ་མཐོང་དང་གུས་བཀུར་ཞུས་ཏེ། སྔོན་འགྲོའི་འོས་གཞིའི་ནང་གདམས་གསེས་བྱས་ཏེ་འོས་མི་ཟུར་འདོན་ཞུ་མ་དགོས་པ་བྱས་པ་ཡིན། ཞེས་བཀོད་འདུག

 

གསལ་བསྒྲགས་དེ་བརྒྱུད་རྒྱ་ཆེའི་མི་མང་དང་འོས་མིར་ལངས་པ་ཚོར་འབོད་སྐུལ་གནང་དོན། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ལ་རྒྱ་མ་ཤོར་པའི་ཐོག འདས་པའི་ཕ་མེས་དམ་པ་ཚོས་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ཏེ་དགྲ་རྒོལ་བོད་སྐྱོབ་ཀྱིས་བོད་ཀྱི་སྲིད་པ་འདི་ཇི་ལྟར་བསྐྱངས་པའི་བྱུང་རབས་ཁག་ལ་རྒྱུས་ལོན་བྱས་ཏེ། ༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་རླབས་ཆེན་དགོངས་བཞེད་ལྟར་ད་ལྟའི་བོད་ཀྱི་ཆེས་དཀའ་སྡུག་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་དཔལ་ལྡན་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་མི་ཚད་ལྡན་རེ་འདོན་ཐུབ་པའི་རེ་བ་དང་ཡིད་ཆེས་གཙང་མ་བྱེད་བཞིན་ཡོད་ལ། འོས་མིར་བཞེངས་མཁན་ཚོའི་ངོས་ནས་ཀྱང་རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་ན།མང་ཚོགས་ཀྱི་ཁ་ཕྱོགས་དང་མངོན་འདོད་རྣམས་ལ་གོ་རིམ་ལྡན་པའི་བརྩི་བཀུར་དང་འགན་ཁུར་གནང་དགོས་པས་མ་ཚད། དེ་དག་ལ་རྒྱུན་དུ་ནས་འགན་ཁུར་དང་སྣེ་ཁྲིད་བྱེད་མཁན་དག་ཀྱང་ངོ་ཤེས་པར་བྱས་ཏེ་བརྒྱུད་རིམ་ལྡན་པ་ཞིག་བྱ་དགོས་རྒྱུ་དེའང་འོས་མི་ཞིག་གི་ཆ་རྐྱེན་རེད་བསམ་གྱི་ཡོད། ཞེས་བརྗོད་འདུག

 

ཡང་ལྷན་ཚོགས་ཐོག་དབུས་རྒྱུན་དྲུང་ཆེ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་རྒྱལ་བའི་ཞབས་རིམ་ཆེན་མོ་དང་འབྲེལ་བའི་ཡིག་ཐོག་གསལ་བསྒྲགས་ཤིག་སྒྲོག་སྦྱངས་གནང་བའི་ནང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་ ༨༠ ཐམ་པར་ཕེབས་ཀྱིན་ཡོད་པའི་དུས་སྐབས་འདི་དང་བསྟུན་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་ཧ་ཅང་གལ་ཆེན་དོན་ཆེན་ཞིག་ལ་བརྩིས་ཏེ་དབུས་ས་གཉིས་ནས་སྐུ་ཕྱྭའི་ཞབས་རིམ་གཞི་རྒྱ་ཆེ་བ་ཞིག་བསྒྲུབས་པ་ཡིན། སྤྱིར་བཏང་རྒྱལ་ས་ལྷ་ས་ནས་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གསར་བཞེངས་ཞུས་ཏེ་བརྟན་བཞུགས་ཐོག་མ་ཕུལ་བ་ནས་ད་བར་བརྟན་བཞུགས་གྲངས་ ༦ ཙམ་ཕུལ་རྒྱུའི་བསྐལ་བཟང་བྱུང་འདུག་ལ། མདོ་སྟོད་ཆོལ་ཁའི་ལུང་ཚན་ཁག་བཅུ་ཙམ་གྱིས་བརྟན་བཞུགས་འབུལ་རྒྱུའི་དུས་བཟང་བྱུང་སྟེ་ཧ་ཅང་དགའ་སྤོབས་འོས་པ་བྱུང་འདུག དེར་བརྟེན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པའི་སྟེང་ནས་སྤྱི་མོས་གྲོས་ཆོད་བཞག་སྟེ་༸རྒྱལ་བའི་ཞབས་རིམ་ཆེན་མོ་བསྒྲུབ་རྒྱུ་བྱས་པ་ལྟར། ཐོག་མའི་དམིགས་ཡུལ་གཞིར་བཟུང་དབུས་རྒྱུན་གྱིས་སྣེ་ཁྲིད་དེ་ཞབས་རིམ་ཧ་ཅང་ཡག་པོ་བསྒྲུབས་ཐུབ་པ་བྱུང་ཡོད། ཐེངས་འདིའི་༸རྒྱལ་བའི་ཞབས་རིམ་ཁག་བསྡོམས་ན་ཚེ་ཐར་སྲོག་བླུ་གྲངས་ ༡༩༤༣༨༠། འབྲས་ལྡན་ཤིང་སྣ་བཏབ་པ་གྲངས་ ༣༦༢། ཁོར་ཡུག་གཙང་བཟོའི་སྐོར་ནས་བཞུགས་སྒར་རྡ་རམ་ས་ལ་དང་། ལྡི་ལི་བསམ་ཡས་གླིང་། བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་མདུན། དེ་བཞིན་ལྡེ་ར་ལྡུན་བོད་མའི་གཞིས་སྒར་ཁུལ་དང་། ཧི་མ་ཅལ་ཁུལ་བཅས་ལ་ཁོར་ཡུག་གཙང་བཟོའི་ལས་གཞི་སྤེལ་ཡོད། དེ་མིན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གྱང་སྦྱར་པར་རིས་སྤུས་ལྡན་གྲངས་ ༥༠༠འགྲེམ་སྤེལ་དང་། འགྱིག་གི་གད་སྙིགས་སྒམ་སྤུས་ལྡན་གྲངས་ ༢༥ མང་ཚོགས་ལ་ཕུལ་ཡོད། ད་དུང་རྒྱལ་བའི་བཀའ་འགྱུར་དག་ཚར་ ༡། སྒྲོལ་མ་འབུམ་ཐེར་ ༢། སྒྲོལ་མའི་གཟུངས་སྔགས་གྲངས་ས་ཡ་ ༦ ལྷག་ཙམ། རླུང་རྟ་ཉིས་འབུམ་གཅིག་ཁྲི། ཚེ་མདོ་དག་ཚར་འབུམ་ཐེར་ ༡། ཚེ་གཟུངས་གྲངས་ས་ཡ་ ༤ ལྷག་ཙམ། སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་གྲངས་དུང་ཕྱུར་ ༥ ལྷག གུ་རུའི་གཟུངས་སྔགས་བཛྲ་གུ་རུ་གྲངས་ས་ཡ་ ༡ ལྷག་བཅས་ཀྱི་༸རྒྱལ་བའི་ཞབས་རིམ་ཆེན་མོ་བསྒྲུབས་ཐུབ་པ་བྱུང་ཡོད། ཅེས་བཀོད་འདུག

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. གངས་སེང་། says:
    ལོ་ 11 སྔོན།

    ཐག་གཅོད་ཡག་པོ་གནང་འདུག

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གསལ་བསྒྲགས་ཆ་ཚང་མཇལ་བས་དགའ་བྱུང་ལ། གསལ་བསྒྲགས་ནང་འཁོད་ལྟར་ཞོར་དུ་དྲན་སྐུལ་འགའ་ཞུ་འདོད་པ་ནི།

    གཅིག ཆོལ་ཁ་སོ་སོའི་ཁོངས་ནས་དོལ་རྒྱལ་རྗེས་འབྲངས་པའི་ངོ་ལོག་གི་ལས་འགུལ་སྤེལ་མཁན་མ་ཤེས་པ་དང། ཤེས་བཞིན་ཁྱད་དུ་གསོད་པ། རྒྱ་གཞུང་གི་བེད་སྤྱོད་འོག་ཕྱིན་པ་བཅས་ཅི་རིགས་ཐོན་པ་རྣམས་ལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་ཞིབ་འཇུག་ནན་ཏུར་གྱིས། བོད་བསྟན་སྲིད་མི་རིགས་བཅས་པར་ཕན་པའི་རླབས་ཆེན་ཆིག་སྒྲིལ་ལ་གཞོགས་འདེགས་མིག་སྨན་མིག་ཐོག་ཡོང་ཕྱིར་དེ་དག་ལ་ཁ་ཏ་བསླབ་བྱས་མཚོན་ལམ་ནོར་ལྡོག་ཤེས་ལ་དགོངས་བཞེས་འཕྱི་མ་དྲག་པ་ཞིག་གནང་གལ་ཞུ་རྒྱུ།

    གཉིས། བོད་ཕྱི་ནང་གཉིས་དང། ལྷག་པར་གཞིས་བྱེས་བོད་མིའི་མཁས་ཆེན་ཆབ་སྲིད་པ། དགེ་རྒན། ཤེས་ཡོན་ཅན། བླ་སྤྲུལ་གནད་ཡོད་མི་སྣ། དཔེར་ན་ཕུན་དབང་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སོགས་མདོ་སྟོད་ཀྱི་གནད་ཡོད་མི་སྣ་མང་པོས་མ་གྲོས་གཅིག་མཐུན་གྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱུ་མཚན་ངེས་པ་རྙེད་དེ་རྒྱབ་སྐྱོར་ཡིད་ཆེས་རྩེ་གཅིག་གནང་བ་ལྟར། མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཀྱང་རྒྱུ་མཚན་ཡང་དག་པ་དང་ཐབས་ཚུལ་ཡང་དག་པའི་དངོས་ཐོག་བདེན་འཚོལ་གྱི་གནས་བབ་དེ་དག་ལ་དགོངས་བཞེས་ཀྱིས་ལངས་ཕྱོགས་མ་ནོར་བ་ཞིག་འཛིན་རོགས་ཞུ་རྒྱུ་ཡིན།

    གསུམ། ༧གོང་ས་ཆེན་པོས་རྒྱལ་སྲིད་བཙན་གྱིས་མི་མང་ལ་གནང་དགོས་དོན་ནི། མ་འོངས་པའི་དབུས་བོད་མིའི་སྒྲིག་འཛུགས་གི་གཞུང་སྲིད་རྒྱུད་དང་བཅས་པའི་བྱེད་སྒོ་ཆེ་ཕྲ་ཆུང་གསུམ་ཁྲིམས་ཀྱི་དབང་བསྒྱུར་དང། ཡང་དག་པའི་མང་གཙོའི་ལམ་ཆེན་ནང་བསྐྱོད་ཆེད་ཡིན་པ་ཉི་ཤར་སྤར་མོས་མི་ཁེབས་པ་ལྟར། བཙན་བྱོལ་ནང་ཆོལ་ཁ་སོ་སོའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཁག་གིས་སྤྱི་བའི་སྒྲིག་འཛུགས་ལ་འགན་འཁུར་ལྷོད་མེད་ཞུ་བཞིན་པ་ལྟར། སྲིད་སྤྱིའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་ཆོལ་ཁོངས་སོ་སོའི་སེར་སྐྱ་དྲག་ཞན་སུས་ཀྱང་སྤྱི་བའི་རྩ་དོན་ལས་ཆོལ་ཁའི་ཁེ་ཕན་གཙོ་བོ་འཛིན་པའི་རྣམ་འགྱུར་ཙམ་ཡང་མི་ཐོན་ཆེད། ཞལ་ཞེ་མཚུངས་པའི་བདའ་འདེད་དམ་དོན་གནང་དགོས་རོགས་ཞུ་རྒྱུའི་དྲན་སྐུལ་བཅས།

    མི་ཆུང་ཆུང་གི་གཏམ་ཆེན་པོ་ཞེས་དམོད་ངེས་ལ། བབ་མེད་སར་སྐེད་སྲིང་སྟེ་ཞེས་འཕྱ་བའང་གསལ་བོ་ཧ་གོ་བའི་ཐོག་ཕན་དུ་རེ་བའི་ཀུན་སློང་གཡོ་བ་མེད་པས་རྒྱབ་མནན་ཏེ་བྲིས།

    Reply
  3. རི་རྒྱལ་ལྷུན་པོ། says:
    ལོ་ 11 སྔོན།

    རྒྱབ་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese