མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རབས་རྒན་པ་རྣམས་བཀའ་དྲིན་ཆེ།༼པར།༽

བོད་ཀྱི་དུས་བབ།
༢༠༡༦/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

སུ་ཇ་བོད་ཁྱིམ་གྱི་སློབ་ཕྲུག་ཁག་ཅིག་གིས་མི་རབས་རྒན་པ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཏེ་རྒན་རྒོན་ཚོའི་ཕྱིའི་ཁོར་ཡུག་དང་ནང་གི་ཉལ་ཆས་སོགས་གཙང་མ་བཟོས་ཏེ་བཀའ་དྲིན་རྗེས་དྲན་ཞུས་འདུག

དེ་རིང་ཉིན་རྒྱབ་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་གཉིས་འདི་གའི་གསར་ཁང་ལ་ཕེབས་ཏེ། ཁོ་རང་ཚོས་དགུན་ཁའི་གུང་གསེང་དང་བསྟུན་ཏེ་དྷ་རམ་ས་ལའི་ཉེ་འཁོར་གྱི་རྒས་གསོ་ཁང་ཁག་ཅིག་ལ་དང་བླངས་ཞབས་ཞུ་བསྒྲུབས་པའི་སྐོར་ངོ་སྤྲོད་གནང་སོང་།

ཁོང་གཉིས་ཀྱིས་བརྗོད་པ་ལྟར་ན། སུ་ཇ་སློབ་གྲྭའི་འཛིན་རིམ་བཅུ་གཅིག་གི་སློབ་ཕྲུག་ཁག་ཅིག་གིས་གྲོས་བསྡུར་བྱས་ཏེ། ༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པ་དང་བསྟུན་ཏེ། རྒན་པའི་བཀའ་དྲིན་རྗེས་དྲན་དང་། བོད་པའི་ཡ་རབས་བཟང་སྤྱོད། མི་རབས་གསར་པ་ཚོར་མིག་དཔེ་བཟང་པོ་འཇོག་ཐབས་བཅས་ཀྱི་ཆེད་དུ། ད་ལོའི་དགུན་ཁའི་གུང་གསེང་དང་བསྟུན་ཏེ་སློབ་ཕྲུག་ ༩ ཡིས་མ་སྐུལ་དང་བླངས་ཐོག་དྷ་རམ་ས་ལའི་ཉེ་འཁོར་གྱི་རྒས་གསོ་ཁང་ ༣ ལ་ཞབས་ཞུ་བསྒྲུབ་རྒྱུའི་ཐག་གཅོད་བྱས་པ་ཡིན་འདུག

སུ་ཇ་བོད་ཁྱིམ་སློབ་གྲྭ་ཟླ་སྔོན་མའི་ཚེས་ ༡༦ ཉིན་ནས་གུང་གསེང་བཏང་ཡོད་པ་དང་། ཚེས་ ༢༠ ཉིན་ནས་སློབ་ཕྲུག་ཕོ་མོ་ ༧ གྱིས་སུ་ཇ་སློབ་གྲྭའི་རྒན་རྒོན་ ༣ ལ་ཞབས་ཞུ་བསྒྲུབས་པ་ནས་མགོ་བཙུགས་ཏེ། ཅོན་ཏ་ར་རྒས་གསོ་ཁང་དང་། དྷ་སྟེང་རྒས་གསོ་ཁང་། དྷ་ས་བྱམས་པ་གླིང་རྒས་གསོ་ཁང་བཅས་སུ་བདུན་ཕྲག་རེ་རེ་བྱས་ཏེ་དང་བླངས་ཞབས་ཞུ་བསྒྲུབས་ཡོད་འདུག

སློབ་ཕྲུག་དེ་དག་གི་དང་བླངས་ཞབས་ཞུའི་རྣམ་གྲངས་ ༥ ཡོད་པ་ནི། དང་པོ། རྒས་གསོ་ཁང་གི་ཁོར་ཡུག་གཙང་མ་བཟོ་བ་དང་། གཉིས་པ། རྒན་རྒོན་ཚོའི་ཉལ་ཁང་གཙང་མ་བཟོང་བ། གསུམ་པ། ཉལ་ཆས་དང་གྱོན་གོས་གཙང་མ་བཟོ་བ། བཞི་པ། གཟུགས་པོ་འཁྲུད་པ་དང་སྐྲ་དང་སེན་མོ་གཙང་མ་བཟོས་པ། ལྔ་པ། གཟིགས་པོར་འཕུར་མཉེད་དང་སྨན་བཅོས། ཁ་བརྡ་སེམས་གསོ་སོགས་བྱས་ཏེ་ཁམས་དྭངས་མོ་བཟོ་རྒྱུ་སོགས་ཡིན་འདུག

ཕ་ཡུལ་རྒྱལ་རོང་ནས་ཡིན་པའི་སློབ་ཕྲུག་བཀྲ་ཤིས་ལགས་སུ། ཐེངས་འདིར་རྒས་གསོ་ཁང་ཁག་ཏུ་དང་བླངས་ཞབས་ཞུ་བསྒྲུབས་པའི་མྱོང་ཚོར་དྲིས་པར་ཁོང་གིས། “ཚོར་བ་ཤུགས་ཆེན་པོ་ཞིག་གང་བྱུང་སོང་ཟེར་ན། རྒན་རྒོན་དེ་ཚོར་བོད་དོན་ལ་སེམས་ཤུགས་ཆེན་པོ་དང་། སྐུ་མདུན་ལ་དད་པ་དམ་ཚིག་ཆེན་པོ་ཧ་ལས་པ་འདུག ཁོ་རང་ཚོས་ང་ཚོར་བཤད་རྒྱུ་གཙོ་བོ་ཨང་དང་པོ་སྐུ་མདུན་གྱི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པ་དང་། གཉིས་པ་དེ་རང་རང་གི་གནས་སྟངས་འགྲིག་ཙམ་བྱུང་ན་བསྡད་འཇོག་རྒྱུ་མ་ཡིན་པར་བོད་སྤྱི་དོན་ལ་ལས་ཀ་བྱེད་དགོས་པ་ཤུགས་ཆེན་པོ་གསུང་གི་འདུག” ཅེས་བརྗོད་སོང་།

ཕ་ཡུལ་གཞིས་ཀ་རྩེ་ནས་ཡིན་པའི་བཀྲ་ཤིས་ལགས་ཀྱིས། “ང་ཚོ་རྒས་གསོ་ཁང་ཁག་ཏུ་འགྲོ་སྐབས། རྒན་རྒོན་ཁ་ཤས་ཀྱི་གཤིས་ཀ་གྱོང་པོ་ཞེ་དྲགས་འདུག ཁ་ཤས་ཀྱིས་ཁོ་རང་ཚོའི་ཅ་ལག་དང་གྱོན་ཆས་དེ་ཚོར་ལག་པ་འཆང་འཇུག་གི་མི་འདུག གང་ཡིན་ཟེར་ན། ག་ཚོར་དོགས་པ་ཟ་བཞིན་ཡོད་ས་རེད། སྔོན་མ་ཁོ་རང་ཚོར་འབྲེལ་བ་ཡོད་མཁན་གཞོན་སྐྱེས་དེ་འདྲས་དངུལ་དང་ཅ་དངོས་རྐུ་མ་བརྒྱབ་པ་དེ་འདྲ་བྱུང་ཡོད་ས་རེད། ང་ཚོས་གཙང་མ་ཡག་པོ་བཟོས་ཚར་བའི་རྗེས་ལ་ཁོ་རང་ཚོས་དགའ་བོ་ཞེ་དྲགས་གནང་གི་འདུག” ཅེས་བརྗོད་བྱུང་།

ཁོས་མུ་མཐུད་དུ་བརྗོད་དོན། “རྒན་རྒོན་དེ་ཚོས་ཅ་ལག་འདྲ་མི་འདྲ་ཉར་འདུག ཁ་ཤས་ལ་ཤིང་བཟོ་བའི་ཆ་ལག་ཆ་ཚང་བ་དེ་འདྲ་འདུག ང་ལ་ཉམས་མྱོང་ག་རེ་བྱུང་སོང་ཟེར་ན། རྒན་རྒོན་དེ་ཚོའི་ཅ་ལག་སྔོན་མ་གང་དུ་བཞག་ཡོད་པ་དེ་རང་ལ་འཇོག་རྒྱུ་མ་གཏོགས་འཇོག་ས་བརྗེ་བོ་བརྒྱབ་པ་ཡིན་ན། ཁོ་རང་ཚོས་མ་རྙེད་པ་དང་། དྲན་པ་རྗེད་འགྲོ་ཡི་འདུག དེ་ནས་ཁོ་རང་ཚོའི་ཅ་ལག་དེ་ལ་འགྱུར་བ་རྐང་གཅིག་ཀྱང་གཏོང་ཆོག་གི་མི་འདུག དཔེར་ན། ཁ་པར་ཞིག་ཡིན་ན། ཁོ་རང་ཚོའི་ཁ་པར་དེ་ཡག་པོ་མེད་ནའང་དེ་ལས་ཡག་ཅིག་སྤྲད་ན་ཁྱོན་ནས་ལེན་རོགས་བྱེད་ཀྱི་མི་འདུག” ཅེས་བརྗོད་སོང་།

ཁོང་གཉིས་ལ་ཐེངས་འདིའི་ཞབས་ཞུ་བ་ཚོ་སྡོད་ས་དང་ཟ་མ། ཕར་ཚུར་འགྲུལ་བཞུད་ཀྱི་འགྲོ་སོང་སོགས་ཇི་ལྟར་བཏང་བ་ཡིན་སྐོར་དྲིས་པར། ཁོང་ཚོས་ཐོག་མ་སུ་ཇ་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་ཚོར་ཞལ་འདེབས་རེ་བསླངས་ཏེ་དངུལ་ཏོག་ཙམ་རག་ཡོད་པ་དང་། རྗེས་ལ་ཁོ་རང་ཚོའི་ལས་དོན་ལ་རྒྱབ་སྐོར་གནང་མཁན་མི་སྒེར་བ་རེ་ཟུང་གིས་ཀྱང་ཞལ་འདེབས་སྤྲད་དེ་འགྲོ་སོང་ཚང་མ་དེ་ནས་བཏང་ཡོད་པ་མ་ཟད། དངུལ་དེས་རྒས་གསོ་ཁང་ཁག་ལ་ཞལ་ལག་སྟབས་བདེ་རེའང་བཏང་ཡོད་སྐོར་ངོ་སྤྲོད་གནང་སོང་།

སློབ་ཕྲུག་དང་བླངས་ཞབས་ཞུ་ཚོགས་ཆུང་དེའི་ལས་བསྡོམས་ནང་འཁོད་པ་ལྟར་ན། ཅོན་ཏ་ར་རྒས་གསོ་ཁང་དུ་རྒན་རྒོན་ ༢༤ དང་། དྷ་སྟེང་བོད་ཁྱིམ་དུ་རྒན་འཁོགས་ ༢༧ ། བྱམས་པ་གླིང་རྒས་གསོ་ཁང་དུ་རྒན་རྒོན་ ༡༦༦ བཅས་ཡོད་འདུག དང་བླངས་སློབ་ཕྲུག་ ༧ ནི། བསྟན་འཛིན་དང་ནམ་མཁའ། སྤེན་པ། མཁའ་འགྲོ། ངག་དབང་དར་རྒྱས། ཉི་མ། བཀྲ་ཤིས་བཅས་ཡིན་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

DSCN8496 DSCN8485 DSCN8449 DSCN8430 DSCN8426 DSCN8409 DSCN8408 DSCN8395 DSCN8385 DSCN8384 DSCN8382 DSCN8380 DSCN8331 DSCN8281 DSCN8223 DSCN8209 DSCN8196 DSCN8163 DSCN8153 DSCN8121 DSCN7911 DSCN7891 DSCN7887 DSCN7883 DSCN7838 DSCN7807 DSCN7510 DSCN7472

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 13

  1. བློན་ཆེན། says:
    ལོ་ 10 སྔོན།

    བོད་ཀྱི་སྤྱི་ཚོགས་ནང་རྒན་གསོ་ཁང་དར་ནས་དུས་ཡུན་རིང་པོ་འགོར་མེད། རྒན་གསོ་ཁང་འཛུགས་པའི་དམིགས་ཡུལ་ནི་ལྟ་སྐྱོང་བྱེད་མཁན་མེད་པའི་རྒན་རབས་ཚོའི་དཀའ་ངལ་སེལ་ཆེད་རེད། བོད་ལ་མཚོན་ན། རྒན་བཀུར་ཆུང་བྱམས་ཀྱི་ལུགས་སྲོལ་བཟང་པོ་ཡོད་པས། དུས་རབས་མང་པོ་ཞིག་གི་རིང་རྒན་གསོ་ཁང་འཛུགས་དགོས་མ་བྱུང་བ་རེད། འོན་ཀྱང་དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན་ནས་མི་ཡི་གཤིས་ཀ་དང་སྤྱི་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་འགྱུར་བ་ཕྱིན་པས། བོད་མི་ཚོས་རང་ཉིད་ཀྱི་ཕ་མ་རྒན་འཁོག་ཆགས་ཏེ་སྐྱོང་གཉོར་བྱ་འདོད་མེད་པར་རྒན་གསོ་ཁང་ལ་གཏོང་ཐབས་བྱེད་པའི་དུས་ཚོད་དེ་དངོས་སུ་ཤར་པ་རེད། ཟས་ཞིམ་པོ་དང་གོས་འཇམ་པོ་སྤྱོད་རྒྱུ་མེད་པའི་ཁར་སེམས་ཀྱང་སྐྱིད་པོ་མེད་པའི་དེ་རིང་གི་རྒན་རབས་འདི་དག་ནི། དེང་སང་སྤྱི་ཚོགས་ནང་ཡིན་མདོག་གིས་འགྲོ་བའི་མི་མང་པོ་ཞིག་གི་བྱམས་ལྡན་ཕ་མ་རྣམ་ཡིན་ལ། ཁོང་ཚོ་ནི་བོད་མི་ཚོའི་ཡ་རབས་ལུགས་ཀྱི་ཡུལ་སྲོལ་གོམས་གཤིས་ཉམས་རྒུད་དུ་འགྲོ་བཞིན་པའི་དཔེ་མཚོན་གསོན་པོ་རེའང་ཡིན་པ་མ་ཟད། རང་རློམ་ཆེན་པོས་ངང་འགྲོ་བའི་དེང་སང་གི་ན་གཞོན་མང་པོ་ཞིག་གི་མ་འོངས་པའི་འགྲོ་ལམ་ཡང་ཡིན།

    Reply
  2. བསོད་ནམས says:
    ལོ་ 10 སྔོན།

    གསར་འབྱོར་ཀ་ཅག་ཆུང་ཆུང་སེམས་ཤུགས་ཆེན་པོ་ཡོངས་ལ་ལེགས་སོ་ཡོད

    Reply
  3. མགར་མི་ནག says:
    ལོ་ 10 སྔོན།

    བཀའ་དྲིན་ཆེ།

    Reply
  4. མགར་མི་ནག says:
    ལོ་ 10 སྔོན།

    ངོ་མ་བཀའ་དྲིན་ཆེ།

    Reply
  5. རང་དབང་། says:
    ལོ་ 10 སྔོན།

    ཡག་པོ་ཞེ་དྲག་རེད། འདི་ལ་ཁ་ཡོད་ལག་ཡོད་ཟེར་གྱི་ཡོད་རེད། རྒན་འཁོགས་གཞན་ཞིག་གིས་རྐང་པའི་མཛུབ་མོ་མཐོང་དུས་ནང་སྲིད་ལས་ཁུངས་ཀྱིས་རྒན་འཁོགས་ཚོའི་འཕྲོད་བསྟེན་ལ་ད་རུང་མ་འདང་ཕྱོགས་གཅིག་བསྟན་འདུག གང་ལྟར་དང་བླངས་སློབ་ཕྲུག་ཚོར་ཡིད་རངས་བསྔགས་བརྗོད་བྱེད་ཀྱི་ཡོད།

    Reply
  6. གངས་སེམས་གསོན། says:
    ལོ་ 10 སྔོན།

    སློབ་ཕྲུག་ཚོ་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་རེ་བ་དང་མ་འོངས་པ་ཡིན་སྟབས། འདི་ལྟ་བུའི་མ་སྐུལ་དང་བླངས་ཀྱི་བྱ་སྤྱོད་རྣམས་ནི་དངོས་གནས་དགའ་འོས་པ་དང་བསྟོད་བསྔགས་བྱེད་འོས་པ་མ་ཟད། སློབ་གྲྭ་གཞན་གྱི་སློབ་ཕྲུག་ཚོས་ཀྱང་མིག་དཔེར་ལྟ་འོས་སོ།

    Reply
  7. ཡ་ལོ། says:
    ལོ་ 10 སྔོན།

    ཤིན་ཏུ་ལེགས། བཀའ་དྲིན་ཆེ། ཆོས་ཀྱི་སྙིང་པོ་དེ་རང་རེད་སྙམ།

    Reply
  8. སེམས་བདེ། says:
    ལོ་ 10 སྔོན།

    བསྔགས་བརྗོད་བྱེད་འོས་པའི་ལས་འགུལ་འདི་ལྟ་བུ་མང་དུ་སྤེལ་ཐུབ་ན་དགེ་མཚན་ཆེ། མ་གཞི་རྒན་བཀུར་གྱི་བྱ་བ་འདི་ང་ཚོ་མི་རིགས་ལ་མཚོན་ན་བཟང་སྤྱོད་ཅིག་ཡིན་པས་ན། ཚང་མས་ཕྱར་བ་གྲུ་འདེགས་ཀྱི་དཔེ་ལྟར་རྒྱབ་སྐྱོར་རེ་བྱེད་པར་གལ་ཆེ།

    Reply
  9. དབུ་མ་བ་འཕྲིན་ལས། says:
    ལོ་ 10 སྔོན།

    དངོས་གནས་ཡིན། སུ་ཇཱ་བོད་ཁྱིམ་གྱི་སློབ་ཕྲུག་འདི་ཚོས་གུང་སེང་སྐབས་སློབ་ཕྲུག་བྱིངས་ལྟར་འཆམ་འཆམ་དང་། ལྷོད་ལྷོད། རང་སྦྱོང་བྱ་རྒྱུ་སོགས་སྒེར་གྱི་བྱ་གཞག་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ། ངལ་བའི་ཚོགས་ལ་གདོང་ལེན་གྱིས་སེམས་འགུལ་ཐེབས་དགོས་པ་དང་། ཁ་ཚ་དགོས་གཏུགས་གྱི་སྤྱི་ཚོགས་ཞབས་ཞུ་སྒྲུབ་བཞིན་པར་སྤོབས་པ་ཆེར་བསྐྱེད། ཁྱེད་རྣམ་པའི་རྣམ་དཀར་གྱི་བྱ་བར་ལམ་འགྲོ་ཡོང་བར་སྨོན།

    ཐབ་ཆུང་ཆུང་མེ་ཚ་པོ།
    མི་ཆུང་ཆུང་ལས་ཆེན་པོ།
    ཁ་ཉུང་ཉུང་ལག་མྱུར་པོ།
    དངུལ་ཉུང་ཉུང་གྲ་འགྲིག་པོ།

    Reply
  10. གཡང་སྐྱིད། says:
    ལོ་ 10 སྔོན།

    ལས་འགུལ་ཆུང་ཆུང་ནུས་པ་ཆེན་པོ། ཡ་རབས་བཟང་པོའི་བྱ་སྤྱོད་འདིས་བོད་ཕྱི་ནང་གཉིས་ལ་སྐུལ་འདེད་ཅིག་ཐེབས་པའི་རེ་བ་ཡོད།

    Reply
  11. ཨ་རིག་འགྱུར་མེད། says:
    ལོ་ 10 སྔོན།

    ངོ་མ་ཡིད་སེམས་རབ་ཏུ་སྒུལ་བའི་སློབ་མ་སྐོར་ཞིག་འདུག་ཨང་། ཁྱེད་ཅག་ཁ་དྲོ་བཀྲ་ཤིས།

    Reply
  12. ནོར་བུ་བསམ་འཕེལ། says:
    ལོ་ 10 སྔོན།

    ལས་ཀ་དཔེ་ཡག་པོ་གནང་འདུག་པས། སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།་

    Reply
  13. བློ་བཟང་། says:
    ལོ་ 10 སྔོན།

    སྙིང་ཉེ་བའི་སློབ་གྲོགས་ཆུང་ཆུང་རྣམ་པ། ཁྱེད་ཅག་གི་ལས་ཀ་དེ་ཇི་འདྲའི་ཡིད་འགུལ་ཐེབས་པའི་ལས་ཀ་ཞིག་རེད་ཨང་། ལྷག་དོན་དུ། ཁྱེད་ཅིག་གིས་ཕྱིའི་རང་བྱུང་ཁོར་ཡུག་ནས་མིའི་ནང་སེམས་ཀྱི་བར་དུ་གཙང་སྦྲ་བྱས་པ་དེ་མཛེས་སྡུག་ལྡན་པ་ཞིག་དང་། ལས་ཀའི་གོ་རིམ་དེ་ལྷག་ཏུ་ཡིད་དབང་འཕྲོག་པ་ཞིག་རེད་ཨང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese