མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙུན་མ་ཕུད་དེ་བཙུན་ཤག་གཏོར།

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

འབྲི་རུ་རྫོང་ཁོངས་སུ་ཡོད་པའི་བྱ་མདའ་དགེ་ལྡན་མཁའ་སྤྱོད་གླིང་གི་བཙུན་མ་ ༡༠༦ ཕྱིར་འབུད་བཏང་ཡོད་པ་མ་ཟད། ཤུལ་དུ་ལྷག་པའི་བཙུན་མ་རྣམས་ཀྱི་བཙུན་ཤག་མང་ཆེ་བ་གཏོར་བཤིག་བཏང་སྟེ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག

 

Untitled-1འབྲི་རུ་རྫོང་གི་བོད་རིགས་དཔོན་པོ་སངས་རྒྱས་བཀྲ་ཤིས་ཟེར་བ་ཞིག་གིས་སྣེ་ཁྲིད་དེ། འབྲི་རུ་རྫོང་ཁོངས་སུ་ཡོད་པའི་བྱ་མདའ་དགེ་ལྡན་མཁའ་སྤྱོད་གླིང་གི་བཙུན་མ་ ༡༠༦ དགོན་ནས་ཕྱིར་འབུད་བཏང་སྟེ། སྤེན་པ་རྫོང་དང་སོག་རྫོང་། འབྲི་རུ་རྫོང་བཅས་སུ་ཡོད་པའི་གྲོང་ཚོ་ཁག་གི་མགོ་ཁྲིད་བརྒྱུད་རང་ཁྱིམ་དུ་རྩིས་སྤྲོད་བྱས་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་རོགས་རམ་འོག་བཙུན་ཤག་གསར་པ་རྒྱག་རྒྱུ་ཡིན་སྐོར་བརྗོད་དེ། དགོན་པའི་སྒྲིག་ཁོངས་སུ་ཡོད་པའི་བཙུན་མ་རྣམས་ཀྱི་བཙུན་ཤག་ཀྱང་མང་ཆེ་བ་གཏོར་བཤིག་བཏང་སྟེ་འདུག་ས་འདུག་ཡུལ་མེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག

 

དགེ་ལྡན་མཁའ་སྤྱོད་གླིང་ནས་ཡིན་ཞིང་ད་ལྟ་རྒྱ་གར་ལྷོ་ཕྱོགས་བྱང་ཆུབ་ཆོས་གླིང་དུ་སློབ་གཉེར་གནང་བཞིན་ཡོད་པའི་བཙུན་མ་ཐུབ་བསྟན་པདྨོ་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། ང་ཚོའི་དགོན་པ་དེ་དངོས་གནས་གཙང་མ་གཙང་རྐྱང་གི་དགོན་པ་ཞིག་ཡིན་སྟབས། རྒྱ་གཞུང་གི་སྣང་བར་མ་སོང་ནས་གཏོར་བཤིག་བཏང་འདུག ཕྱིར་འབུད་བཏང་བའི་བཙུན་མ་ ༡༠༦ དེ་རང་ཁྱིམ་དུ་བསྐྱལ་ནས་ཁ་འདོན་འདོན་པ་དང་གྲྭ་ཆས་གྱོན་པ་ཡན་ཆད་ཀྱང་བྱེད་ཆོག་གི་མི་འདུག་ལབ་བྱུང་། ཞེས་དང་།

 

ཕྱི་ཟླ་ ༡༠ ཚེས་ ༥ ཉིན་ནས་བཟུང་འབྲེལ་ཡོད་ས་གནས་མགོ་ཁྲིད་ཚོས། དགོན་ནང་དུ་ཡོད་པའི་བཙུན་མ་ཚོར་ཚོགས་འདུ་ཡང་ཡང་བསྡུས་ཏེ། སྲིད་གཞུང་གི་རོགས་རམ་འོག་བཙུན་ཤག་གསར་པ་རྒྱག་རྒྱུ་ཡིན་པར་ཁ་གཡར་ནས་བཙུན་ཤག་མང་ཆེ་བ་གཏོར་བཤིག་བཏང་ཡོད་སྟབས། ད་ལྟ་ཤུལ་དུ་ལྷག་པའི་བཙུན་རྣམས་ཀྱང་འདུག་ས་འདུག་ཡུལ་མེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག དགོན་པའི་གཡས་གཡོན་གྱི་གྲོང་ཚོའི་ནང་ཕྱིན་ན། སོ་སོའི་ནང་མིན་ཚེ་གྲོང་ཚོའི་མགོ་ཁྲིད་ཀྱི་ཆོག་མཆན་ཡི་གེ་འདྲ་པོ་དགོས་ཀྱི་ཡོད་འདུག ད་ལྟའི་ཆར་སྲིད་གཞུང་གིས་ས་གནས་ཀྱི་དགོན་གྲོང་ནང་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་སྟབས་པར་དང་གནས་ཚུལ་ཏོག་ཙམ་རེ་མ་གཏོགས་ཁོང་ཚོས་ཞེ་དྲགས་ལབ་ཕོད་ཀྱི་མི་འདུག ཐ་ན་མི་གཉིས་མཉམ་དུ་སྐད་ཆ་བཤད་ནས་འགྲོ་བཅུག་གི་མི་འདུག་ཟེར། ཅེས་བརྗོད་བྱུང་།

 

རྒྱ་གཞུང་གིས་འགྲེལ་བཤད་གང་འདྲ་བརྒྱབ་ཡོད་མེད་ཐད་ཁོང་མོས། སྲིད་གཞུང་གི་མགོ་ཁྲིད་ཚོས་བཙུན་ཤག་གཏོར་སའི་ས་ཆ་དེ་རང་ལ་གཞུང་གིས་བཙུན་ཤག་རྒྱག་རྒྱུ་ཡིན་པ་སོགས་སྒྲིག་ཁོངས་ཀྱི་བཙུན་མ་ཚོར་རོགས་རམ་ཞེ་དྲགས་བྱ་རྒྱུ་ཡིན་སྐོར་དང་། རྒན་ཡོལ་གྱི་བཙུན་མ་ཚོར་རྒན་གསོ་ཁང་རྒྱག་རྒྱུ་དང་། སྒྲིག་ཁོངས་ན་མེད་པའི་བཙུན་མ་ཚོར་སློབ་གྲྭ་འཛུགས་རྒྱུ་ཡིན་ལུགས་སོགས་ཁ་ནས་སྙིང་རྗེ་མོ་ལབ་འདུག་ཀྱང་། དེ་ཚོ་ཚང་མ་རྫུན་མ་རྫུན་རྐྱང་རེད་མགོ་སྐོར་གཏོང་གི་ཡོད་པ་རེད་ཅེས་ཟེར།

 

ཁོང་མོར་ཡང་དེ་སྔོན་དཀའ་ངལ་མང་པོ་འཕྲད་པའི་སྐོར་ལ། སྔོན་མ་ང་རང་ཡིན་ནའང་། དགོན་པ་དེའི་ནང་ལོ་ ༨ ཙམ་ལ་བསྡད་པ་དང་། སྐབས་དེར་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཚོགས་འདུ་རྐྱང་རྐྱང་བསྡུས་ཏེ། ༧སྐྱབས་མགོན་རིན་པོ་ཆེར་དགག་པ་རྒྱག་དགོས་པ་རེད་ཅེས་ལས་དོན་རུ་ཁག་ཟེར་བའི་མི་སྣ་བཅུ་བཅོ་ལྔ་དེ་འདྲ་ཡོང་གི་རེད། ང་ཚོས་རྒྱ་མི་ལབ་བསྡད་པ་རེད་མ་གཏོགས་དངོས་གནས་བྱས་ན་སྐབས་དེར་ལས་དོན་རུ་ཁག་གི་མི་སྣའི་ནང་གཞིས་ཀ་རྩེ་ནས་ཡིན་པའི་རྒྱ་མི་ཞིག་མ་གཏོགས་གཞན་ཚང་མ་བོད་པ་རེད་འདུག བཙན་བཀའ་འདྲ་མི་འདྲ་གཏོང་མཁན་ཡང་བོད་པ་རང་རེད། ཁོ་ཚོས་ལས་སླ་བོ་ཞེ་དྲགས་རེད། ༧ཏཱ་ལའི་བླ་མར་དགག་པ་རྒྱོབས་དང་འགྲིག་ཚར་བ་རེད་ཅེས་ཨུ་ཚུགས་བརྒྱབ་བྱུང་། ཡིན་ནའང་། ང་ཚོས་ཁ་ཁྱོན་ནས་མ་གྲགས་པར་ངུས་ནས་བསྡད་པ་མ་ཟད། བདུན་ཕྲག་གཅིག་གཉིས་ཞིག་ལ་ཁ་ལག་མ་ཟོས་སྟབས། ཁ་ནས་ཁྱེད་རང་ཚོས་ཁ་ལག་མ་ཟོས་ན་ང་ཚོའི་སེམས་ནས་ཀྱང་སྐྱིད་པོ་མི་འདུག་ཅེས་བཤད་ཀྱི་འདུག ཡིན་ནའང་། མཐར་གཏུག་ན་ཁོ་ཚོ་སོ་སོའི་ལྟོ་གོས་ཀྱི་ཆེད་དུ་རེད། ང་ཚོར་སྡུག་པོ་ག་ཚོད་བཏང་ན་ཁོ་རང་ཚོར་གླ་ཕོགས་སོགས་ཀྱི་ཁེ་བཟང་མང་བ་རག་གི་ཡོད་རེད། ང་རང་ཚོ་བོད་པས་བོད་པར་སྡུག་པོ་བཏང་ནས་བསྡད་ཡོད་པ་རེད།

 

དགོན་པའི་ནང་དུ་ཚོགས་འདུ་རྐྱང་རྐྱང་བསྡུས་ཏེ་བསླབ་པ་སློབ་གཉེར་གང་ཡང་བྱེད་ཐུབ་ཀྱི་མི་འདུག་པས། དེ་འདྲ་བྱས་ནས་འདུག་པ་ལས་ཕར་ཚུར་ཞིག་ལ་ཕྱིན་ན་ཡག་ས་རེད་བསམ་ནས་རོགས་པ་ཨ་ནེ་ཞིག་དང་མཉམ་དུ་བཙན་བྱོལ་དུ་ཡོང་བ་ཡིན། ང་རང་ད་ལྟ་དགོན་པ་ནང་སྐྱིད་པོ་འདུག་སྟེ་ཕ་ཡུལ་གྱི་དགོན་པར་དཀའ་ངལ་ཆེན་པོ་འཕྲད་དུས། སེམས་ཁྲལ་བྱས་ནས་འདུག་རྒྱུ་མ་གཏོགས་ཐབས་ཤེས་གང་ཡང་མི་འདུག ཅེས་ཟེར།

 

བཙུན་དགོན་དེར་སྔོན་ཆད་བཙུན་མ་ག་ཚོད་ཡོད་པ་དང་། ད་ལྟ་ག་ཚོད་ལྷག་ཡོད་དྲིས་པར་ཁོང་མོས། སྔོན་མ་ང་དགོན་པའི་ནང་དུ་ཡོད་སྐབས། ཁྱོན་བཙུན་མ་ ༢༠༠ ལྷག་ཡོད་ཀྱང་། ཕྱིས་སུ་རྒྱ་གཞུང་གིས་མི་འབོར་མང་དྲགས་འདུག ཁོ་ཚོར་མང་ཚིག་མི་དགོས་ཉུང་ཚིག་དགོས་ཞེས་བཙུན་མ་ལོ་ ༤༠ ནས་ ༥༠ ཟིན་པ་ཚོ་ངེས་པར་དུ་རྒན་གསོ་ཁང་དུ་འགྲོ་ལུགས་སོགས་བརྗོད་དེ་བཙུན་མ་ ༤༠ ཙམ་ལས་བཞག་མེད་པ་དང་། ཕྱིས་སུ་དགོན་པའི་ངོས་ནས་ང་ཚོར་བཙུན་མ་ཉུང་དྲགས་འདུག་ཅེས་ཞུ་བ་བརྒྱབ་པར་བརྟེན། དགོན་པའི་ཕྱི་ནང་བདག་པོ་རྒྱག་མཁན་སོགས་བཙུན་མ་ ༢༥ མང་དུ་བཏང་སྟེ། ད་ལྟའི་ཆར་དགོན་པའི་སྒྲིག་ཁོངས་སུ་ཡོད་པའི་བཙུན་མ་ ༦༠ ཙམ་ལྷག་ཡོད་ས་རེད། ཡིན་ནའང་། ཤུལ་དུ་ལྷག་པའི་བཙུན་མ་ཁ་ཤས་སེམས་སྡུག་གིས་སྙིང་ན་ནས་གྲོངས་བ་དང་། དགོན་པའི་ནང་གི་དམ་དྲག་བཟོད་མ་ཐུབ་པར་སྐྱ་སར་བབས་པའི་གནས་ཚུལ་ཡང་བྱུང་འདུག ཅེས་བརྗོད་བྱུང་།

 

ཡང་ཕྱི་ཕྱོགས་ཀྱི་བོད་མི་ཞིག་གིས་འདི་གར་གོང་གི་གནད་དོན་དེའི་སྐོར་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་། བོད་ཟླ་ ༨ ཚེས་ ༡༨ ནས་ ༢༠ (ཕྱི་ཟླ་ ༩ ཚེས་ ༣༠ ནས་བཅུ་པའི་ཚེས་ ༢ )ཉིན་གྲངས་གསུམ་རིང་ས་གནས་མགོ་ཁྲིད་ཚོ་བྱ་མདའ་དགེ་ལྡན་མཁའ་སྤྱོད་གླིང་དུ་ཡོང་སྟེ། བཙུན་དགོན་གྱི་གསེར་དངུལ་ལས་གྲུབ་པའི་རོལ་ཆའི་རིགས་དང་། ལྷ་སྐུ་གསུང་རབས་རྣམས་ས་གནས་སྲིད་གཞུང་གིས་བདག་བཟུང་བྱས་ཡོད་པ་མ་ཟད། ཕྱི་ཟླ་ ༡༠ ཚེས་ ༥ ཉིན་ནས་བཟུང་ས་གནས་མགོ་ཁྲིད་ཚོས་དགོན་པའི་སྒྲིག་ཁོངས་སུ་ཡོད་པའི་བཙུན་མ་རྣམས་ལ་ཚོགས་འདུ་ཡང་ཡང་བསྡུས་ཏེ། ༧གོང་ས་མཆོག་ལ་མཚན་སྨོད་ཞུ་དགོས་པ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་སྐྱེད་སྲིང་དགོས་ལུགས་ཀྱི་བཙན་བཀའ་བཏང་བ་སོགས། ད་ལྟ་དགོན་སྡེ་གཉིས་ཀྱི་སྡུག་བསྔལ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༡༩༥༩ ལོ་ལྟ་བུའི་ཛ་དྲག་གི་གནས་སྟངས་མངོན་སུམ་ངང་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པ་དང་། དགོན་པའི་ལྷ་ཁང་མན་ཆད་ཀྱི་བཙུན་ཤག་ཚང་མ་གཏོར་བཤིག་བཏང་ཚར་ཡོད་པ་མ་ཟད། ལྷ་ཁང་ཡན་ཆོད་ཀྱི་བཙུན་ཤག་ཁ་ཤས་ཀྱང་གཏོར་ཚར་ཡོད་ལ། ཆུ་ཕར་རྒྱབ་ཀྱི་ཁང་པ་རྣམས་ཀྱང་གཏོར་འཆར་ཡོད་སྐོར་དང་། བྱ་མདའ་དགོན་གྱི་ཕྱིར་འབུད་བཏང་བའི་བཙུན་མ་རྣམས་ཀྱི་ཁང་པ་མང་པོ་དགོན་པ་ལ་ཕུལ་ཀྱང་། སྲིད་གཞུང་གིས་གཏོར་བཤིག་བཏང་སྟེ་ཤིང་ཆ་རྣམས་བན་དཀར་གྲོང་ཚོའི་མགོ་ཁྲིད་དང་ནགས་ལས་བ་ཚོས་གཅིག་ཏུ་སྤུངས་ཏེ་དབོར་འདྲེན་བྱ་འཆར་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༧ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༨ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese