མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སློབ་མར་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༦/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་མཐོ་རིམ་ཁྲིམས་ཁང་ཞིག་གིས་ཨ་རིའི་ནང་མཐོ་སློབ་འགྲིམ་བཞིན་པའི་རྒྱ་ནག་གི་སློབ་མ་གསུམ་ལ་ལོ་ ༦ ནས་ ༡༣ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
73c080f527f349c39d7deb64fb82c978_wཁ་སང་ཕྱི་ཚེས་ ༡༧ ཉིན་ཨ་རིའི་མངའ་སྡེ་ཁ་ལི་ཧྥོར་ནི་ཡའི་ནང་ཡོད་པའི་ཕོ་མོ་ནཱ་མཐོ་རིམ་ཁྲིམས་ཁང་( Pomona Higher Law)གིས། སློབ་གྲོགས་བཀག་ཉར་བྱས་ཏེ་གནོད་འཚེ་ཚབས་ཆེན་བཏང་བའི་ནག་ཉེས་འོག མཐོ་སློབ་འགྲིམ་བཞིན་པའི་རྒྱ་ནག་གི་སློབ་ཕྲུག་བུ་མོ་དི་ཡེན་ཡོ་ཟེར་བ་ཞིག་ལ་ལོ་ ༡༣ དང་། ཡང་ཡཱས་ཧན་ལ་ལོ་ ༡༠། ཀྲང་ཞིན་ལི་ལ་ལོ་ ༦ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། བཙོན་འཇུག་དུས་ཡུན་ཚང་རྗེས་སློབ་མ་དེ་དག་རྒྱ་ནག་ཏུ་ཕྱིར་ལོག་གཏོང་རྒྱུ་ཡིན་སྐོར་ཡོངས་བསྒྲཊ་བྱས་འདུག་ལ། ད་དུང་སློབ་མ་ ༦ བཀག་ཉར་འོག་ཡོད་པ་དང་སློབ་མ་ ༤ བྲོས་བྱོལ་དུ་ཕྱིན་པ་བཅས་རྒྱ་ནག་གི་ཕྱི་སྡོད་མཐོ་རིམ་དང་འབྲིང་རིམ་སློབ་མ་ ༡༣ ཙམ་ཉེས་དོན་དེར་འབྲེལ་བ་ཡོད་འདུག

བྷི་བྷི་སིས་གནས་ཚུལ་སྤེལ་བ་ལྟར་ན། སློབ་ཕྲུག་དེ་དག་གིས་འདས་ལོའི་ཕྱི་ཟླ་ ༣ པའི་ནང་ཁུལ་དེའི་མཐོ་སློབ་ནང་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་བུ་མོ་ལོ་ན་ ༡༦ དང་ ༡༨ ཅན་ཞིག་བཀག་ཉར་བྱས་ཏེ། གཅེར་བུར་ཕུད་པ་དང་རུབ་རྡུང་བཏང་བ། ལུས་ལ་ཐ་མག་གི་མེས་བསྲེགས་པ་སོགས་ཀྱི་མནར་གཅོད་བཏང་ཡོད་པ་དང་། ལོ་ ༡༦ ཅན་གྱི་བུ་མོ་དེས་ཁོ་ཚོར་བརྩི་བཀུར་མ་བྱས་པ་དང་། ལོ་ ༡༨ ཅན་དེས་ཟ་རིན་མ་སྤྲད་པ་དང་སྐྱེས་པ་ཞིག་གི་རྩོད་རྙོག་ཁུར་ཏེ་རུབ་རྡུང་བཏང་ཡོད་འདུག

གཅར་རྡུང་ཕོག་པའི་སློབ་ཕྲུག་གཉིས་ཀྱིས་གུན་གསབ་སྒོར་མོ་སྤྲོད་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། ལོ་ན་ ༡༨ ལོན་པའི་ཉེས་ཅན་སློབ་ཕྲུག་ ༤ ལ་གུན་གསབ་སྒོར་མོ་སྤྲོད་རྒྱུ་མེད་ལ། ཁོ་ཚོའི་ཕ་མ་ཚོས་ཀྱང་གུན་གསབ་དེར་འགན་འཁུར་དགོས་ཀྱི་མེད་པ་རེད། ཡིན་ནའང་། ལོ་ན་ ༡༨ མ་ལོན་པའི་ཉེས་ཅན་ཚོའི་གུན་གསབ་ཨ་སྒོར་ཁྲི་ ༢.༥ དེ་ཕ་མ་ཚོས་སྤྲོད་དགོས་པའི་ཐག་གཅོད་བྱས་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡ ཚེས་ ༥ ཉིན་ཁྲིམས་ཆད་ཕོག་པའི་སློབ་ཕྲུག་གསུམ་གྱིས་སོ་སོའི་ནག་ཉེས་ཁས་ལེན་བྱས་ཡོད་པ་དང་། ཁ་ལི་ཧྥོར་ནི་ཡའི་བཅའ་ཁྲིམས་ནང་མནར་གཅོད་བཏང་བའི་ནག་ཉེས་ནི་ཧ་ཅང་ཚབས་ཆེན་དུ་རྩི་ཡི་ཡོད་པས་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་ཉེན་ཡོད་སྟབས། ཉེས་ཅན་སློབ་ཕྲུག་ཚོའི་ངོས་ནས་ཁྲིམས་རའི་ཐག་གཅོད་དང་ལེན་བྱ་རྒྱུ་ཡིན་པས་མནར་གཅོད་བཏང་བའི་ནག་ཉེས་ཕྱིར་བསྡུ་དགོས་པའི་རེ་འདུན་བཏོན་ཡོད་པ་ལྟར། ཁྲིམས་ཞིབ་ཁང་ནས་ཁོ་ཚོའི་མནར་གཅོད་ཀྱི་ནག་ཉེས་ཕྱིར་བསྡུས་ཡོད་འདུག

ལོ་ ༡༣ བཙོན་འཇུག་ཁྲིམས་ཐག་བཅད་པའི་བུ་མོ་དི་ཡེན་ཡོ་ཟེར་བ་དེས། རྒྱ་ནག་ནང་ཡོད་པའི་མོ་རང་གི་ཕ་མ་གཉིས་ཀྱིས་རང་དབང་ལྡན་པའི་ཐོག་ནས་མོས་སྔར་ལས་འཚོ་བ་ལེགས་པོ་ཞིག་སྐྱེལ་ཐུབ་པ་དང་སློབ་སྦྱོང་ཚད་ལྡན་ཞིག་འཐོན་པའི་ཆེད་དུ་ཨ་རིར་བཏང་བ་ཡིན་ཡང་། མོ་ཨ་རིར་བསླེབས་རྗེས་ཁེར་རྐྱང་གི་སྡུག་བསྔལ་མྱང་ཞིང་བརྩེ་སེམས་བརླགས་སོང་བ་དང་། ཕ་མ་དང་ཁ་བྲལ་ནས་ཁེར་རྐྱང་གིས་འཚོ་བ་དེ་མོ་རང་གིས་ནག་ཉེས་བཟོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་ཡོད་སྐོར་བརྗོད་འདུག་ལ། ལོ་ ༦ ཁྲིམས་ཆད་ཕོག་པའི་སློབ་མ་ཡང་ཡཱས་ཧན་ཟེར་བ་དེས་ཀྱང་ཕ་མས་སེམས་པ་བཟང་པོ་བཅངས་ཏེ་སོ་སོའི་བུ་ཕྲུག་རྒྱང་རིང་དུ་བཏང་བ་ཡིན་ནའང་། གནས་དེར་ལྟ་སྐྱོང་འདང་ངེས་མེད་པ་དང་རང་དབང་ཆེ་དྲགས་ན་ཉེན་ཁ་ཞིག་ཆགས་ཡོད་སྐོར་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༦ ཉིན་ཨ་རིའི་ཧཱ་རིན་(Huaren Education)ཤེས་ཡོན་ཞིབ་འཇུག་ལྟེ་གནས་ཁང་གིས། ༢༠༡༥ ལོའི་ཨ་རིའི་རྒྱ་ནག་གི་སློབ་མའི་གནས་ཚུལ་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཞེས་པ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། ད་སྐབས་ཨ་རིའི་ནང་རྒྱ་ནག་གི་སློབ་མ་ཁྲི་ ༥༠ ཙམ་ཡོད་པ་དང་། ཁོ་ཚོ་ལས་མང་ཆེ་བ་ཨ་རིའི་སྐད་གྲགས་ཅན་གྱི་སློབ་ཆེན་མང་པོ་ཡོད་པའི་རྒྱལ་ས་ཝ་ཤིང་ཊོན་དང་ཁ་ལི་ཧྥོར་ནི་ཡ་(California)། ཧྥི་ལོ་རི་ཌཱ་(Florida)སོགས་ཀྱི་ནང་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་སློབ་མ་ ༨༠༠༠ སློབ་གྲྭ་ནས་ཕྱིར་འབུད་བཏང་ཡོད་པ་དང་། དེའི་ནང་ནས་བརྒྱ་ཆའི་ ༢༢.༩༨ རིག་གཞུང་ཞིབ་འཇུག་གི་སྤྱོད་ལམ་མ་གཙང་བ་དང་། བརྒྱ་ཆའི་ ༥༧.༥༦ རིག་གཞུང་གི་སྣང་ཚུལ་ཞན་དྲགས་པའི་རྐྱེན་གྱིས་ཡིན་ལ། ཕྱིར་འབུད་བཏང་བའི་སློབ་མ་དེ་དག་ལས་བརྒྱ་ཆའི་ ༨༨.༧ ནི་ལོ་ན་ ༡༨ ནས་ ༢༥ བར་ཡིན་ཞིང་། བརྒྱ་ཆའི་ ༧ ལྷག་དངོས་གཞིའི་སློབ་ཆེན་པ་དང་འབུམ་རམས་པ་རྐྱང་རྐྱང་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese