མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་གཞོན་ནུ་སྒོ་རྒྱག་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

ནེའུ་ཡོག་དང་ནེའུ་ཇིར་ས་གནས་གཞོན་ནུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཞེངས་ཕྱོགས་ལ་འགྱུར་བ་མ་བཏང་བར་དབུས་ལ་འབྲེལ་བ་ཞུ་རྒྱུ་མིན་གསུངས་པ་མ་ཟད། ལོ་རྗེས་མའི་གཞོན་ནུའི་ཚོགས་ཆེན་སྟེང་གི་ཐག་གཅོད་ལའང་བརྩི་བཀུར་བྱེད་འཆར་མི་འདུག་སྟབས་ཐག་གཅོད་འདི་བྱས་པ་ཡིན་ཟེར།

 

ཁ་སང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་གཞོན་ནུ་གནས་སྐབས་རིང་སྒོ་རྒྱག་རྒྱུ་ཡིན་སྐོར་བསྒྲགས་འདུག

གཞོན་ནུའི་གསལ་བསྒྲགས་ནང་བཀོད་དོན། “དེ་ཡང་ད་ལྟའི་སྐབས་ ༡༣ པའི་ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཁང་དེ་བཞིན་བློ་ཕམ་ཆེན་པོའི་ངང་གནས་སྐབས་སྒོ་རྒྱག་རྒྱུ་དང་། ས་གནས་སུ་བར་བརྒལ་འབྲེལ་མཐུད་པ་བཞི་ (interim committee) ས་རྒྱུན་ཟུར་པའི་མང་མོས་འོས་བསྡུ་བརྒྱུད་ནས་བསྐོ་བཞག་བྱས་ཡོད་པར། སྐབས་ ༡༣ པའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གཞོན་རྒྱུན་ལས་ནས་སྤྱི་ལོ་ ༢༠༡༦ ཟླ་བ་ ༡ ཚེས་ ༢༠ གོང་དུ་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ལྷན་གྱི་རྒྱུ་དབང་ཡོངས་རྫོགས་ཆད་ལུས་མེད་པར་བར་བརྒལ་འབྲེལ་མཐུད་པར་རྩིས་སྤྲོད་གཙང་མ་དགོས་པ་དང་། དེ་རིང་སྤྱི་ལོ་ ༢༠༡༥ ཟླ་བ་ ༡༢ ཚེས་ ༡༦ ནས་བཟུང་མ་འོངས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ལེན་ཡོད་པའི་ས་གཞོན་རྒྱུན་ལས་གསར་འདེམས་མ་བྱུང་བར། ནེའུ་ཡོག་དང་ནེའུ་ཇར་སིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་ཚབ་ནུས་པའི་ས་གནས་གཞོན་ལྷན་ཞིག་མེད་པས། ཚོགས་སྒེར་སུ་རུང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་དང་། ཚོགས་དར། ལས་རྟགས། ལས་དམ། ལས་ཤོག་སོགས་བེད་སྤྱོད་བྱ་མི་ཆོག་པ་ནན་བརྗོད་བྱ་རྒྱུ་དང་། གལ་སྲིད་དེ་ལྟར་བྱེད་མཁན་བྱུང་ཚེ་དེ་ལས་བྱུང་བའི་གནད་དོན་གྱི་འགན་ཁུར་ཡོངས་རྫོགས་འཁུར་དགོས།” ཞེས་སོགས་བཀོད་འདུག

 

འདས་པའི་ལོ་འགའི་གོང་ནས་བཟུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་དེ་སྔའི་གཞོན་ནུའི་རང་བཙན་ལངས་ཕྱོགས་ལ་འགྱུར་གཏོང་དགོས་པའི་དགོངས་ཚུལ་བྱུང་བ་ལྟར། སྔར་ལོ་རྒྱ་གར་ལྷོ་ཕྱོགས་ཀྱི་གཞོན་ནུའི་ས་གནས་ཁག་བརྒྱད་ཀྱིས་ལངས་ཕྱོགས་དབུ་མའི་ལམ་ལ་འགྱུར་བ་བཏང་ཡོད་པ་དང་། ད་ལོའི་ལོ་མགོ་ནས་བཟུང་ཨ་རིའི་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་གཞོན་ནུས་ཀྱང་། བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གི་བཞེངས་ཕྱོགས་ཐོག་རྡོག་བསྒྲིལ་ན་རྩ་དོན་ལ་ནུས་པའི་འཐོན་པའི་ངོས་འཛིན་བྱུང་སྟབས། དབུས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཚོ་དང་དགོངས་ཚུལ་མི་མཐུན་པ་བྱུང་ཡོད།

Youth Congress-1 Youth Congress-2 Youth Congress-3

 

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 8

  1. སྐར་མདའ། says:
    ལོ་ 10 སྔོན།

    སྤྱིར་བཏང་གིས་བཤད་ན། གཞོན་ནུ་ལྷན་ཚོགས་ཀྱི་ལྟ་བ་བསྒྱུར་བཅོས་བྱེད་དགོས་དོན་རྩ་བ་ནས་མི་འདུག་སྙམ། དགྲ་ལག་ནས་རང་བཙན་ལེན་པ་ལ་ཐབས་ལམ་འདྲ་མིན་སྣ་ཚོགས་དགོས་ངེས་རེད། ད་དུང་ཚོགས་སྡེ་འདྲ་མིན་སྣ་ཚོགས་དང་། མིང་བྱང་ནུས་པ་ཅན་སྣ་ཚོགས་འཐོན་ཏེ་བོད་སྤྱི་བའི་རྩ་དོན་སྒྲུབ་ན་དེ་ལ་དགའ་བསུ་བྱེད་པ་ལས་ངན་བཤད་བྱ་དགོས་དོན་མི་འདུག གཙོ་བོ་རང་བཙན་གྱི་ལྟ་གྲུབ་ཡིན་ན། དབུ་ལམ་གྱི་ཁ་གཏད་གཅོག་ཆེད་མ་རེད་འདོད། བྱེད་ཐབས་འཁྲུལ་ན་ཕལ་ཆེར་དབུ་ལམ་གྱི་ཁ་གཏད་གཅོག་མཁན་འདྲ་བོ་ཆགས་མི་སྲིད་པ་མ་རེད། དབུ་ལམ་དང་རང་བཙན་གཉིས་ཀྱི་བོད་མི་རིགས་ཀྱི་བདེན་མཐའ་སེལ་བ་ལ། རྒྱ་ནག་པོའི་ཁ་གཏད་ཅི་ལྟར་གཅོག་དགོས་མིན་གྱི་ཐབས་ལམ་གསར་བ་དང་། ཡང་ན་ནུས་པ་ཅན་གྱི་ཐབས་བྱས་འདྲ་བཏོན་ན། མི་རིགས་སྤྱི་ལ་ཕན་པའི་བྱ་བཞག་ཅིག་རེད་མ་གཏོགས། ལྟ་གྲུབ་གཉིས་ཀྱི་ནང་ཕན་ཚུན་ལ་ངན་བཤད་དང་། འཇོན་མིན་གྱི་ངན་ཁག་དཀྲིས་བསྡད་པ་ཡིན་ན། དེ་ནི་ཐབས་ཤེས་ཡག་པོ་ཞིག་གཏན་ནས་མ་རེད་འདོད། རང་བཙན་ལེན་པ་ལ། ཐབས་ལམ་དེ་གཉིས་ཀ་ཧ་ཅང་གི་གལ་ཆེན་རེད།

    Reply
  2. དྲ་འབུ། says:
    ལོ་ 10 སྔོན།

    དབུས་གཞོན་ལྷན་གྱིས་ཐག་བཅད་ཡག་པོ་བྱུང་འདུག། དབུ་མའི་ལམ་ལ་མོས་པ་དང་རྒྱབ་སྐྱོར་ཡོད་ན་གཞོན་ལྷན་གྱི་ལྟ་གྲུབ་དང་ཚོགས་པ་བཅས་སྒྱུར་བཅོས་མི་དགོས་པར་རང་ཉིད་དབུ་ལམ་ལ་ཞུགས་ནས་རྣམ་དཔྱོད་ག་རེ་སྟོན་རྒྱུ་ཡོད་ན་ཆོག་རྒྱུ་རེད། དབུ་མའི་ལམ་གྱིས་བོད་མི་རིགས་ལ་ཕན་པའི་བྱ་བ་ཞིག་ད་ལྟའི་བར་རི་བོང་གི་རྭ་དང་ཅིག་མཚུངས་རེད། དབུ་མའི་ལམ་གྱི་ལས་འགུལ་སྤེལ་ས་དང་བཅོས་སྒྱུར་གཏོང་ས་དེ་རྒྱ་སྡེ་ཡིན་པ་ལས་བོད་སྡེ་མ་རེད།

    Reply
  3. རང་དབང་། says:
    ལོ་ 10 སྔོན།

    རེ་བ་ཟེར་བས་དབྱིན་ཡིག་ནོར་བ་འགའ་བྲིས་ནས་རྩོམ་སྒྲིག་པ་ཧང་སངས་བཅུག་སོང་།རྩོམ་སྒྲིག་པ་མིང་ཅན་དང་ཁྱེད་གཉིས་བསྡུར་ནས་རང་གི་དབྱིན་ཡིག་ཡག་ཙམ་འདུག མ་གཞི་རང་གི་དབྱིན་ཡིག་གི་ཆུ་ཚད་ཡོད་མེད་ཀློག་པ་པོ་ཚང་མ་ཞེ་དྲག་གསལ་བོ་ཆགས་སོང་།

    Reply
  4. རེ་བ། says:
    ལོ་ 10 སྔོན།

    འཛམ་གླིང་ཡོངས་ཀྱི་༧གོང་ས་མཆོག་གི་ལམ་སྟོན་གནང་པས་དབུ་མ་ལམ་ལ་རྒྱབས་བསྐྱོར་གནང་བཞིན་པ་། ཡིནའང་ང་ཚོའི་བོད་པ་ཁག་བཤས་རང་ཉིད་མགོན་སྐྱབས་ཀྱི་ལམ་བཟང་དབུ་མར་ཅི་བྱིང་མུ་མཐུན་མེད་པ་རེད་དམ།
    Why some of Tibetan organisation did not go with the path of middle way shown by his holiness the dalai lama whom they consider as God.
    This is because of ego of the people who is the head of those organisation.
    tibetan people should make unity…..
    Cherensig ……..LONG LIVE HIS HOLINESS THE DALAI LAMA.
    UNITY WE NEED. MERE FEW WORDS AND LONG LUFE OFFERING TO H.H THE DALAI LAMA IS OF NOT USE.
    LETS GO FOR MIDDLE WAY APPROACH.

    Reply
  5. འཇིགས་མེད། says:
    ལོ་ 10 སྔོན།

    བོད་ཀྱི་གཞོན་ནི་ལྷན་ཚོགས་འདི་བཞིན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་ཕྱིར་རང་ངོས་ནས་གུའ་བརྩི་ཞུ། བོད་མི་རིག་དང་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཐབས་དང་ཤེས་རབ་ཟུངས་འབྲེལ་དགོས་པ་བཞིན་རད་བཙན་དད་དབུ་མའི་ལམ་གཉིས་གཅིག་ལ་གཅིག་གུས་ཐོག་མདུན་བསྐྱོད་དགོས་གལ་ཆེ་བར་སེམས།

    Reply
  6. ངར་ལྕགས་ says:
    ལོ་ 10 སྔོན།

    བོད་མི་ཕྱི་རྒྱལ་ལ་ཡོད་མཁན་ཚོ་ཨོ་ཙམ་ཡོད་རེད་བསམ་སོང་ག་བ་གབ་ལྟས་ངན་སྤྱི་ཚོགས་རྙིང་པ་དང་རི་བོང་ཅལ་གྲོགས་ཤ་ཏག་རེད་འདུག་
    བོད་མི་དམངས་ཀྱི་ལས་དོན་བསྒྲུབ་པའི་ཆེད་དུ་ལས་འགུལ་འདྲ་མིན་སྤེལ་མཆོག་པ་རེད་ཡིན་གཅིག་དབུ་མའི་ལམ་གྱི་ཐོག་ནས་འགྲོ་དགོས་མེད་
    བོད་པའི་སྤྱི་ཚོགས་ནང་ཆོས་དང་སྲིད་དབྱེ་བ་འབྱེད་མི་ཤེས་པར་ཚང་མ་བསྲེས་པའི་སྟོབས་ཀྱིས་དེ་འདྲ་ཆགས་པ་རེད་ ད་ལྟ་འཛམ་གླིང་ནང་བོད་དོན་ཁྱབ་བསྒྲགས་ཆེ་ཤོས་འགྲོ་བཅུགས་མཁན་གཞོན་ནུ་ཚོགས་པ་ཡིན་པ་མངོན་གསལ་རེད་པ།།

    Reply
  7. རང་དབང་། says:
    ལོ་ 10 སྔོན།

    ཡག་ཤོས་བྱུང་ན་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་རང་བཙན་དང་བྱེད་སྟངས་དབུ་ལམ་ཡིན་པ་གྲི་ཤ་ཁ་ཁ་ལྟར་ཆགས་ཡོད་པ་སྨུག་སེལ་ཉི་ཤར་ཡིན་པས། གཞོན་ལྷན་གྱིས་དམིགས་ཡུལ་བསྒྱུར་བཅོས་སམ་གཞོན་ལྷན་དབུ་ལམ་ཁྱབ་བསྒྲགས་ཚོགས་པ་བྱས་ན་ཡག་ཤོས་རེད།

    Reply
  8. རིག་དགའ། says:
    ལོ་ 10 སྔོན།

    ངན་པ་དགུ་འཛོམས་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསལ་བསྒྲགས་གལ་ཆེན། གནས་ཚུལ་འདི་དབུས་བོད་ཀྱི་གཞོན་ནུ་གཅིག་པོར་ངན་ཁག་དཀྲི་རྒྱུ་ཡོད་མེད། འདིའི་རྒྱབ་ན་ཨ་རི་དང་རྡ་རམ་ས་ལའི་ཆབ་སྲིད་པ་དང་སྤྱི་ཚོགས་དཀྲུག་མཁན་ཉིན་མོའི་མི་དང་མཚན་མོའི་འདྲེ་ཁ་ཤས་ཡོད་པ་རེད། ངས་རིམ་གྱིས་མི་ངན་དེ་དག་འཐེར་འདོན་བྱེད་དགོས་བསམ་བསྡད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese