མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་སྟེ་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

 

མདང་ནུབ་དྷ་རམ་ས་ལའི་བྷག་སུ་ལམ་ཁར་རྒྱ་གར་ཕོ་གསར་ཁག་ཅིག་གིས་བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་གྲོངས་ཡོད་འདུག

 

IMG_2918མདང་ནུབ་ཆུ་ཚོད་ ༡༡ ཡོལ་ཙམ་ལ། དྷ་ས་མེག་གྷན་ཁྲོམ་གཞུང་དུ་བོད་པའི་ཕོ་གསར་ཞིག་དང་བུ་མོ་ཞིག་གིས་དགོང་ཟས་ཟོས་རྗེས། ཕོ་གསར་དེས་བུ་མོ་དེ་ནང་དུ་སྐྱེལ་བའི་ལམ་ཁར། མགྲོན་ཁང་ལྗང་ཁུའི་ (Green Hotel) ཉེ་འཁྲིས་སུ་བསླེབས་སྐབས། རྒྱ་གར་ཕོ་གསར་གསུམ་གྱིས་ཁོང་གཉིས་ལ་བསྙད་བཀོལ་ཏེ་འཁྲུག་འཛིང་ཤོར་ཡོད་འདུག བོད་པའི་ཕོ་གསར་དེར་རྒྱ་གར་བ་དེ་ཚོས་གྲིས་བརྒྱབ་ནས་རྒྱུ་མ་ཕྱི་ལ་ཐོན་ཏེ་ཁྲག་མང་པོ་ཐོན་ཡོད་པ་དང་། མཐར་དྷ་ཤོད་རྫུ་ནར་སྨན་ཁང་ལ་སྐྱེལ་བཞིན་པའི་ལམ་བར་ནས་གྲོངས་ཡོད་འདུག

 

IMG_29021གསར་འགོད་པས་དྷ་རམ་ས་ལའི་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པརཁོང་གིས། མདང་དགོང་བོད་པའི་བུ་མོ་ཞིག་ལས་ཀ་ཚར་རྗེས། མོ་རང་གི་ངོ་ཤེས་གྲོགས་པོ་ཨ་མདོ་མཚོ་སྔོན་ནས་ཡིན་པ་ཞིག་གི་ནང་ལ་དགོང་དྲོའི་ཁ་ལག་ཟ་བར་ཕྱིན་ཏེ་ཕྱིར་ནང་ལ་སྐྱེལ་ནས་ཡོང་སྐབས། མེག་གྷན་བདེ་དོན་ལས་ཁུངས་ཀྱི་འཁྲིས་ལ་རྒྱ་གར་བ་མི་གསུམ་སྦག་སྦག་ཐོག་བསྡད་ཡོད་འདུག རྒྱ་གར་བ་དེ་ཚོས་ཁོ་གཉིས་ལ་བསྙད་བཀོལ་སྐབས། བུ་མོ་དེས་བུ་དེར་འགྲོ་འགྲོ་ལབ་ཡོད་འདུག དེ་ནས་ཁོ་གཉིས་མགྲོན་ཁང་ལྗང་ཁུའི་ (Green Hotel) འཁྲིས་ལ་འབྱོར་སྐབས། རྒྱ་གར་བ་དེ་དག་སྦག་སྦག་ཞོན་ནས་ཨ་མདོ་གྲོང་གསེབ་ལ་འགྲོ་བའི་ལམ་ཁར་བསླེབས་ཏེ། བོད་པའི་ཕ་གསར་དེའི་འཇིང་པ་ནས་འཇུས་ནས་ཉེས་རྡུང་བཏང་ཡོད་སྟབས། བོད་པའི་བུ་མོ་དེས་འགོག་ཐབས་བྱས་ཀྱང་རྒྱ་གར་བ་དེ་ཚོས་མོ་ལ་ཕུད་རྒྱག་བཏང་ནས་བུ་མོ་ས་ལ་འགྱེལ་ཡོད་ས་རེད།

 

དེ་ནས་རྒྱ་གར་བ་གཉིས་ཀྱིས་བུ་དེར་གྲིས་བརྒྱབ་སྟེ་རྒྱུའང་ཕྱི་ལ་ཐོན་ཡོད་ས་རེད། བུ་མོ་དེས་གཡས་གཡོན་ལ་སྐད་བརྒྱབ་ཀྱང་རོགས་པ་བྱེད་མཁན་སུ་ཡང་འབོར་མི་འདུག བོད་པ་གཅིག་གིས་ཡ་མེད་བཏང་སོང་ཟེར་གྱི་འདུག དེའི་རྗེས་མོས་ཉེན་རྟོག་པར་ཁ་པར་གཏོང་ཁུལ་བྱས་སྟབས། རྒྱ་གར་བ་གསུམ་དེ་ཞེད་ནས་སྦག་སྦག་ཞོན་ནས་བྷག་སུ་ཕྱོགས་སུ་བྲོས་ཡོད་འདུག དེའི་རྗེས་ལ་མཱ་རེ་ཁཱོ་དང་དབྱིན་ཇིའི་སྐྱེས་དམན་ཞིག་གིས་མཐོང་སྟེ། དྷ་ཤོད་ཛུ་ནར་སྨན་ཁང་ལ་སྐྱེལ་བར་འགྲོ་སྐབས་ལམ་བར་ནས་བུ་དེ་གྲོངས་འདུག ནམ་རྒྱུན་ནས་བུ་དེ་འཁྲུག་པ་རྒྱག་མཁན་དེ་འདྲ་མིན་པར་་ཆུང་དང་སྤྱོད་པ་ཡག་པོ་ཡོད་མཁན་ཞིག་ཡིན་པ་ཁ་གསལ་པོ་རེད། བུ་མོ་དེས་ཀྱང་འགྲེལ་བཤད་རྒྱག་གི་འདུག ཅེས་བརྗོད་བྱུང་།

 

IMG_2912གསར་འགོད་པས་ད་ལྟ་རྒྱ་གར་བ་མི་གསུམ་དེ་ངོ་རྟགས་ཆོད་ཡོད་མེད་དང་འཇུ་བཟུང་ཐུབ་ཡོད་མེད་དྲིས་པར་ཁོང་གིས། ད་ལྟ་ང་ཚོས་བརྟག་དཔྱག་བྱེད་བཞིན་ཡོད། ང་ཚོས་དེ་ཚོའི་རིགས་རྩ་བ་ཉིད་ནས་འཇོག་ཐབས་མེད་པ་མ་ཟད། ད་ལྟ་ཕྱོགས་གཅིག་ནས་ཉེན་རྟོག་པས་ཁ་གསལ་བརྩད་གཅོད་བྱེད་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ང་ཚོས་གཡས་གཡོན་གྱི་བོད་པ་ཚོར་འདྲི་བརྩད་བྱེད་ཀྱི་ཡོད། བོད་པ་གཅིག་གཉིས་ཤིག་གིས་མི་དངོས་སུ་མཐོང་མེད་ཀྱང་། མིའི་གཟུགས་དབྱིབས་མཐོང་ཡོད་པའི་སྐད་ཆ་ཤོད་ཀྱི་འདུག་ཀྱང་། ཁོ་ཚོས་ཉེན་རྟོག་པར་ལབ་རྒྱུར་ཞེད་ཀྱི་ཡོད་ས་རེད། ང་ཚོས་ཉེན་རྟོག་པས་མི་དེ་དག་འཇུ་བཟུང་བྱས་རྗེས། མི་སུ་ཡིན་མིན་ངོ་རྟགས་ཆོད་རྒྱུ་ནང་མོལ་བྱས་པ་ཡིན། ཞེས་བརྗོད་བྱུང་།

 

IMG_29261ཤོད་ཀ་ཅཱལ་རི་ཉེན་རྟོག་ལས་ཁུངས་ཀྱི་སྤྱི་ཁྱབ་ཉེན་ རྟོག་པ་གཞོན་པ་པཱན་ཁཱ་ཇེ་ཤཱར་མ་ (Pankaj Sharma) ལགས་སུ་སྐད་ཆ་དྲིས་པར་ཁོང་གིས། ད་ལྟ་ང་ཚོས་གནས་ཚུལ་ལྷག་ཡུལ་དངོས་ལ་བརྟག་དཔྱད་བྱེད་བཞིན་ཡོད་སྟབས། གནས་ཚུལ་ཚང་མ་ཤེས་རྟོགས་མ་བྱུང་བར་བརྒྱུད་ལམ་ཁག་ལ་སྐད་ཆ་བཤད་ཐུབ་ཀྱི་མི་འདུག གནས་ཚུལ་རྟོག་ཞིབ་བྱ་རྒྱུར་ཡང་དོ་ཕོག་འགྲོ་རྒྱུ་ཡིན་སྟབས། བརྟག་དཔྱད་བྱས་རྗེས་ཕྱིར་བསྒྲགས་བྱ་རྒྱུ་ཡིན། ད་ལྟ་བོད་པའི་བུ་མོ་དེ་ནི་གནས་ཚུལ་དངོས་མཐོང་མཁན་གྱི་དཔང་རྟགས་གཅིག་པུ་དེ་ ཡིན་སྟབས། ད་ལྟ་གནས་ཚུལ་གསལ་པོ་མ་ཆགས་པར་མོ་རང་ལ་སྐད་ཆ་དྲིས་ན་འགྲིག་གི་མ་རེད། ཅེས་བརྗོད་བྱུང་།

 

མཇུག་ཏུ་གསར་འགོད་པས་ཕོ་གསར་དེའི་ཕ་ཡུལ་གཅིག་པའི་གྲྭ་ཚུལ་ཁྲིམས་སེང་གེ་ལགས་སུ་ཕོ་གསར་དེའི་སྐོར་དྲིས་པར་ཁོང་གིས། ངེད་གཉིས་ཆུང་དུས་ནས་རྩེད་རོགས་དགོད་རོགས་ཡིན་ལ། ཕ་ཡུལ་དུ་ཡོད་སྐབས་ཁོ་རང་གྲྭ་བ་ཡིན་པ་དང་། ངེད་གཉིས་དགོན་པའང་གཅིག་པ་རེད། ང་སྔོན་ལ་རྒྱ་གར་དུ་བསླེབས་པ་དང་ཁོ་ ༢༠༠༣ ལོར་རྒྱ་གར་དུ་བསླེབས་ཏེའབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་པ་རེད། རྗེས་སུ་ཊི་བྷི་ན་སྟེ་དགོན་པ་ནས་སྡོད་མ་ཐུབ་པར་ ༢༠༠༩ ཙམ་ལ་དྷ་རམ་ས་ལར་བསླེབས་ཏེ། གྷོ་པལ་པུར་ཉེ་འཁྲིས་ཀྱི་སྒེར་བཙུགས་སློབ་གྲྭ་དང་། ནོར་གླིང་ཀུན་ཕན་རིག་གནས་སློབ་གྲྭ་སོགས་སུ་སློབ་སྦྱོང་བྱས་པ་རེད། ལྡི་ལིར་(British Council)ཞེས་པར་ཡང་ཟླ་ཤས་རིང་སློབ་སྦྱོང་བྱས་ཏེ། ཁོ་དྷ་སར་ཡོང་ནས་བདུན་ཕྲག་གཉིས་གསུམ་ཞིག་མ་གཏོགས་འགོར་མེད། དགུ་བཅུ་གསུམ་གྱི་འོག་ཏུ་བོད་པའི་ཁང་པ་ཞིག་གླ་ནས་བསྡད་ཡོད་པ་རེད། མ་གཞི་ནས་ཁོ་སློབ་སྦྱོང་དཔེ་ཡག་པོ་རེད། ལྷག་པར་དུ་ཀུན་སྤྱོད་དཔེ་ཡག་པོ་ཡོད་པ་རེད། ཨ་རག་བཏུང་ནས་རྒྱག་རེས་རྒྱག་པ་སོགས་རྩ་བ་ཉིད་ནས་བྱེད་ཀི་མ་རེད། དེ་སྔོན་དྲིན་ཆེན་ཆོས་སྡེ་ནས་ཁོ་རང་རྒན་བདག་བྱས་ཏེ་བསྡད་པ་དང་། ཕྱིས་སུ་ཀུན་ཕན་རིག་གནས་སློབ་གྲྭ་ནས་ཀྱང་སློབ་མ་ཚོས་འོས་འདེམས་བྱས་པ་ བརྒྱུད་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་ཏུ་བདམས་པ་རེད། ཅེས་དང་།

 

12ཡང་ཁོང་གིས་མདང་དགོང་བྱུང་བའི་དོན་རྐྱེན་གྱི་བྱུང་རིམ་སྐོར་ལ་ བརྗོད་དོན། བུ་མོ་དེས་བཤད་པ་ལྟར་ན། མདང་ནུབ་ཁོང་གཉིས་ཕྱི་ལོགས་སུ་ཟ་མ་ཟ་རུ་ཕྱིན་པ་དང་། དེ་ནས་ལྷ་ས་ཟ་ཁང་དུ་ཇ་བཏུང་སྟེ་ཆུ་ཚོད་ ༡༡ ཙམ་ཟིན་རྗེས། ཁོང་གཉིས་མཉམ་དུ་དྷ་ས་བདེ་དོན་ལས་ཁུངས་ཀྱི་སྒོ་འགྲམ་དུ་བསླེབས་སྐབས། རྒྱ་གར་ཁ་ཤས་ཤིག་གིས་བཀྲ་ཤིས་བདེ་ལེགས་སོགས་ཟེར་ནས་སྔོན་བཀག་པ་དང་། ཁོང་གཉིས་ཀྱིས་ར་བཟི་དེ་འདྲ་ཡིན་རྒྱུ་རེད་བསམ་ནས་ཅི་ཡང་མ་ལབ་པར་ཚུར་ཡོང་སྟེ། ཨ་མདོའི་གྲོང་གསེབ་ཏུ་འགྲོ་ལམ་དེར་བསླེབས་སྐབས། རྒྱབ་ལོགས་ནས་མི་གསུམ་གྱིས་སྦག་སྦག་ཞོན་ནས་བསླེབས་ནས་ཁོང་གཉིས་མདུན་བཀག་ཏེ་རྒྱ་གར་གྱི་བུ་གཉིས་ཀྱིས་ཁོའི་སྐེ་ནས་འཇུས་པར་བརྟེན་ཁོང་ཚོ་རྒྱག་རེས་ཤོར་སོང་ཟེར། དེ་ནས་བུ་མོ་དེས་སྐད་བརྒྱབ་སྟེ་དེ་འདྲ་མ་བྱེད་ཟེར་ནས་བར་བྱས་ཀྱང་ཉན་རོགས་ མི་བྱེད་པ་དང་། བོད་པ་ཕོ་གསར་དེས་རྡོ་ཞིག་བླངས་ཏེ་བརྒྱབ་ཀྱང་གང་ཡང་བྱེད་མ་ཐུབ་པར་རྒྱ་གར་ ཕོ་གསར་ཞིག་གིས་ཁོ་བོར་གྲིས་བརྒྱབ་སོང་ཟེར་གྱི་འདུག ཅེས་བརྗོད་བྱུང་།

 

གྲོངས་ཟིན་པའི་བོད་པའི་ཕོ་གསར་དེའི་ཕ་ཡུལ་ཨ་མདོ་མཚོ་སྔོན་དར་མཚོ་རྫོང་ཆུ་ བཟང་སྡེ་བ་ནས་ཡིན་པ་དང་། མིང་ལ་ཚུལ་ཁྲིམས་མཆོག་ལྡན་དང་ད་ལྟ་རང་ལོ་ ༢༩ ཡས་མས་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 22

  1. ཐུབ་བསྟན says:
    ལོ་ 10 སྔོན།

    ཡང་རྡོ་རྗེ་ཟེར་བ་འདིས་རྫུན་གཏམ་དང་དཀྲུག་ཤིང་བྱེད་ཀྱི་འདུག། བོད་རྒྱ་གཉིས་ལ་གྲགས་ཆེ་བའི་ཚགས་པར་སོགས་སུ་བོད་རིགས་གཞན་ཕན་ཅན་འདི་རྒྱ་གར་བ་གསུམ་གྱིས་བསད་ཡོད་ཚུལ་གསལ་བོ་བྲིས་ཡོད་ཀྱང་ད་དུང་ཁྱོད་ཀྱིས་མ་མཐོང་བར་བལྟས་ན་ཁྱོད་ཕལ་ཆེར་དྲན་ཤེས་ཉམས་ཡོད་རྒྱུ་མ་རེད། འདས་བོ་སྨས་པའི་སྐབས་སུ་རོགས་པ་མི་བྱེད་མཁན་ཡང་ཁྱོད་ལྟ་བའི་མགོ་མཇུག་ལྡོག་ནས་ལྟ་མཁན་དག་ཡིན་པ་ལས་བོད་རིགས་བྱིངས་མིན། གཅིག་བྱས་ན་ཁྱོད་ཀྱིས་ཀྱིས་སྨས་མ་མཐོང་ཡང་རོགས་པ་བྱས་མེད་ཀྱང་སྲིད། རྒྱུ་མཚན་ཁྱོད་ཀྱིས་འདས་པོ་ཤི་རྐྱེན་ལ་ད་རུང་ལྟ་རྒྱུ་རེད་ཟེར་བ་དང་རྒྱ་གར་བས་དོན་དག་མེད་ན་མི་བསོད་གི་མ་རེད་ཟེར་བ་སོགས་ཀྱིས་གསལ་བོ་ཤེས་ཐུབ།
    སྐནས་འཚོལ་བ་ཟེར་བ་དེ་ཡང་ཁྱེད་དང་ཁྱེད་འདྲ་བ་ལས་གཞན་སུ་ཡང་མེད་།་རྒྱུ་མཚན་དོན་རྐྱེན་འདིའི་བྱུང་རིམ་དངོས་ལ་རྒྱབ་གཏད་དེ་གཞན་ངོ་སྲུང་བས་མ་ཡིན་ནམ།

    Reply
  2. རྡོ་རྗེ says:
    ལོ་ 10 སྔོན།

    ཉེས་པ་མེད་ནས་གསད་འདུག་གམ། རྒྱུ་མཚན་གང་གིས་བསད་ཡོད་མིན་བལྟ་རྒྱུ་རེད། ང་ཚོས་ཞི་བོ་ཞིག་འདས་པ་ལ་བརྩེ་བོ་ཡོད་མདོག རྒྱ་གར་ཡུལ་མིས་དོན་མེད་དུ་གསད་སོང་མདོག་སོགས་སྒྲོགས་རྒྱུ་འདི་དག གནས་ཚུལ་གསལ་པོ་གང་ཡང་མ་ཤེས་པའི་སྒོ་ནས་དཀྲོག་གཏམ་རེད་མི་འདུག་གམ། གལ་སྲིད་བོད་རིགས་རྣམས་ལ་ཞི་བོ་ཞིག་རྒྱབ་ཏུ་ཡོད་མདོག་བསྟན་པས་ཅི་ཕན། འདས་པོ་གྲིས་སྨས་ཟིན་རྗེས་སྨན་ཁང་ལ་ཁྱེར་མཁན་སུ་གང་མ་རེག་ནས་ཕྱི་རྒྱལ་བ་ཞིག་གིས་རོགས་བྱས་ནས་ཁྱེར་འདུག་ག གྲིས་རྒྱབ་ནས་གསད་པ་དང་། སུས་ཀྱང་རོགས་མ་བྱས་ནས་ཤི་བཅུག་མཁན་གཉིས་ངོས་ནས་བཤད་ན། རང་རིགས་མཉམ་དུ་ཡོད་མཁན་དེ་དག་གིས་རོགས་མ་བྱས་པ་དེས་བློ་ཕམ་ཆེ་བ་བྱུང་། མ་ཤི་གོང་རོགས་བྱས་ན་བོད་མི་ལ་རོགས་བྱས་པ་རེད། ཤི་ཚར་དུས་རྙོག་དྲ་སློང་བ་དང་། གསད་པོའི་ནང་མིའི་ཁང་པ་ལ་སུ་ཡང་སྡོད་ཉན་མ་རེད་ཟེར་བའི་དཀྲོག་གཏམ་འདི་དག མདུན་རྒྱབ་རིང་པོ་མི་མཐོང་བའི་བློ་ཁབ་མིག་ལས་དོག སྤྲོ་མེ་སྟག་ལས་ཚ་བ་དག་གིས་བྱ་སྤྱོད་རེད། དེས་ན་འདས་པོ་ཤི་རྗེས་ལ་སྔོ་སྨོན་འདྲ་བྱེད་རྒྱུ་ཡོད་ན་རབ། གཞན་ཡུལ་མིའི་བར་ལ་འཁོན་རྐྱེན་མི་བཟོ་བའི་ཞུ་སྐུལ་བྱ་འདོད་ཡོད་དོ། མ་ཟད། གོང་དུ་ཞུས་པ་ལྟར། སྐབས་འཚོལ་བ་དག་གིས་གོ་སྐབས་འདི་འདྲ་ཟིན་ནས་ཆུང་ཆུང་ཆེན་པོར་བཟོ། རྙོག་དྲྭ་སློང་བའི་ཅལ་རྗེས་སུ་བོད་མི་བསམ་ཡོད་སུ་ཡང་མི་འགྲོ་བའི་རེ་བ་ཡོད། འདས་པོ་ནི་ཤི་ཚར་རེད། ནམ་ཡང་ཚུར་ལོག་མི་སྲིད། གསོན་པོ་ནི་རང་ཡུལ་ལ་ལོག་མ་ཐུབ་ཀྱི་བར་དུ་འདིར་སྡོད་དགོས་རེད། གོ་སོང་བས་ཐུབ་བསྟན་ལགས

    Reply
  3. ཐུབ་བསྟན says:
    ལོ་ 10 སྔོན།

    རྡོ་རྗེ་ཟེར་བ་ཞིག་གིས་མི་ཤེས་ཤེས་མདོག་དང་མི་འཇོན་འཇོན་མདོག་ད་དུང་བརྟག་དཔྱད་ཅི་ཡང་མེད་པར་འདས་པའི་ལོ་རྒྱུས་དང་། རྒྱ་གར་མི་རིགས་ཀྱི་ཕྱོགས་ནས་རྫུན་གཏམ་མང་དག་ཅིག་བཤད་པའི་ལན་དུ། མི་ལོ་བཅུ་ཕྲག་ཁ་ཤས་ཀྱི་གོང་ལ་བོད་པས་རྒྱ་གར་བ་མ་བསད་ན་ཡང་བསད་སོང་ཟེར་ནས་རྡ་སའི་གཡས་གཡོན་གྱི་རྒྱ་གར་བ་ཕལ་ཆེར་ཡར་ལང་བྱས་ནས་བོད་ཀྱི་བཟླས་གར་ཁང་མེར་བསྲེགས། ང་ཚོའི་གཞུང་གི་ལས་ཁུང་ཡོངས་རྫོགས་ལ་གཏོར་བཅོམ་བཏང་། ད་ཏུང་གཞུགས་སྒེར་ལ་ཡང་གཏོར་རྒོལ་གྱི་ལས་འགུལ་སྤེལ་བ་འདི་རྒྱ་གར་བས་བོད་པ་རྒྱུག་པ་ལེབ་གདུང་བྱས་པ་མ་ཡིན་ནམ་། ཁྱོད་ཀྱི་འདོད་པ་ལྟར་ན་འདི་ལས་ཀྱང་ཙད་ལས་རྒལ་བའི་སྡུག་སྦྱོང་ཞིག་བོད་པ་ལ་གཏོང་དགོས་པར་སྙམ། དཔེ་མི་སྲིད ། ཁྱེད་རང་བོད་པ་ཞིག་རྩ་བ་ནས་ཡིན་རྒྱུ་མ་རེད། གལ་སྲིད་ཡིན་ན་རྒྱ་གར་བས་ཉེ་བ་གང་ཡང་མེད་པའི་ཉམས་ཆུང་བོད་པའི་ཕོ་གསར་འདི་བསད་པའི་རྗེས་དེ་མ་ཐག་རྒྱུ་མཚན་མེད་ན་རྒྱ་གར་བས་མི་བསོད་གི་མ་རེད་ཟེར་ན་ག་རེ་རེད ། ཁྱེད་ལ་འདྲི་རྒྱུ་ཞིག་ལ་ཕོ་གསར་འདིས་ནོར་འཕྲུལ་ཅི་ཞིག་བསགས་ནས་བསད་པ་རེད་དམ། ཁྱེད་རང་དབང་པོ་སྐྱོན་ཅན་ཞིག་ཡིན་རྒྱུ་མ་རེད།

    Reply
  4. མཻན་བུ། says:
    ལོ་ 10 སྔོན།

    འདིར་གནད་འགག་ཆེ་ཤོས་ནི་བུ་མོས་ཁྲིམ་ཁང་ལ་སྐད་ཆ་གང་བཤད་ཡོང་མིན་ལ་རག་ལས་པ་ཞིག་རེད། དཔང་རྟགས་མོ་ལས་མེད་སྟབས་གཞན་གྱིས་མགོ་སྐོར་དང་བསླུ་ཁྲིད་ནང་མ་ཚུད་པར་དྲང་པོ་དྲང་གཞག་ཁྲིམ་སར་བཤད་ཐུབ་དགོས་པ་ཤིན་ཏུ་གལ་ཆེ་བར་མངོན།

    Reply
  5. བརྩོན་རྒྱམ། says:
    ལོ་ 10 སྔོན།

    འདས་དོན་གྱི་བྱ་བཞག་མང་པོ་ཞིག་ཕྱིར་ལེན་རྒྱུ་མེད་ན་དེ་བླངས་ནས་ནུས་པ་ཡང་གང་ཙམ་ཐོན་ཁག་པོ་རེད་ད་ལྟའི་སྤྱི་ཚོགས་འདི་འདྲ་ཞིག་ཡིན་དུས་ངེས་པར་བོད་མི་ཚོས་སེམས་ལ་འཛིན་དགོས་པ་ཞིག་ཡོད་ནོ་༸གོང་ས་མཆོག་རེད་ད་བར་འུ་ཚོས་ལ་ངེས་བཅོས་གཏོང་བ་དང་མྱི་བསད་པ་སོགས་དོན་རྐྱང་གང་འདྲ་ཞིག་བྱུང་བ་ཡིན་ན་ཡང་དྲང་བདེན་ཐོག་ལས་ཀ་བྱེད་སྲིད་པ་རེད་རྒྱུ་མཚན་གང་ཟེར་ན་༸གོང་ས་མཆོག་གི་ཞལ་ལ་ཁོང་ཚོས་ལྟ་རྒྱུ་རེད།  མ་འོངས་པར་༸གོང་ས་མཆོག་སྐུ་མ་བཞུགས་པའི་ཉི་མ་ཞིག་ཤར་སྐབས་དེ་དུས་བོད་མི་ཟེར་བ་འདི་ལ་མི་ཡུལ་གྱི་དམྱར་བ་ཞིག་ཡོད་ན་མངོན་གསུམ་མཐོང་སྲིད་པ་ཞིག་རེད།  དེ་འདྲ་ཡིན་དུས་བོད་མི་ཚང་མའི་༸གོང་ས་མཆོག་གི་བཀའ་གསུང་རྩིས་ནས་རང་ཡུལ་ལ་ལོིག་ཐུབ་ཐད་ལམ་དབུ་མའི་ཐོག་འབད་བརྩོན་གནང་དགོས་པ་གལ་ཆེན་རེད།  མ་ཟད་ད་དུང་གནས་ཚུལ་འདི་འདྲའི་བར་ལ་རྒྱ་ནག་དམར་གཞུང་གིས་ལག་སྲིངས་སྲིད་པ་ཞིག་ཡིན་དུས་ཕོ་གསར་མོ་གསར་ཚོས་ངེས་པར་བསམ་བློ་གཏོང་དགོས་པ་དང་རང་ཉིད་བདག་པོ་རྒྱབ་དགོས་པ་ཧ་ཀྱང་གལ་ཆེན་རེད་དྲན་ནས་སྐུ་གཤེགས་རྣམས་ལ་བསྔོ་སྨོན་དང་བཅས།

    Reply
  6. རྡོ་རྗེ says:
    ལོ་ 10 སྔོན།

    ངའི་ཁ་ལ་བཟུང་རྒྱུ་ཡོད་མ་རེད། ཡིན་ནའང་བསམ་ཚུལ་ཞིག་མ་བཤད་ན་ཡོང་གི་མི་འདུག སྤྱིར་རྒྱ་གར་གྱི་ཡུལ་གྲུ་ཆེན་པོ་འདི། ང་ཚོ་བོད་མི་ལ་འཐོར་ལུང་འཐོར་བྱས་ནས་སྡད་ཡོད་ནའང་། བོད་མི་གསོད་པའི་དོན་རྐྱེན་འདི་དག་ཧ་ཀྱང་གི་ཉུང་ངུ་ཡིན་པ་དེ་ང་ཚོའི་ངོས་ནས་བསམ་ཤེས་དགོས་པ་དེ་གལ་ཆེན་པོ་མཐོང་གི་འདུག་ལ་རྒྱ་གར་ཡུལ་མི་ལ་མཐོང་ཆེན་དང་བརྩི་འཇོག་དགོས་པ་དེ་ཡང་ལམ་དང་ལུགས་སྲོལ་དང་མཐུན་པ་ཞིག་རེད། ང་ཚོ་བོད་མིས་གྲིས་རྒྱབ་ནས་རྒྱ་གར་བ་གསད་པའི་གནས་ཚུལ་ཐབས་སྐྱོ་བོ་ཁ་ཤས་འདས་པའི་ལོ་རྒྱུས་ནང་ལ་ལྷག་ཡོད་རེད། ཡིན་ནའང་རྒྱ་གར་གྱི་མིས་བོད་མི་སྤྱི་ཡོངས་ལ་རྒྱུག་པ་ལེབ་བརྡུང་བྱེད་ནས་གཤེ་གཤེ་བྱེད་པ་གོ་ཐོས་མེད། དེ་དག་ནི་རྒྱ་གར་བ་ཡོངས་ལ་ཤེས་ཡོན་གྱི་གོ་རྟོགས་ཚད་མཐོན་པོར་སྡད་ཡོད་པའི་རྒྱུ་མཚན་གྱིས་རེད་བསམ་གྱི་འདུག ད་ལྟའི་གནས་ཚུལ་དེ་ལ། རང་རེའི་མི་ལ་ཉམས་ཆུང་ཚུལ་ལྡན་ཡོད་རབས་སོགས་བཤད་ཀྱི་འདུག་རུང་། རྡོ་དང་པོ་རྒྱག་མཁན་འདས་པོ་རང་ཡིན་པ་དཔང་པོས་བཤད་འདུག མ་ཟད། དོན་མེད་ལ་རྒྱ་གར་བས་མི་གསོད་པའི་ལོ་རྒྱུས་གོ་མ་མྱོང་ལ། རྡོ་དང་དབྱུག་པས་འཛིང་མོ་བྱེད་པའང་མཐོང་དཀོན་པོ་རེད། དེས་ན་རང་རེ་ལ་ལན་པ་མེད་མདོག་སོགས། རྒྱ་གར་བ་སྤྱི་ཡོངས་ལ་རྒོལ་བརྡུང་གི་ཚིག་སྨྲ་མཁན་གྱི་སྤྱི་ཚོགས་དཀྲུགས་ཤིང་སྐབས་འཚོལ་བ་ཡོད་མི་སྲིད་པ་མིན་པས། གནས་ཚུལ་འདི་དག་ལ་ཕུག་རྒྱང་རིང་པོར་བསམ་གཞིག་གནང་ནས་དུས་བབས་ཀྱི་སྟངས་འཛིན་དགོས་པའང་གལ་གནད་དུ་མཐོང་།

    Reply
  7. འཁྱམ་ཕྲུག says:
    ལོ་ 10 སྔོན།

    རྒྱ་གར་མི་དེ་དག་བཟུང་ནས་ཁྲིམས་ཁང་དུ་ཡོད་སྐད་འདུག འོན་ཀྱང་བོད་པའི་གསར་འགོད་པ་ཚོས་
    གནས་ཚུལ་འདི་མ་བཏང་བ་དང་བོད་མིའི་བསྒྲིགས་
    འཛུགས་ཀྱི་འགན་འཛིན་དང་ཁྲིམས་འཛིན་པ་ཚོས་ དམར་གསོའི་དོན་རྐྱེན་འདི་དྲང་བདེན་གཡོལ་གྱི་
    ཁྲིམས་ཐག་གཅོད་རྒྱུའི་རེ་སྐུལ་རྒྱ་གར་ཁྲིམས་འཛིན་
    པར་ཞུ་རྒྱུ་དང་ཚོགས་པ་ཁག་གིས་རེ་ཞུ་དང་བོད་མི་རེ་རེར་ཡིས་དཔྱོད་ཤེས་ཀྱིས་རྒྱ་གར་ཡུལ་མིའི་སྤྱོད་པ་
    དང་གནས་ཚུལ་དངོས་དྲ་སྟེངས་ནས་ཡུལ་ཕྱོགས་གང་སར་རེ་སྐུལ་དང་འགྲོགས་ནས་གནས་ཚུལ་ཇེ་ཆེ་དང་ འཁྱབ་སྤེལ་བྱེད་རྒྱུ་གལ

    Reply
  8. བསྟན་འཛིན་ཕུན་ཚོགས says:
    ལོ་ 10 སྔོན།

    རྒྱ་གར་སྤྱོད་ངན་སུ་འདྲ་ཞིག་ཡིན་རུང་འཛིན་བཟུང་གང་མྱུར་ཡོང་བ་ཤོག།

    Reply
  9. sakrda says:
    ལོ་ 10 སྔོན།

    ཏག་ཏག་རེད། རང་རང་སོ་སོའི་ས་ནས་བསྡད་སྟངས་མ་ཤེས་ན། རྙོག་དྲ་ལྷག་ཡོང་གི་རེད། དམིགས་བསལ་བོད་ནས་གསར་དུ་འོང་བའི་མི་དེ་ཚོ་ལ་འོར་རྡུམ་ཞེ་དྲག་འདུག དཔེར་ན། བཀའ་བློན་ཁྲི་བ་ནས་སྤྱི་འཐུས་པར་གྱི་རྙོག་དྲ་བཟོ་མཁན་ཚང་མ་བོད་ནས་གསར་དུ་འོང་བའི་བོད་མི་དེ་དག་རང་རེད་བྱ། ས་གང་ནས་བསྡད་ན་ས་དེ་གའི་གནས་སྟངས་དང་སྟབས་བསྟུན་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན། ༧གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ། བོད་མི་ཚོར་གཟབ་གཟབ་བྱོས་ཨ། མིའི་ལུང་པ་རེད། ཉམ་ཆུང་ཚུལ་མཐུན་གནང་རོགས་ཞེས་ཡང་ཡང་བཀའ་གནང་ཡོད། བོད་ནས་གསར་དུ་འོང་བའི་མི་དེ་ཚོས་བཙན་བྱོལ་ནང་ལ་དཀྲུགས་ཤིང་རྒྱག་གི་ཡོང་བ་འདྲ་བོ་མཐོང་གི་འདུག གང་ཡིན་ཟེར་ན། ག་བ་ལ་རྙོག་དྲ་ཡོད་ན། རྙོག་དྲ་བཟོ་མཁན་ཚང་མ་གསར་འབྱོར་ཡིན་ཡིན་པོ་རེད།

    Reply
  10. རྡོ་སེངྒེ། says:
    ལོ་ 10 སྔོན།

    ད་རེས་རྒྱ་གར་ཉེན་རྟོག་པས་མི་གསོད་ལག་དམར་འདི་གསུམ་འཛིན་བཟུང་བྱེད་ནས་ཁྲིམས་ལ་མ་སྦྱར་ཚེ། རྒྱ་གར་ཡུལ་མི་དང་རྒྱ་གར་གཞུང་གཉིས་ཀས་བཙན་བྱོལ་བ་ཚོར་མཐོང་ཆུང་དང་ཐུབ་ཚོད་གཏོང་གི་ཡོད་པ་གསལ་བཤད་བྱས་ཡོད།

    Reply
  11. དོན་འགྲུབ says:
    ལོ་ 10 སྔོན།

    གཟབ་གཟབ་ཞིབ་མོ་རྟོག་པ་བྱེད་ན་ཡག་པ་སྙམ་མ་ཏོག་ །
    ང་རང་ཚོས་ཡུལ་ལུང་གཞན་ལ་གནས་ཚང་གཡར་ནས་བསྡད་ཡོད་རེད་ད་།
    བུ་མོ་ལ་སོགས་པ་ཚང་མ་གསལ་པོ་བཟོས་རོགས།
    དེ་ན་དྲྭ་གྲོཊ་ཁ་ཤས་ཞིག་གི་ཁུང་ལུང་མེད་པ་དང་མི་རིགས་ལ་དུང་བ་མེད་
    པ་སྲིད་སྐྱོང་ལ་སྐྱོན་མཆོག་དམན་དང་འབྲལ་བའི་སྐད་ཆ་མ་གསུང་རོགས་གནང
    སྲིད་སྐྱོང་ཟེར་ཡ་དེ་མི་གཅིག་གི་ཆེད་དུ་གྱོད་བཤད་ཀྱི་བསྡད་མཁན་མིན་པ་ཤེས་དགོས
    ད་རིང་དེ་ཙམ་ཡིན དེ་ན་གོང་དུ་མི་གསོད་བ་ཚོས་ལ་ད་ལྟ་གནས་ལུག་སོགས་ལ་བརྟེན་ནི་་མ་འོང་པ་དང་ཚང་མ་ལ་བརྟེན་ནས་
    ཁྲིམས་ཐག་ཉིན་པོ་གཅོད་རོགས་

    Reply
  12. དབང་ལྡན། says:
    ལོ་ 10 སྔོན།

    གྲོངས་ཟིན་པའི་ཕོ་གསར་འདི་ངོ་ཤེས་ཀྱིན་ཡོད་པས་ཁོང་ཧ་ཅང་གི་ཡ་རབས་ཉམ་ཆུང་ཞིག་ཡོད། ཧ་ཅང་གི་བློ་ཕམ་དང་ཕྱི་མར་ངན་སོང་མེད་པའི་སྨོན་ལམ་འདེབས་རྒྱུ་ལས་བྱ་ཐབས་གཞན་མི་འདུག
    སྐབས་རེར་བོད་པའི་ཕོ་གསར་སྤྱོད་ངན་རེ་ཟུང་གིས་བྱེད་སྟངས་ཀྱང་སྐྱོ་བོ་ཡོད་པ་རེད། ཟླ་བ་གཉིས་ཀྱི་གོང་ཙམ་ལ་སྐྱིད་རོང་གྲོང་ནས་སྡོད་མཁན་གཞིས་ཆགས་ཕོ་གསར་སྐམ་པོ་མདོག་སྐྱ་ལེབ་ལེབ་ཅན་ཞིག་ཡོད་པ་དེས་སྦག་སྦག་རྫིག་པོ་ཞིག་བཏང་སྟེ་བུ་མོ་རྒྱག་ཙམ་རྒྱབ་ལ་བཞག་སྟེ་མེག་ལོར་སྲང་ལམ་ནས་ཡར་ཡོང་བཞིན་འདུག རྒྱ་གར་གླ་འཁོར་གཏོང་མཁན་ཞིག་གིས་འཚང་ཁའི་ནང་ནས་བོད་པའི་ཕོ་གསར་གྱི་སྦག་སྦག་ལ་ཐུག་ཙམ་བྱས་བྱུང་། གནོད་སྐྱོན་གང་ཡང་བཟོས་མི་འདུག ཕོ་གསར་སྐྱ་ལེབ་ཀྱིས་རླངས་འཁོར་དང་མི་ཚོགས་ཀྱི་འཚངས་ཁ་ལ་མི་ལྟ་བར་སྦག་སྦག་ལམ་ནང་ནས་བཀག་སྟེ་བུ་མོ་རྒྱག་པ་དེ་དང་ཁོ་གཉིས་གཅིག་ཤོར་གཉིས་ཤོར་གྱིས་རྒྱ་གར་ཁ་ལོ་ལར་ཐོངས་རྩར་འཇུས་ཏེ་རླངས་འཁོར་ནས་འདྲུད་བཞིན་འདུག བོད་པ་རེ་ཟུང་གིས་དེ་ལྟར་མ་བྱེད་ཟེར་བ་དང་ངས་ཀྱང་བཀག་ཁ་རུབ་བརྒྱབ་རྗེས་རྒྱ་གར་ཁ་ལོ་པ་དེ་བྲོས་ཙམ་བྱས་སོང་། ཕོ་གསར་སྐྱ་ལེབ་ཀྱིས་ངའི་སྦག་སྦག་འཕྲོ་བརླག་ཏུ་བཏང་ན་ཁྱེད་ཚོས་སྐྱིན་གྱིན་ཡིན་ནམ་ཟེར་ནས་ངར་བྱུང་། ཡིན་ཡང་ར་བཟི་བ་ཚོར་ཡ་ལན་བྱེད་ཁོམ་མེད་པས་མགྱོགས་ཙམ་སོང་བ་ཡིན།
    སྤྱོད་ངན་འདི་རིགས་ལ་བལྟས་ན་རྒྱ་གར་བས་བྱེད་སྟངས་ལའང་ཁག་མེད་ས་ཡོད། བོད་པས་བོད་པར་བསླབ་བྱ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

    Reply
  13. amadolma says:
    ལོ་ 10 སྔོན།

    དང་ངོ་ཤེས་བཏང་སྟེ་དེ་སྔོན་གནས་ཚུལ་མང་པོ་ལྷག་ཟིན་པ་རེད།་་་་ཕར་ངོ་ཚུར་ངོ་མ་ཤེས་མཁན་ཞིག་ལ་དོན་མེད་སྐད་ཆ་བཤད་པ་དང་སྔོན་བཀག་རྗེས་དེད་བྱེད་དགོས་དོན་མེད།་་་བུ་འདས་པོ་དེ་རྡ་སར་སླེབས་ནས་དུས་ཡུན་རིང་པོ་སོང་མེད་པར་བརྟེན་རྒྱ་གར་བ་དེ་ཚོ་དང་དགའ་ཉེ་ངོ་ཤེས་ཡིན་མི་སྲིད།་་་བུ་མོ་དེས་རྒྱ་གར་བ་དེ་ཚོ་ངོ་ཤེས་ཀྱི་མེད་པ་རང་ཨེ་ཡིན་ན།་་་དེར་དོགས་གནད་ཆེན་པོ་འདུག་་་བུ་མོ་དེས་བྱུང་རིམ་ངོ་མ་དང་གནས་ཚུལ་ངོ་མ་བཤད་རྒྱུ་ཡོད་ངེས་རེད།་་་འོན་ཀྱང་མོ་རང་ལ་དེ་ལྟར་བཤད་པར་ལྐོག་གྱུར་གྱི་གནོན་ཤུགས་དང་འགོག་རྐྱེན་ཡོད་ངེས་པས།་་་མོ་རང་གི་རྒྱུན་གཏན་གྲོགས་མོ་དང་ལས་ཀ་བྱེད་ཡུལ་གྱི་འབྲེལ་ཡོད་རྣམས་ལ་བརྩད་གཅོད་གནང་ན་དོགས་གནད་བྱ་ཡུལ་གྱི་ཁོངས་མི་ཞིག་ངེས་པར་དུ་རྙེད་ངེས་རེད།་་་་དེར་བདེ་སྲུང་དང་བདེ་དོན་ལས་ཁུངས་ཚང་མས་ས་གནས་གཞུང་གི་བསྐོར་སྲུང་བར་སྙན་སེང་ཡང་ཡང་ཞུ་དགོས་པ་ལས་སྣང་མེད་འཇོག་མི་རུང་།་་་ཅི་སྟེ་སྣང་མེད་འཇོག་ཚེ་མ་འོངས་པར་གནས་ཚུལ་དེ་རིགས་ཡོང་མི་སྲིད་པ་ག་ལ་ཡིན།།

    Reply
  14. amadolma says:
    ལོ་ 10 སྔོན།

    བོད་པའི་ཕོ་གསར་མོ་གསར་ཚོས་ངེས་པར་དུ་ཟབ་ཟབ་བྱེད་དགོས་ཀྱི་འདུག་་་་རྒྱ་གར་བའི་ཕོ་གསར་དང་གྲོགས་པོ་དང་ངོ་ཤེས་བཏང་སྟེ་དེ་སྔོན་གནས་ཚུལ་མང་པོ་ལྷག་ཟིན་པ་རེད།་་་་ཕར་ངོ་ཚུར་ངོ་མ་ཤེས་མཁན་ཞིག་ལ་དོན་མེད་སྐད་ཆ་བཤད་པ་དང་སྔོན་བཀག་རྗེས་དེད་བྱེད་དགོས་དོན་མེད།་་་བུ་འདས་པོ་དེ་རྡ་སར་སླེབས་ནས་དུས་ཡུན་རིང་པོ་སོང་མེད་པར་བརྟེན་རྒྱ་གར་བ་དེ་ཚོ་དང་དགའ་ཉེ་ངོ་ཤེས་ཡིན་མི་སྲིད།་་་བུ་མོ་དེས་རྒྱ་གར་བ་དེ་ཚོ་ངོ་ཤེས་ཀྱི་མེད་པ་རང་ཨེ་ཡིན་ན།་་་དེར་དོགས་གནད་ཆེན་པོ་འདུག་་་བུ་མོ་དེས་བྱུང་རིམ་ངོ་མ་དང་གནས་ཚུལ་ངོ་མ་བཤད་རྒྱུ་ཡོད་ངེས་རེད།་་་འོན་ཀྱང་མོ་རང་ལ་དེ་ལྟར་བཤད་པར་ལྐོག་གྱུར་གྱི་གནོན་ཤུགས་དང་འགོག་རྐྱེན་ཡོད་ངེས་པས།་་་མོ་རང་གི་རྒྱུན་གཏན་གྲོགས་མོ་དང་ལས་ཀ་བྱེད་ཡུལ་གྱི་འབྲེལ་ཡོད་རྣམས་ལ་བརྩད་གཅོད་གནང་ན་དོགས་གནད་བྱ་ཡུལ་གྱི་ཁོངས་མི་ཞིག་ངེས་པར་དུ་རྙེད་ངེས་རེད།་་་་དེར་བདེ་སྲུང་དང་བདེ་དོན་ལས་ཁུངས་ཚང་མས་ས་གནས་གཞུང་གི་བསྐོར་སྲུང་བར་སྙན་སེང་ཡང་ཡང་ཞུ་དགོས་པ་ལས་སྣང་མེད་འཇོག་མི་རུང་།་་་ཅི་སྟེ་སྣང་མེད་འཇོག་ཚེ་མ་འོངས་པར་གནས་ཚུལ་དེ་རིགས་ཡོང་མི་སྲིད་པ་ག་ལ་ཡིན།།

    Reply
  15. འབོར་བློ་རྒྱམ། says:
    ལོ་ 10 སྔོན།

    གནས་ཚུལ་འདི་གོ་དུས་སེམས་པ་ཧ་ཅང་སྐྱོ་བྱུང་ལ། སྐྱབས་བཅོལ་བ་ཞིག་གི་ལས་དབང་
    ལ་ཕྱིར་འདངས་མི་རྒྱག་ག་མེད་རེད།

    Reply
  16. Kawa says:
    ལོ་ 10 སྔོན།

    བཙན་བྱོལ་ནས་དཀའ་ངལ་ཆེ་བ་བཤད་མ་དགོས་པ་རེད། ཡིན་ནའང་འདི་འདྲའི་གནད་དོན་རིགས་ལ་བོད་གཞུང་གིས་ངེས་པར་དུ་ཐག་གཅོད་ཅིག་བྱེད་དགོས། འདིའི་རིགས་སྒེར་གྱི་གནད་དོན་ཁོ་ན་ཡིན་མི་སྲིད། གསར་འགོད་པ་ཚོས་ཀྱང་ས་གནས་འགོ་འཛིན་དག་ལ་ཚ་འདྲི་གཏོང་དགོས་རེད།

    Reply
  17. བཀྲ་ཤེས་ says:
    ལོ་ 10 སྔོན།

    འདི་འདྲིས་གནས་ཚུལ་གོ་བ་དང་ང་རང་ཧ་ཙང་གི་སེམས་པ་ཅོ་སོང་།
    ནམ་རྒྱུན་དུ་ལ་ཆུ་ཚོད་༡༡ དང ༡༢ བར་ལ་ཡང་བོད་པའི་ཕོ་གསར་མོ་གསར་མང་པོ་འགྲོ་བ་མཐོང་བྱུང་
    ཡིན་ཡང་ད་རེས་ག་རེ་བྱེད་པ་རེད་ ཨོ་ཧོ་སེམས་བཅོ་བ་ལ་།
    བོད་ནས་རྒྱ་གར་ལ་སློབ་སྦྱོང་ཆེད་དུ་ཡོང་ དྲིན་ཆེན་ཕ་མ་དྲལ་ནས་ཡོང་ བུ་ཆུང་ས་མཐའ་འཆི་དགོས་བྱུང་ ཕ་མའི་སིམས་ལ་གནོད་ཤུགས་གཉིས་ཙགས་རྒྱབས་ མི་ཚེ་ཆེད་ཀ་ལྷགས་བསྐྱེད་རྒྱུ་ལྷག་སོང་ འདི་འདྲིས་སེམས་ཕམ་པ་ལ་ ། ད་རྩུག་ཚ་བའི་དྲི་ལ་ཚུར་མཐེན་མི་མཐུབ་།
    ད་ངས་མཐའ་མཇུག་གི་རེ་བ་དེ་ནི་བོད་བཞུང་འམ་ཡང་ན་ས་གནས་མགོ་མཛིན་གནམས་ཀྱིས་ད་རེས་གི་གནས་མཚུལ་དེ་ལ་ཆེད་ལྷག་མེད་པར་བུ་དེས་ཡི་ཕ་མའི་སེམས་ལ་ཟུག་པའི་ཐག་ཆོད་ཞིག་གནང་རོགས་ཞུ་རྒྱུ་ཡིན་། ཙོ་བོ་དེ་བཞུང་གི་འགན་ཁུར་དང་དེ་ནས་རྒྱ་གར་ཉན་རྟོགས་པའི་འགན་མ་མཁུར་རང་མཁུར་རེད་ བཞུང་གི་རོགས་བསྐྱོར་བྱེད་ཡ་དེ་ནི་བོད་བཞུང་གི་མགན་རེད་བསམ་གི་འདུག་གང་ཡིན་བསམ་ན་བུ་དེ་ཡི་ཕ་མ་སྤུན་ཆེད་སུ་ཡང་དེ་ལ་མེད་རྩང་ཆེད་གནམས་ཀྱིས་ཐག་ཆོད་ཡག་པོ་གནང་རོགས་ཞུ་ ཐུགས་རྗེ་ཆེ།།།།།།།།།།།།

    Reply
  18. བློ་བཟང་། says:
    ལོ་ 10 སྔོན།

    གནས་ཚིལ་ཁ་གསལ་གཏིང་གསལ་བཀོད་པ་ཐུགས་རྗེ་ཆེ། ངོ་དེབ་ནང་དཀྲོགས་གཏམ་འདྲ་མིན་འགྲོ་བཞིན་འདུག ཕ་གསར་དེ་དང་རྒྱ་གར་བ་ཚོའི་བར་དགའ་རོགས་རྩོད་རྙོག་གི་འཁྲིག་པ་ཤོར་རེད་ལབ་ཀྱི་འདུག གསར་འགོད་པས་བོད་གཞུང་བདེ་སྲུང་ལས་ཁུངས་ལ་བཅར་འདྲི་ཞིག་བྱེད་དགོས་པ་ཆགས་འདུག དེ་མ་གཏོགས་བློ་བཟང་སེང་གེ་ཡིས་མགོ་བསྒུར་ནས་འདུག་རྒྱུ་ཡིན་ནམ་གནས་ཚུལ་འདི་ཁ་གསལ་གཏིང་གསལ་བཟོས་ཏེ་ནག་ཉེས་ཅན་ལ་ཁྲིམས་ཆད་འབབ་ཐོབ་ཅིག་སྤྲོད་དགོས་པ་རེད།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 10 སྔོན།

      དྲ་གྲོགས་བློ་བཟང་ལགས། ཁྱོད་ཀྱིས་གསུངས་པ་ལྟར་གསར་འགོད་པའི་ངོས་ནས་ཀྱང་ཁ་སང་ཞོགས་པར་གནས་ཚུལ་དེ་ཐོས་མ་ཐག་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ལ་འབྲེལ་བ་ཞུས་ཡིན། འོན་ཀྱང་རེས་གཟའ་སྤེན་པར་འཁེལ་ཡོད་སྟབས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཡོངས་གུང་གསེང་རེད། དེ་ནས་ཐད་ཀར་འབྲེལ་བ་ཡོད་མཁན་གཅིག་དྷ་རམ་ས་ལའི་གཞིས་མགོ་ཆགས་ཡོད་སྟབས་ཁོང་ལ་དངོས་སུ་ཐུག་སྟེ་གནས་ཚུལ་བརྩད་ཞིབ་བྱས་པ་རེད།

      Reply
    • འདན་བསོད། says:
      ལོ་ 10 སྔོན།

      ལར་ནས་དུས་ཚོད་ཕྱི་བོ་སཽའི་ནང་ལ་མ་འགྲོ་བར་འཁྲོམ་ལ་གང་བྱས་ནས་འགྲོ་བ་ཡིན་ནམ། གོ་ཐོས་ལ་གཞིགས་ན་མེག་གྷན་འཁྲོམ་དགོང་མོ་༡༡ དང་དེ་རྗེས་སྒོ་རྒྱབ་ཕྱོགས་ཡོད་པ་གནས་ཚུལ་ཞིག་གོ་མྱོང་བ་དེ་ལྟ་མིན་ནམ། སྲིད་སྐྱོང་བློ་སེང་མིང་འདོན་རྒྱུ་མཚན་ཅི་ཆགས། རྒྱ་གར་ལ་རྒྱུན་དུ་འགྲོགས་སྒྲིག་ཉེ་བོ་སོགས་གནང་རྒྱུ་མེད་པ་རེད། འདི་ཚོ་ནི་ཁྱི་རྒྱ་གར་གཉིས་ལ་ཉེ་རྒྱུ་མེད་ཟེར་བ་ལྟར་ངོ་ཤེས་ན་ཡང་ཐག་རིང་པོ་སྡོད་དགོས་པ་ལས་ཉེ་བོ་སྡོད་ཏེ་སེམས་ཐག་བཞག་རྒྱུ་ནམ་ཡང་མེད།

      Reply
    • འདན་བསོད། says:
      ལོ་ 10 སྔོན།

      ས་གནས་འགོ་འཐིན་མཆོག་ནས་ངེས་པར་དུ་བསྐོར་སྲུང་བ་སྤྱི་ཁྱབ་ལས་ཁུངས་ལ་ད་རིང་གི་གནས་ཚུལ་ལ་གོ་སྐབས་ལེན་ཏེ་དགོང་མོ་ཚོུད་༡༡ རྗེས་ཚོང་ཁང་སྒོ་རྒྱབ་རྒྱུ་དང་མི་འགྲོ་བྱ་མོ་གཅིག་མི་ཆོག་པ་དགོངས་བསྐོར་ཞུ་ཕྱོགས་ངེས་པར་དུ་དགོས་འདུག་པ་ཐུགས་འཇགས་ལག་ལེན་ཡོང་བ་ཟུ་རྒྱུ།

      Reply
  19. ཐུབ་བསྟན says:
    ལོ་ 10 སྔོན།

    རྒྱ་གར་བ་སྐོར་ཞིག་གིས་བོད་པར་མནར་གཅོད་ཚད་ལས་རྒལ་བ་བཏང་དང་གཏོང་བཞིན་པ་འདི་ལ་གཞིགས་ན་མ་འོང་བའི་བཙན་བྱོལ་གཞུང་ལ་ཡང་སེམས་ཁྲེལ་བྱེད་བྱེད་མི་དགོས་བ་ཞིག་གཏན་ནས་མིན། ཉེ་སྔོན་བོད་ཀྱི་ན་གཞོན་རྩོམ་པ་པོ་གཉིས་ལྡི་ལི་ནས་འདས་བཀྲོངས་སུ་གྱུར་བ་ཡང་བདག་ལ་མཚོན་ན་རྒྱ་གར་བ་སྐོར་ཞིག་ལ་དོགས་གཞི་ཧ་ཅང་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese