མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མངོན་ལྐོག་རྒྱབ་མདུན་མཚུངས་པ་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་སྨན་རྩིས་ཁང་ལོ་བརྒྱ་འཁོར་བའི་མཛད་སྒོ་ཚོགས་པའི་སྟེང་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་མ་འོངས་པའི་ལོ་གཅིག་རིང་ཕྱི་རྒྱལ་ཁག་ཏུ་བོད་པའི་སྨན་རྩིས་འགྲེམ་སྟོན་དང་ཚོང་སྒྱུར་སོགས་ཞུ་རྒྱུ་ཡིན་སྐོར་བརྗོད་སོང་།

IMG_0673དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་མི་ལོ་བརྒྱ་ (༡༩༡༦ – ༢༠༡༦) འཁོར་བའི་དུས་དྲན་མཛད་སྒོ་སྲུང་གཙི་གནང་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོ་༧གོང་ས་མཆོག་གི་གཙོས་པའི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནགས་ཚལ་བློན་ཆེན་སྐུ་ཞབས་ཤཱ་རེ་ཐ་ཀུར་སེན་ཧ་བྷར་མུ་རེ་ (Shri Thakur Singh Bharmouri) དང་། ཨ་ཡུར་ཝེ་དྷའི་བློན་ཆེན་སྐུ་ཞབས་ཤཱ་རེ་ཀ་རན་སེན་ཧ་ (Shri Karan Singh) མཆོག ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤཱ་རེ་ར་བེ་ཐ་ཀུར་ (Shri Ravi Thakur) མཆོག དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན། དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ། དྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་སོགས་ཁྱོན་མི་གྲངས་ ༢༠༠༠ ཙམ་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་རྒྱ་གཉིས་ཀྱི་རྒྱལ་གླུ་རྔ་རོལ་དང་བཅས་པ་ཕུལ་བ་དང་། བོད་ཀྱི་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་ཚོས་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་གནང་སྟེ་མི་ལོ་བརྒྱ་འཁོར་བའི་དུས་དྲན་མཛད་སྒོར་གསར་རྩོམ་གནང་བའི་མཉམ་གཞས་བཏང་རྗེས། ༧གོང་ས་མཆོག་གིས་སྨན་རྩིས་ཁང་གི་སྨན་པ་ཟུར་བ་དང་སྐུའི་བླ་སྨན་ཟུར་བ་སྨན་པ་ཡེ་ཤེས་དོན་ལྡན་ལགས་དང་། ཧི་མ་ཅལ་མངའ་སྡེའི་བློན་ཆེན་དང་ཨུ་རུ་སུའི་གྲོས་ཚོགས་འཐུས་མི་རྣམ་པར་ཕྱག་རྟགས་དང་གཟེངས་རྟགས་སོགས་བསྩལ་སོང་།

སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་ཀྱི་སྨན་རྩིས་ཁང་གི་ལོ་རྒྱུས་ངོ་སྤྲོད་གནང་བའི་ནང་། ཕྱི་ལོ་ ༢༠༡༦ ལོ་ནི་༧རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་གིས་ལྕགས་པོ་རི་སྨན་པ་གྲྭ་ཚང་ཕྱག་བཏབ་ནས་མི་ལོ་ ༣༢༠ འཁོར་ཡོད་པ་དང་། ༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་ལྷ་ས་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༠ འཁོར་བའི་དུས་ཚིགས་ཤིག་ཏུ་འཁེལ་ཡོད་སྟབས། འབྱུང་འགྱུར་ཕྱི་ཟླ་ ༤ པ་ནས་ཚོགས་བཟུང་ཆུང་དྲུག་ཏུ་ས་ཆ་ཆ་བགོས་བྱས་ཏེ་རྒྱལ་ཁབ་འདྲ་མིན་ནང་བོད་ལུགས་གསོ་བ་རིག་པ་དང་སྐར་རྩིས་རིག་པའི་འགྲེམ་སྟོན་དང་གཏམ་བཤད། ཟས་སྤྱོད་ལམ་སྟོན་དང་བགྲོ་གླེང་། སྨན་རྫས་ཐོན་སྐྱེད་ཚོང་བསྒྱུར་སོགས་ཀྱི་ལས་འཆར་སྒྲིག་ཡོད་སྐོར་དང་། དེ་ལ་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི་རྣམས་ཀྱིས་ཆུ་ཚོད་ ༡༠༠ ཡི་ཕོགས་དང་གླ་ཆ་ཕུལ་ཡོད་པ་དང་། སློབ་ཕྲུག་རྣམས་ནས་ཆུ་ཚོད་ ༡༠༠ རིང་དང་བླངས་ལས་ཀ་བྱས་པ། སྨན་རྩིས་ཁང་གི་ལས་བྱེད་ཟུར་བ་དང་རྒྱ་གར་གྲོང་ཁྱེར་ཁག་ནང་ཡོད་པའི་ནད་པ་རྣམས་ནས་ཞལ་འདེབས་བྱུང་བ་སོགས་ད་བར་ཧིན་སྒོར་འབུམ་ ༧༥ ཙམ་འབྱོར་ཡོད་སྐོར་སོགས་བརྗོད་སོང་།

༧གོང་ས་མཆོག་གིས་གསུང་བཤད་གནང་དོན། ང་ཚོ་འདིར་བཙན་བྱོལ་ལ་བསླེབས་ནས་གནས་སྟངས་རྣམ་པ་དྲག་པོ་ཞིག་གི་འོག་ནས་ང་ཚོ་ཚང་མས་རིག་པ་སྒྲིམ་ནས་གང་ཡོང་ཅི་ཡོང་བྱས་ཡོད་པ་རེད། ད་བར་མི་ལོ་ང་བདུན་ཕྱིན་ཡོད་པ་རེད། སྨན་རྩིས་ཁང་ཡང་དེའི་ཆ་ཤས་ཤིག་རེད། ང་ཚོ་ཚང་མས་དཀའ་ལས་བརྒྱབ། དངོས་གནས་བསམ་པ་རྣམ་དག དྲང་མོ་དྲང་བཞག རྒྱབ་མདུན་ངོ་རྒོལ་མེད་པ། རང་དོན་ཁོག་བཅུག་མ་ཡིན་པར། རྒྱུ་འབྲས་དྲང་བདེན་གྱི་ཐོག་ནས་བཀའ་ལས་བརྒྱབ་ནས་འབྲས་བུ་གང་ལ་གང་འཚམ་བྱུང་བསྡད་ཡོད་པ་རེད། ཅེས་དང་། ཁོང་གིས་ནང་ཆོས་ཀྱི་ཕྱོགས་ནས། བོད་རྒྱ་ཆེའི་མི་མང་སངས་རྒྱས་པའི་ཆོས་པ་རེད། སངས་རྒྱས་པའི་ཆོས་ཟེར་ན་ག་རེད་ལབ་ན། ཁ་ལ་མཛུབ་མོ་བཙུགས་ནས་སྡོད་པ་ལས་བཤད་རྒྱུ་མི་འདུག་གཱ ཧི་མ་ལ་ཡའི་རི་རྒྱུད་ཀྱང་དེ་འདྲ་རེད། གཡུ་ཐོག་ཡོན་ཏན་མགོན་པོའི་གཞུང་ནང་། གཡུ་ཐོག་ཡོན་ཏན་མགོན་པོར་བདུན་ཕྲག་གཅིག་ལ་གསོལ་བ་བཏབ་ན་ཞེ་དྲག་ཅིག་ཡོང་གི་ཟེར་བ་དེར་ང་ཡིད་ཆེས་མེད། བཅོམ་ལྡན་འདས་ལའང་ལོ་དང་ཟླ་བ་བསྟུད་ནས་གསོལ་བ་བཏབ་ཀྱང་སོ་སོས་མ་སྦྱང་ན་ཡོང་རྒྱུ་མི་འདུག་གཱ ཅེས་གསུང་སོང་།

ཁོང་གིས་བོད་ཀྱི་གསོ་བ་རིག་པའི་ཐོག་དེང་སང་དུས་དང་འཚམ་པའི་ཡར་རྒྱས་གཏོང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་དོན། ང་ཚོ་བོད་རང་གི་གསོ་བ་རིག་པ་འདི་གཡུ་ཐོག་ཏོན་ཏན་མགོན་པོ་ནས་ཡིན་ན་འདྲ། དེ་ནས་ད་ལྟའི་བར་ང་ཚོས་ལག་ལེན་བསྟར་སྡོད་པ་དེ་རྒྱ་ནག་གི་གསོ་བ་རིག་པའི་ཐོག་ནས་ལེགས་བཤད་བླངས། གཙོ་བོ་རྒྱ་གར་གྱི་ཨ་ཡོ་བ་དྷེ་ཐོག་ནས་ལེགས་བཤད་བླངས། དེ་བཞིན། ཡུ་ན་ནེ་ཟེར་བ་དེ་ནས་ལེགས་བཤད་བླངས། དེ་ལྟར་བྱུང་བ་རེད། ད་ལྟ་ང་ཚོ་དུས་རབས་ཉེར་གཅིག་པར་བསླེབས་བསྡད་ཡོད་དུས། ང་ཚོར་གསོ་བ་རིག་པ་ཡོད་བསྡད་པ་དེའི་ཐོག་ལ་དེང་དུས་ཀྱི་ཚན་རིག་གི་ཐོག་ནས་ཡར་རྒྱས་ཕྱིན་བསྡད་པའི་གསོ་བ་རིག་པ་དེ་འདྲའི་མཉམ་དུ་དཔྱད་བསྡུར་བྱེད་རྒྱུ་ཞེ་དྲགས་གལ་ཆེན་པོ་རེད། ཅེས་གསུངས་འདུག

ཡང་ཁོང་གིས་ང་ཚོར་ཅིག་ཡོད་བསམ་ནས་འདི་ལྟར་བསྡད་བསྡད་པ་ཡིན་ན་ནོར་འཁྲུལ་རེད། གོང་དུ་ཞུས་པ་བཞིན་ནང་དོན་རིག་པར་ཆ་བཞག་ནའང་། ངས་གདན་ས་ཁག་ལ་ནམ་རྒྱུན་དེ་སྔ་བོད་དུ་ང་ཚོ་ས་ཁུག་ལུང་ཁུག་ནང་བསྡད་པ་རེད། ད་ཆ་ང་ཚོ་འཛམ་བུ་གླིང་གི་སྡིངས་ཆའི་སྒང་ལ་བསླེབས་བསྡད་ཡོད་སྟབས། ང་ཚོས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་པར་བྱས་པའི་ཐོག་ནས་ང་ཚོས་ལེགས་སྐྱེས་འབུལ་ཐུབ་པ་ག་རེ་འདུག ང་རང་ཚོའི་ལག་ཏུ་ཡོད་པའི་ནང་དོན་རིག་པ་ད་དུང་ཡར་རྒྱས་གཏོང་དགོས་པ་ག་རེ་འདུག དེ་ལ་བསམ་བློ་གཏོང་དགོས་པ་རེད་ཅེས་ཤོད་ཀྱི་ཡོད། གསོ་བ་རིག་པ་ཡིན་ནའང་དེ་དེ་བཞིན་བྱེད་དགོས་པ་རེད། ང་རང་ཚོས་འཆར་ཅན་ངའི་རྒན་ལགས་ཀྱིས་གསུངས་བྱུང་། ཅིག་གིས་དེ་འདྲ་གསུངས་ཡོད་པ་རེད་ཟེར་བ་གཅིག་པུར་ཆ་མི་འཇོག་པར་གོ་བསྡུར་བྱས་ཏེ། ཚན་རིག་པའི་ཐོག་ནས་བརྟག་དཔྱད་བྱས་ཏེ་ཡར་རྒྱས་གཏོང་ཐུབ་པ་ཞིག་དགོས་པ་རེད། དེ་ནས་ང་ཚོར་སྔོ་སྨན་མང་པོ་ཞིག་ཡོད་པ་དང་། དེ་བཞིན་རིན་ཆེན་རིལ་བུ་མང་པོ་ཞིག་ཡོད་པ་རེད། དེ་ཚོའི་ནུས་པ་གཞུང་ནས་གསུང་བཞག་པ་དེ་ཚོ་ཏག་ཏག་ཅིག་འགྲོ་ཡི་ཡོད་མེད་ཚན་རིག་པའི་ཐོག་ནས་བརྟག་དཔྱད་བྱས་པ་ཡིན་ན། ཚང་མས་ཡིད་ཆེས་དང་བརྩི་འཇོག་བྱེད་པ་ཞིག་ཡོང་གི་རེད། ངས་གསོ་བ་རིག་པ་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ལྟར་བོད་ཀྱི་གསོ་བ་རིག་པ་དེ་ཞེ་དྲགས་ཡག་པོ་ཞིག་རེད་འདུག ཅེས་གསུངས་སོང་།

ཡང་ཁོང་གིས་མངོན་ལྐོག་རྒྱབ་མདུན་མཚུངས་བའི་ཐོག་ནས་ཕྱག་ལས་གནང་དགོས་སྐོར་གསུངས་དོན། བོད་ཀྱི་སྨན་རྩིས་ཁང་ནས་ད་ལྟའི་བར་དུ་བྱས་རྗེས་གྲུབ་འབྲས་ཡག་ཐག་ཆོད་བྱུང་ཡོད་པ་རེད། ཡིན་ནའང་ད་དུང་ང་ཚོ་གཞིས་ཆགས་ཁག་ཏུ་ཕྱིན་སྐབས་ནད་པ་མང་པོ་ཞེ་དྲགས་འདུག ནད་རིགས་སྔོན་འགོག་ཐོག་ལ་འཐུས་ཤོར་ཕྱིན་པའི་རྟགས་གསལ་བོ་ཞེ་དྲགས་དྲགས་འདུག འཕྲོད་བསྟེན་ལས་ཁུངས་ནས་ཀྱང་འཐུས་ཤོར་ཞེ་དྲགས་ཕྱིན་པ་འདྲ་པོ་འདུག་ལ། སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་ཁོང་ནས་ཀྱང་འཐུས་ཤོར་ཕྱིན་པའི་བཟོ་ལྟ་འདུག་གཱ། ང་ཚོ་འདིར་འདྲ་ཆགས་པོ་བཤད། རྒྱས་རྒྱས་སྤྲོས་སྤྲོས་བྱས། ས་གནས་ས་ཐོག་ལ་ནད་པ་དང་དབུལ་ཕོངས། སྐྱབས་མེད་མགོན་མེད་ལྷག་བསྡད་པ་དེ་ཚོའི་གྲས་དེ་ང་ཚོའི་རྒྱབ་མདུན་མངོན་ཀློག་མ་མཚུངས་པའི་རྟགས་རེད། མདུན་ལ་འདྲ་ཆགས་པོ་བྱས་ཏེ། རྒྱབ་ལོགས་ལ་འཐུས་ཤོར་ཕྱིན་བསྡད་པ་ཡིན་ན། ང་ཚོས་འདིར་འདྲ་ཆགས་པོ་ཞེ་དྲགས་བྱས་ཀྱང་གཟི་བརྗིད་ཁོག་སྟོང་ཟེར་བ་དེ་ཆགས་པ་རེད། དེར་བརྟེན། ང་ཚོ་འདྲ་ཆགས་པོའི་ཐོག་ལ་འགྲོ་རྒྱུ་མི་འདུག ཁ་ཡོད་ལག་ཡོད་ཐོག་འགྲོ་དགོས་པ་རེད་མ་གཏོགས་འདྲ་ཆགས་ཆགས་ཤིག་གི་ཐོག་ཕྱིན་པ་ཡིན་ན། ད་ལྟའི་བར་དུ་དེ་འདྲ་དེ་འདྲ་བྱས་ཏེ་ཁུངས་འཁྱོལ་བ་རེད། ང་ནི་ཉི་མ་ལ་བརྒལ་མཚམས་ཆགས་བསྡད་ཡོད་པ་རེད། ལོ་བཅུ་དང་བཅོ་ལྔའི་འཕྲོ་ནས་ཤི་འགྲོ་བ་རེད། དེ་ནས་ཁྱེད་རང་ཚོའི་སྒང་ལ་འགན་བསླེབས་བསྡད་ཡོད་པ་རེད། གཟབ་གཟབ་བྱས་ན་མ་གཏོགས། ད་ལྟའི་བར་ཁུངས་འཁྱོལ་ཚམ་འཁྱོལ་ཙམ་བྱུང་སོང་། ད་དུང་ཁུངས་འཁྱོལ་འགྲོ་བ་རེད་བསམ་ན་ནོར་འཁྲུལ་རེད་དཱ། དེ་ཁྱོད་རང་ཚོ་ཚང་མས་སེམས་ལ་ངེས་པ་བྱོས། ང་རང་ཚོའི་སྤྱི་ཚོགས་ནང་ལ་ཡ་རབས་སྤྱོད་བཟང་ཟེར་བ་དེ་ཚོ་ཁ་ནས་བཤད། ལག་ལེན་ངོ་མའི་ཐོག་ལ་ཚད་དམར་རུ་དམར་རུ་འགྲོ་བཞིན་ཡོད་པའི་བཟོ་ལྟ་འདུག དེ་ཚོར་གཟབ་གཟབ་བྱེད་དགོས་པ་རེད། དེ་ངས་བཤད་འདོད་བྱུང་སོང་། ཞེས་གསུངས་སོང་།

སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱི་ཡིག་ཐོག་གི་གཏམ་བཤད་ནང་འཁོད་དོན། འབྱུང་འགྱུར་རྒྱག་ནག་སྐམ་ས་ཆེན་མོར་བོད་ལུགས་གསོ་བ་རིག་པས་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་འཐོབ་སྲིད་པ་རེད་ཅེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་སྟབས། སྔོན་འགྲོའི་གྲ་སྒྲིག་ཏུ་རྒྱ་ཡིག་སྡེ་ཚན་གསར་འཛུགས་ཀྱིས་རྒྱ་ཡིག་ཤེས་པའི་སྨན་པ་བཞི་ལ་བཀོད་ཁྱབ་བྱས་པ་དང་། རྒྱ་ཡིག་གི་དྲ་རྒྱ་དང་ཡིག་ཆ་བཟོས་པ་ཁག་ཕྱི་མིས་ཚད་ལྡན་ངོས་ལེན་གནང་གི་ཡོད་ཅིང་། ད་ལྟ་སྨན་པ་བཞི་ཐའེ་ཝན་དུ་སྐམ་ཁབ་སློབ་སྦྱོང་དང་ལས་དོན་འཆར་འགོད་ངོ་བོར་ཆེད་གཉེར་ཞུས་ཡོད།

IMG_0728ཕྱི་ལོ་ ༢༠༡༢ ནས་ ༢༠༡༣ བར་བོད་སྨན་གྱི་ཐོན་སྐྱེད་ཐུན་གྲངས་ས་ཡ་ ༣༧།༥ ཡིན་པ་དང་། ༢༠༡༥ ནས་ ༢༠༡༦ བར་ཐུན་གྲངས་ས་ཡ་ ༤༧།༨ ཡིན་པ་འཕར་ཚད་བརྒྱ་ཆ་ ༢༧།༥ ཟིན་གྱི་ཡོད་པ་དང་། རྒྱ་གར་གྲོང་ཁྱེར་ཁག་ནང་སྨན་ཁང་གསར་འཛུགས་ཀྱི་སྦྱིན་བདག་ཡོད་ཀྱང་སྨན་དང་སྨན་པ་མ་འདེང་བའི་དཀའ་ངལ་རིམ་པས་སེལ་ཐབས་བྱས་ཏེ་སྨན་ཁང་ཁ་ཤས་གསར་འཛུགས་བྱ་རྒྱུ་ཡིན།

ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ བར་དེབ་སྐྱེལ་བྱས་པའི་ནད་པ་འབུམ་ ༧ ཙམ་བྱུང་བ་ལས་ནད་པ་བརྒྱ་ཆ་ ༨༠ ཙམ་རྒྱ་གར་བ་ཡིན་པ་དང་། ད་ལྟའི་ནད་པ་ཡོང་སྟངས་ལ་ཞིབ་འཇུག་བྱས་སྐབས། འབྱུང་འགྱུར་ལོ་ངོ་གཉིས་གསུམ་ནང་རྒྱ་གར་ནད་པ་བརྒྱ་ཆ་ ༩༠ ནས་༩༥ འཕར་སྲིད་པར་ཚོད་དཔག་བྱེད་ཀྱི་ཡོད།

རྒྱ་གར་ནགས་ཚལ་བློན་ཆེན་ཤཱ་རེ་ཐ་ཀུར་སེན་ཧ་བྷར་མུ་རེ་མཆོག་གིས། འདས་པའི་མི་ལོ་དྲུག་བཅུ་ཙམ་གྱི་སྔོན་ལ་༧གོང་ས་མཆོག་རྒྱ་གར་དུ་ཕེབས་དུས་ང་རང་ལོ་བཅུ་དྲུག་ལ་སོན་པའི་སློབ་ཕྲུག་ཅིག་ཡིན་སྐོར་དང་། སྐབས་དེ་ནས་བཟུང་༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོས་ཞི་བའི་ལམ་ནས་བོད་ཀྱི་རྩ་དོན་མུ་མཐུད་བརྩོན་ལེན་གནང་བཞིན་པ་དེ་ཧ་ལས་དགོས་པ་ཞིག་ཡིན་པ། ༧གོང་ས་མཆོག་གིས་རྒྱ་གར་ནང་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་གནང་བ་དེ་ནི་བཙན་བྱོལ་བོད་མི་དང་རྒྱ་གར་མི་མང་ཙམ་མ་ཟད། འཛམ་གླིང་སྟེང་གི་འགྲོ་བའི་མི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ལ་ཕན་པའི་མཛད་པ་རླབས་ཆེན་ཞིག་ཡིན་སྐོར་སོགས་བརྗོད་སོང་།

རྒྱ་གར་ཧི་མ་ཅལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤཱ་རེ་ར་བེ་ཐ་ཀུར་ལགས་ཀྱིས། ཁོང་ལ་ཨ་ལགས་བཀྲ་ཤིས་ཕུན་ཚོགས་ཟེར་བའི་རྩ་བའི་བླ་མ་ཞིག་ཡོད་པ་དང་། ཨ་ལགས་བཀྲ་ཤིས་ཕུན་ཚོགས་ལགས་སྔོན་ཆད་པཎ་ཆེན་རིན་པོ་ཆེ་དང་ལྷན་དུ་རྒྱ་ནག་གི་བཙོན་ཁང་དུ་སྡོད་སྐབས། པཎ་ཆེན་མཆོག་གིས་ཁོང་ལ་གལ་སྲིད་རྒྱ་ནག་གིས་ངེད་གཉིས་ལ་གཅར་རྡུང་བཏང་སྟེ་ངེད་ཀྱི་མགོ་ནས་ཁྲག་ཐོན་པ་ཡིན་ན། ཁྲག་དེས་བོད་ཀྱི་ལོ་རྒྱུས་འབྲི་རྒྱུ་དང་། ཁྲག་གི་ལོ་རྒྱུས་དེ་མི་རབས་ནས་མི་རབས་བར་ཉམས་མི་སྲིད་ཅེས་སོགས་གསུངས་ཡོད་སྐོར་དང་། བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་བོད་མི་ཚོས་ད་ལྟའི་བར་ལུས་སྲོག་ཡན་ཆད་བློས་གཏོང་གནང་བར་གྲུབ་འབྲས་ཤིག་ཏན་ཏན་འབྱུང་ངེས་ཡིན་སྐོར་སོགས་བརྗོད་སོང་།

དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་པ་གཉིས་ནས་བོད་ཀྱི་སྨན་རྩིས་ཁང་གི་དགེ་ལས་ཁ་ཅིག་གི་དཔེ་དེབ་གསར་བ་ལྔ་དབུ་འབྱེད་གནང་བ་དང་། བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༡༠༠ འཁོར་བའི་དུས་དྲན་མཛད་སྒོ་མཇུག་བསྡུས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༩ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 4

  1. འདམ་སྐྱེས། says:
    ལོ་ 10 སྔོན།

    འདི་སྔོན་མཆན་འགོད་མཁན་རྣམ་པ། སེར་སྨད་བློ་དགའ་ཞུ་མཁན་ཁོང་ཁྱེད་རང་ཚོ་ནང་བཞིན་ལོག་འགྲེལ་གནང་མཁན་རེད་མི་འདུག ངས་རྒྱུན་རིང་ལྟ་ཞིབ་བྱས་པ་ཡིན། ད་ཁྱེད་ཚོས་རང་གནོང་ཁྲོམ་བསྒྲགས་བྱས་ན་དགེ་ཕན་ཡོད་མེད་ལྟ་ན་རང་ཉིད་ལ་ཕན་ངེས་རེད། དེ་མིན་རང་དབང་རེད། ཧཧཧ། དུས་བབ་གསར་འགོད་པར་ཞུ་རྒྱུ། ༧གོང་ས་ཆེན་པོའི་བཀའ་སློབ་ནང་ཡ་རབ་བཟང་སྤྱོད་སྐོར་་་་་་ལག་ལེན་ངོ་མའི་ཐོག་ལ་ཚད་དམར་རུ་དམར་རུ་་མ་ཡིན་པ་དམའ་རུ་དམའ་རུ་ཡིན་ངེས་ལ་ནོར་བཅོས་གནང་ན་གང་ལེགས་སུ་མཐོང་།།

    Reply
  2. རིག་རལ། says:
    ལོ་ 10 སྔོན།

    སེར་སྨད་བློ་དགའ་ཟེར་བ་ཆོལ་ཞེན་གྱིས་ཁོག་པ་སྦོས་བསྡད་པའི་གྲྭ་གཟུགས་ཅན་འདིས་ཧམ་པ་བྱེད་ཚོད་མ་ཟིན་ནས་གོང་ས་མཆོག་གི་བཀའ་སློབ་ལ་ཡང་གང་བསམ་གྱིས་འགྲེལ་བཤད་ཞུས་ཏེ་རྩེད་སྤྱད་ལྟ་བུ་བྱེད་འདུག འདི་ལ་འབྲེལ་ཡོད་དགའ་ལྡན་ཕོ་བྲང་ནས་གཡན་པོར་མ་སོང་བའི་རྟོག་ཞིབ་གནང་དགོས་པ་ཞིག་རེད། སྨྱོན་པ་འདི་རིགས་ལ་སྟངས་འཛིན་མ་བྱས་ན་རང་ངོས་ནས་ཚོད་ཟིན་པ་ཞིག་ནམ་ཡང་ཡོང་མི་སྲིད། རྒྱལ་བའི་བཀའ་སློབ་ལ་ལོག་འགྲེལ་ཅི་ཙམ་བྱས་ཀྱང་འབྲེལ་ཡོད་ཚོ་གོ་མེད་ཚོར་མེད་བྱས་ནས་བསྡད་ན་མ་འོངས་པར་འགན་མི་བཟོད་པའི་གནས་ཚུལ་འདྲ་མིན་འབྱུང་མི་སྲིད་པ་མིན།

    Reply
  3. བོད་ཀྱི་བུ། says:
    ལོ་ 10 སྔོན།

    སེར་སྨད་བློ་དགའ་ཟེར་བ་དེས་གང་སར་༧གོང་ས་མཆོག་གི་བཀའ་སློབ་འགྲེལ་བཤད་འདྲ་མིན་བརྒྱབ་སྟེ། བོད་པ་ནང་ཁུལ་ཁྲག་དཀྲུག་དཀྲུག་བྱེད་ཀྱིན་འདུག

    Reply
  4. བསྟན་པ། says:
    ལོ་ 10 སྔོན།

    གཟི་བརྗིད་ཁོག་སྟོང་སྲིད་སྐྱོང་བློ་སེང་། །
    བསམ་བཞིན་སྤྱི་ཚོགས་འཐུས་ཤོར་མ་གཏོང་། །
    སྟོང་ལབ་སྟོང་གིས་མི་མགོ་བསྐོར་ཀྱང་། །
    མཐའ་མའི་གྱོང་དེ་བོད་མིའི་མགོ་རེད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese