མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་ཚོར་འགུལ་སྐྱོད་རང་དབང་དགོས།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཙོན་གྲོལ་ཐོབ་པའི་ཆབ་སྲིད་བཙོན་པའི་རྗེས་དྲན་བགྲོ་གླེང་སྟེང་ད་ལྟ་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་ཀློད་གྲོལ་བཏང་བ་ཡིན་ཡང་ཁོ་ཚོར་འགུལ་སྐྱོད་བྱེད་དབང་མེད་པའི་སྐོར་གླེང་སློང་བྱས་སོང་།

 

1དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༠༠ སྟེང་མེག་གྷན་ཡོངས་གླིང་སློབ་གྲྭའི་རྩེད་ཐང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག སྒྲོལ་མ་སྐྱབས་ལགས་གཙོས་ ༢༠༡༥ ལོར་བཙོན་གྲོལ་ཐོབ་པའི་བོད་ནང་གི་ཆབ་སྲིད་བཙོན་པ་ ༣༠ ལ་རྗེས་དྲན་དང་མུ་མཐུད་རྒྱའི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་བགྲོ་གླེང་ཞིག་ཚོགས་སོང་ལ། བགྲོ་གླེང་གི་གཏམ་བཤད་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་སྨན་ཤེར་བློ་གྲོས་ལགས། བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས། ཆབ་སྲིད་བཙོན་ཟུར་མགོན་པོ་འཕྲིན་ལས་ལགས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོར་རྗེ་ཚེ་བརྟན་ལགས་ཀྱི་གཙོས། གཏམ་བཤད་ཉན་མཁན་ཕྱི་རྒྱལ་བ་དང་བོད་རིགས་ཤེས་ཡོན་པ་ཁག་ཅིག་འཛོམས་སོང་།

 

བགྲོ་གླེང་དབུ་འཛུགས་མ་ཞུས་སྔོན་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས་བགྲོ་གླེང་ཚོགས་དགོས་དོན་གང་ཡིན་ངོ་སྤྲོད་གནང་རྗེས། བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྒྱལ་སྤྱིའི་སྟེང་གི་བོད་དོན་གནད་དོན་སྐོར་བརྗོད་དོན། ད་ལྟ་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ང་ཚོར་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་ཟེར་བའི་བསམ་བློ་འདི་འདྲ་ཞིག་ཡོད་པ་རེད། ལྷག་པར་དུ་བསམ་བློ་དེའི་བརྒྱུད་རིམ་དེ་ཕལ་ཆེར་ལོ་ ༤༠ ནས་ ༥༠ ནང་ང་ཚོར་སྦྱིན་བདག་ཤུགས་ཆེན་པོ་རག་ཡོད་སྟབས། དེའི་རྐྱེན་པས་ང་ཚོར་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད་པའི་བཀའ་མོལ་དེ་བསླེབས་བསྡད་ཡོད་པ་རེད། ད་ལྟ་དང་སྔོན་ཆད་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་རྒྱལ་ཁབ་སོ་སོའི་ཁེ་ཕན་ཨང་དང་པོར་བཞག་སྟེ། དེ་ནས་སོ་སོའི་དོན་དག་བསྒྲུབ་དང་མི་བསྒྲུབ་ལྟ་བའི་དུས་ཚོད་ཅིག་ཆགས་ཡོད་པ་མ་ཟད། ལྷག་པར་དུ་ད་ལྟའི་དུས་ཚོད་འདི་ལ་རྒྱལ་སྤྱིའི་ཐོག་རྒྱ་ནག་གིས་ཅ་དངོས་གོང་ཁེ་པོ་ཞེ་པོ་ཞིག་བཟོ་ཐུབ་ཀྱི་ཡོད་པར་བརྟེན། ད་ལྟ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་ཟེར་མཁན་གྱི་སྟོབས་ཆེན་རྒྱལ་ཁབ་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས། རྒྱ་ནག་གཞུང་གིས་བོད་གཙོས་པའི་ཤར་ཏུར་ཀི་སི་ཐན་དང་ནང་སོག་ལ་རང་དབང་རྩ་ནས་མ་སྤྲད་པར་དམ་དྲག་བྱས་ནས་རྡོ་སྣུམ་དང་གཏེར་ཁ་རིགས་སྔོག་འདོན་བྱེད་ཀྱི་ཡོད་ཀྱང་སྣང་འཇོག་མ་བྱས་པར། རྒྱ་ནག་གཞུང་དང་ཚོང་བརྒྱབ་ཀྱི་ཡོད་སྟབས། ད་ལྟ་ང་ཚོས་ང་རང་ཚོའི་འཐབ་རྩོད་འདི་དངོས་ཡོད་གནས་ཚུལ་ཐོག་ནས་ག་པར་སླེབ་ཀྱི་ཡོད་མེད་ལ་ལྟ་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པོ་ཆགས་ཡོད་པ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

 

སྨན་ཤེར་བློ་གྲོས་ལགས་ཀྱིས་ད་ལྟའི་བོད་ནང་གི་སྒྱུ་རྩལ་བའི་བརྩམས་ཆོས་སྐོར་བརྗོད་དོན། ད་ལྟའི་ཆར་བོད་ནང་གི་རྩོམ་པ་པོ་དང་སྒྱུ་རྩལ་པའི་སྡེ་ཁག་བོད་མི་རིགས་ཀྱི་མགྲིན་ཚབ་པ་ཚད་མཐོ་ཤོས་དེ་རེད། ཁོ་ཚོ་མི་རིགས་ཀྱི་དཀའ་སྡུག་དང་རེ་བ། ཕུགས་བསམ་གླེང་མཁན་ཞིག་ཆགས་ཡོད་པ་རེད། ད་ལྟའི་བོད་ཀྱི་གནས་བབ་དང་ལོ་རྒྱུས། རིག་གཞུང་ཆ་ཚང་ཞིག་ཤེས་རྟོག་བྱ་ཐུབ་པའི་ཁོར་ཡུག་གཙོ་བོ་དེའང་བོད་ནང་གི་བརྩམས་ཆོས་དང་རྩོམ་པ་པོ་ཆགས་ཡོད་པ་རེད། བོད་ནང་གི་འཐབ་རྩོད་པ་དང་ལས་འགུལ་པ་ཚོར་དཀའ་ངལ་ག་འདྲ་ཞིག་འཕྲད་པ་ཡིན་ན། དེ་ཚོར་རྟོག་ཞིབ་བྱེད་མཁན་དང་དཀར་འདོན་བྱེད་མཁན། སྲུང་སྐྱོབ་བྱེད་མཁན་ཆ་ཚང་ད་ལྟའི་ཆར་བོད་ནང་གི་རྩོམ་པ་པོ་དེ་ཚོའི་བརྩམས་ཆོས་ཆགས་ཡོད་པ་མ་ཟད། བོད་ནང་གི་རྩོམ་པ་པོ་ཚོས་སྡོམ་རྒྱག་སྟངས་ག་འདྲ་ཞིག་རེད་ཅེ་ན། རྒྱ་ནག་གིས་བོད་ཀྱི་འཐབ་རྩོད་པ་ཚོ་བཙོན་འཇུག་བྱེད་ཀྱི་ཡོད་ཀྱང་། རྩོམ་པ་པོ་ཚོས་རྒྱ་ནག་གཞུང་བཙོན་ལ་འཇུག་གི་ཡོད་པ་རེད་ཟེར་གྱི་ཡོད་པ་རེད། གང་ཡིན་ཞེ་ན། ད་ལྟའི་ཆར་སྒེར་སྤྱོད་པ་དེ་ཚོ་ལོ་རྒྱུས་ཀྱི་བརྩམས་ཆོས་ནང་ནག་ཉེས་ཅན་ཞེ་བོ་ཞིག་ཆགས་ཡོད་པ་རེད། ཁྲིམས་ཀྱི་ཐོག་ནས་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་གང་ཡིན་ཡང་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ཡིན་བསྡད་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་སྟེང་གི་ཆེ་མཐོང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱི་ཞིབ་འཇུག་ནང་དུ། བོད་ནང་གི་འབོད་སྒྲ་དང་འཐབ་རྩོད་ཀྱི་ངོ་བོ། འཐབ་རྩོད་ཀྱི་ལངས་ཕྱོགས་དང་རྩ་དོན་ཆ་ཚང་དཀར་འདོན་བྱེད་མཁན་བརྩམས་ཆོས་ཁོ་ན་ཆགས་ཀྱི་ཡོད་པ་རེད། འདི་མཐའ་སྡོམ་ལྟ་བུ་ཡིན། རྒྱུ་མཚན་རྒྱ་ནག་ཕྱོགས་ནས་ང་ཚོའི་བོད་ནང་གི་འཐབ་རྩོད་དེ་བསད་རྡུང་འཕྲོག་བཅོམ། འཇིགས་སྐུལ། གཏོར་བཤིག མི་རིགས་རང་ལུགས་དེ་འདྲའི་ནག་ཉེས་ཆེན་པོ་ཞིག་ལ་གཡུག་བཞིན་པའི་སྐབས་དེར། ང་ཚོའི་རྒྱུ་མཚན་མཐའ་ཐུག་དང་བརྟན་ཚིག་ཆེ་ཤོས་དེ་བོད་ནང་གི་བརྩམས་ཆས་ཁོ་ན་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

 

ཚེ་རིང་མཚོ་མོ་ལགས་ཀྱིས་ད་ལྟའི་བོད་ནང་གི་ཆབ་སྲིད་གནས་སྟངས་སྐོར་བརྗོད་དོན། ང་ཚོའི་ཚོགས་པས་ཉམས་ཞིབ་བྱས་པའི་ད་ལྟའི་བོད་ནང་གི་ཆབ་སྲིད་བཙོན་པའི་མིང་གཞུང་ནང་མི་ ༢༠༨༢ ཙམ་ཡོད་པ་བཤད་ཀྱི་ཡོད་ཀྱང་དེ་ཚོ་བརྒྱ་ཆ་བྱས་ན་ཧ་ཅང་ཆུང་ཆུང་རེད། གང་ཡིན་ཟེར་ན། ང་ཚོས་ཧ་མ་གོ་བར་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་བསད་པ་དང་བཙོན་འཇུག་བྱས་ནས་གར་སོང་ཆ་མེད་དུ་འགྱུར་བ་ག་ཚོད་ཡོད་མེད་ད་བར་རྒྱ་ནག་གཞུང་གིས་གྲངས་ཐོ་གང་ཡང་བཏོན་ཡོད་པ་མ་རེད། ཡིན་ཡང་ང་ཚོས་གྲངས་འབོར་ལ་མ་བལྟས་པར་ད་ལྟའི་བོད་ནང་གི་ཆབ་སྲིད་བཙོན་པའི་ལོ་རྒྱུས་ཀློག་དུས། རྒྱ་ནག་གཞུང་གིས་ཁོ་ཚོར་མི་སྤྱོད་ལས་འདས་པའི་སྡུག་གཅོང་མནར་གཅོད་བཏང་ནས་རྩ་མེད་གཏོང་བ་དང་གཉའ་བཅག་ནས་ཡར་ལངས་བཅུག་གི་མེད། འདི་ལོ་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་ ༣༠ ཀློད་གྲོལ་བཏང་ཡོད་ཀྱང་། ང་ཚོས་ཧ་མ་གོ་བར་འདས་གྲོངས་སོང་བ་དང་། འདས་གྲོངས་ཕྱིན་ནས་ཕུང་པོ་ག་པར་གཡུགས་ཡོད་མེད་ནི་ད་ལྟ་དྲི་རྟགས་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། འདས་པའི་ལོ་གཉིས་ནང་སྨན་པས་བཙོན་སྲུང་བ་དང་ཁྱི་སྤྱང་ལག་སྦྲེལ་བྱས་ཏེ། བཙོན་པར་སྨན་སྤྲད་པ་དང་སྨན་ཁབ་རྒྱག་ཁུལ་བྱས་ནས་དུག་འདྲེན་ཏེ་ག་ལེ་ག་ལེར་གསོད་ཀྱི་ཡོད་པའི་གནས་ཚུལ་ཡང་མང་པོ་བྱུང་གི་ཡོད་པ་རེད། ཅེས་བརྗོད་སོང་།

 

2ཆབ་སྲིད་བཙོན་ཟུར་མགོན་པོ་འཕྲིན་ལས་ལགས་ཀྱིས་རྒྱའི་བཙོན་འོག་གི་མྱོང་ཚོར་སྐོར་བརྗོད་དོན། དེང་སང་མི་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་ཆབ་སྲིད་གུ་ཡངས་བཏང་ནས་ཆབ་སྲིད་བཙོན་པ་ཀློད་གྲོལ་གཏོང་གི་ཡོད་པའི་སྣང་བ་འདྲ་པོ་ཞིག་ཤར་གྱི་འདུག དེ་རྩ་བ་ཉིད་ནས་མ་རེད། གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་ཁོ་ཚོར་བཙོན་འཇུག་ཁྲིམས་ཆད་ལོ་བརྒྱད་བཅད་ཡོད་ན། ཁོ་ཚོས་དུས་ཆད་དེ་དག་ཆ་ཚང་བསྡད་དེ་མར་ཀློད་གྲོལ་བཏང་བ་ཞིག་ཡིན་པ་ལས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གུ་ཡངས་བཏང་བ་ཞིག་མ་རེད། དེང་སང་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་ཀློད་གྲོལ་བཏང་བ་ཡིན་ཡང་། ཁོ་ཚོས་ཆབ་སྲིད་བཙོན་པ་རེད་ཟེར་ནས་ཞྭ་མོ་ནག་པོ་ཞིག་གཡོགས་ཏེ། བཙོན་འཇུག་ཀྱི་དུས་ཆད་ལྟར་ཉིན་མཚན་མེད་པར་སོ་ལྟ་བྱེད་ཀྱི་རེད། ང་འདྲ་པོ་ཡིན་ན་དཀར་མཛེས་རྫོང་ལ་འགྲོ་རྒྱུའི་ཐོབ་ཐང་མེད་པ་མ་ཟད། བདུན་ཕྲག་རེར་ཤང་དང་རྫོང་གི་ཉེན་རྟོག་སར་ཕྱིན་ནས་ས་ཡིག་རྒྱག་དགོས་ཀྱི་ཡོད་སྟབས། ཉེན་རྟོག་པས་གལ་སྲིད་ངས་མ་འོངས་པར་མང་ཚོགས་ལ་ཆབ་སྲིད་ཀྱི་སྐད་ཆ་བཤད་པ་ཡིན་ན། སྔོན་མ་བཙོན་ཁང་ནང་ལོ་ལྔ་བསྡད་པ་ཡིན་ན། ལོ་དེ་ལས་མང་བ་ཁོ་ཚོར་བཙོན་འཇུག་བྱ་རྒྱུའི་ཐོབ་ཐང་ཡོད་པའི་སྐད་ཆ་བཤད་ཀྱི་འདུག་སྟབས། ད་ལྟ་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་ཀློད་གྲོལ་བཏང་བ་ཡིན་ཡང་ཁོ་ཚོར་འགུལ་སྐྱོད་བྱེད་ས་གང་ཡང་ཡོད་པ་མ་རེད། ཅེས་བརྗོད་སོང་།

 

རྡོར་རྗེ་ཚེ་བརྟན་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ལོའི་བོད་ནང་གི་ལས་འགུལ་སྐོར་བརྗོད་དོན། ཉེ་བའི་ཆར་བོད་ནང་སྐུ་ལུས་མེར་བསྲེགས་ཀྱི་ལས་འགུལ་ཤུགས་ཆེན་པོ་སྤེལ་ཏེ། ཛ་དྲག་གནས་སྟངས་ཆགས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་ཚེ་སྲོག་ཤོར་གྱི་ཡོད་ཀྱང་། ཕྱི་ལོ་ ༢༠༡༥ ལོར་སྐུ་ལུས་མེར་བསྲེགས་གནང་མཁན་ཉུང་དུ་ཕྱིན་འདུག འདི་ལོ་ཆ་བཞག་ན་བོད་ནང་སྐུ་ལུས་མེར་བསྲེགས་གནང་མཁན་མི་བདུན་བྱུང་ཡོད་ཁོངས་ནས། རྒྱལ་གཅེས་པ་བཞི་བུད་མེད་ཆགས་ཀྱི་ཡོད་སྟབས། བོད་ཀྱི་འཐབ་རྩོད་ནང་ལ་བུད་མེད་ཀྱིས་འགན་ཁུར་རྒྱུ་དང་འཛུལ་ཞུགས་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མཐོང་བསྡད་ཀྱི་འདུག་བསམ་གྱི་འདུག དེ་བཞིན། ད་ལྟའི་ཆར་སྐུ་ལུས་མེར་བསྲེགས་གནང་མཁན་ནང་ནས་ཤུགས་ཆེ་བ་མི་སྐྱ་ཆགས་ཀྱི་འདུག སྔོན་མ་མགོ་ཚུགས་དུས་གྲྭ་པ་དང་བཙུན་མ་མང་པོ་ཞིག་གིས་སྐུ་ལུས་མེར་བསྲེགས་གནང་བའི་གནས་སྟངས་བྱུང་ཡོད་ཀྱང་། འདི་ལོ་སྐུ་ལུས་མེར་བསྲེགས་གནང་མཁན་མང་ཆེ་བ་ལོ་མགོར་བྱུང་ཡོད་ཀྱང་། ལོ་མཇུག་ལ་མི་སྒེར་གྱིས་ཁྲོམ་ལ་ཐོན་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བརྒྱབ་པ་སོགས་ཀྱི་ལས་འགུལ་ཁག་མི་འདྲ་བ་ཧ་ལམ་ ༡༥ ནས་ ༡༦  ཙམ་བྱུང་སྟེ། མི་མང་པོ་ཞིག་འཛིན་བཟུང་དང་བཙོན་འཇུག་ཁྲིམས་ཆད་བཅད་པ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ཐོན་ནས། བོད་ནང་གི་ཆབ་སྲིད་ལས་འགུལ་དེ་ཤུགས་ཆེ་རུ་དང་རྣམ་པ་མི་འདྲ་བ་ཞིག་ཏུ་ཁ་ཕྱོགས་ཡོད་པ་རེད། ཅེས་བརྗོད་སོང་།

 

ཐེངས་འདིའི་རྗེས་དྲན་བགྲོ་གླེང་ཐོག་ཆབ་སྲིད་བཙོན་པ་དང་རྩོམ་པ་པོ་སྒྲོལ་མ་སྐྱབས་ཀྱི་སྙན་ངག་དང་། རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ལགས་ཀྱི་སྙན་ངག་བོད་དབྱིན་གཉིས་ཐོག་ནས་གྱེར་འདོན་གནང་སོང་།

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༥ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese