མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་བཟང་སེང་གེ་མཆོག་སྲིད་སྐྱོང་དུ་ཡང་བསྐྱར་བདམས་ཐོན་བྱུང་།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུ་ཆེན་མོའི་ཁྲོད་བདམས་ཐོན་བྱུང་བའི་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་མཆོག་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ ༤༥ ཡི་མཚན་གཞུང་གསལ་བསྒྲགས་གནང་སོང་།

IMG_1079དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུ་ཆེན་མོའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་གནང་སོང་བ་དང་། ཐེངས་འདིའི་འོས་བསྡུའི་ཁྲོད་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་ ༢༤༨༦༤ དང་། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་ལ་འོས་གྲངས་ ༣༣༨༧༦ ཐོབ་སྟེ་ཡང་བསྐྱར་སྲིད་སྐྱོང་དུ་བདམས་ཐོན་བྱུང་ཡོད་པ་དང་། དེ་བཞིན་ཆོལ་ཁ་རེ་ནས་སྤྱི་འཐུས་ ༡༠ རེ་དང་ཆོས་བརྒྱུད་རེ་ནས་སྤྱི་འཐུས་གཉིས་རེ། ཡུ་རོབ་དང་ཨ་ཧྥེ་རི་ཁ་ཁུལ་ནས་སྤྱི་འཐུས་གཉིས། ལྷོ་བྱང་ཨ་རི་ཁུལ་ནས་སྤྱི་འཐུས་ ༢། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སི་ཊོ་ལི་ཡའི་ཁུལ་ནས་སྤྱི་འཐུས་གཅིག་བཅས་ཁྱོན་སྤྱི་འཐུས་ ༤༥ བདམ་ཐོན་བྱུང་བ་གསལ་བསྒྲགས་གནང་སོང་།

དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་གྲུབ་འབྲས་གསལ་བསྒྲགས་ཡི་གེ་སྒྲོག་སྦྱངས་གནང་སྐབས། ཐེངས་འདིའི་འོས་བསྡུའི་ཁྲོད་སྲིད་སྐྱོང་ལ་འོས་འཕེན་མཁན་ ༥༩༣༥༣ བྱུང་ཡོད་པའི་ནང་ནས་འོས་ཤོག་ ༦༡༣ རྩིས་མེད་དུ་ཕྱིན་པ་དང་། བོད་མི་མང་སྤྱི་འཐུས་ལ་འོས་འཕེན་མཁན་ ༥༨༦༡༥ བྱུང་ཡོད་པའི་ནང་ནས་འོས་ཤོག་ ༥༩༡ རྩིས་མེད་དུ་ཕྱིན་ཡོད་ལ། ད་ལོར་འོས་འཕེན་མཁན་སྔར་ལས་ཇེ་མང་དུ་ཕྱིན་ཡོད་སྐོར་བརྗོད་སོང་།

ཡང་ད་རེས་ཀྱི་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་སྙིང་བསྡུས་ཤིག་སྒྲོག་སྦྱངས་གནང་བའི་ནང་། ད་ལོའི་སྲིད་སྤྱི་འོས་བསྡུ་ཆེན་མོའི་ཁྲོད་འོས་མི་དང་དེའི་རྒྱབ་སྐྱོར་ཚོས་དྲིལ་བསྒྲགས་བྱེད་སྟངས་དང་། ལྷག་པར་དུ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཆ་ཤས་ལེན་མཁན་སྔར་ལས་མང་བ་བྱུང་ཡོད་པ་དེ་ལེགས་པའི་ཕྱོགས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། འོས་བསྡུའི་ལས་རིམ་ཁྲོད་ལྟ་ཕྱོགས་ལངས་ཕྱོགས་འཁྱེར་སྟངས་དང་བཅའ་ཁྲིམས། འོས་སྒྲིག་གི་ནང་དོན་ཇི་བཞིན་མ་རྟོགས་པ་དང་རང་གི་འདོད་བློ་ཁེངས་མིན་སོགས་ཀྱིས་ཞུ་གཏུག་སྙན་ཞུ་འབུལ་མཁན་མང་པོ་བྱུང་ཡོད་ཀྱང་། འོས་སྒྲིག་དང་དངོས་སུ་འགལ་བའི་བདེན་དཔང་དངོས་ར་འཕྲོད་པའི་ཞུ་གཏུག་བྱེད་མཁན་མ་བྱུང་བར་བརྟེན། དབུས་ས་གཉིས་ནས་ཁྲིམས་འགལ་ཉེས་ཆད་གཅོད་དགོས་པ་དེ་འདྲ་མ་བྱུང་བ་དེ་བས་ཀྱང་ལེགས་པའི་ཕྱོགས་ལ་ངོས་འཛིན་ཞུ་ཡི་ཡོད་སྐོར་དང་།

རང་འགུལ་གྱིས་དང་བླངས་འོས་མིར་ལངས་མཁན་དང་། ཕྱོགས་གཏོགས་བ་མི་ཉུང་བ་ཞིག་གིས་དྲིལ་བསྒྲགས་བྱེད་སྟངས་དང་ཆ་ཤས་ལེན་སྟངས་། ལྷག་པར་སྤྱི་ཚོགས་དྲ་ལམ་ཁག་ཏུ་འགན་མེད་འཆལ་གཏམ་སྣ་ཚོགས་སྤེལ་སྟངས། ད་དུང་འོས་བསྡུ་ལས་ཁང་ལ་ཁ་གཏད་ནས་དྲང་བདེན་དང་གཞི་འཛིན་མེད་པའི་གསར་འགོད་གསལ་བསྒྲགས་སྤེལ་བ་སོགས་ལ་བལྟས་ཡོང་དུས། བརྩི་བཀུར་དང་ཆེ་མཐོང་ཆུང་བ། བཀའ་དྲིན་ལ་བསམ་ཤེས་མེད་པ། རང་མཐོང་རང་ཤེད་དང་། དགོས་མེད་ཕྱོགས་ཞེན་ཆེ་བ་སོགས་ཀྱི་དབང་དུ་སོང་སྟེ་ཡང་དག་པའི་མང་གཙོའི་ཁྱད་ཆོས་དང་མཐུན་ཞིང་། བོད་མིའི་རྩ་དོན་སྒྲུབ་ཐབས་ལ་ཕན་པ། ལྷག་དོན་བོད་མིའི་བཟང་སྤྱོད་དང་ལྡན་པའི་སྒོ་ནས་ཆ་ཤས་ལེན་ཐུབ་མ་སོང་སྙམ་པའི་སེམས་འཚབ་དང་བློ་ཕམ་ཆེན་པོ་ཡོད་སྐོར་དང་།

ཆབ་སྲིད་ཀྱི་དབུ་ཁྲིད་རྣམས་བོད་མིའི་རྩ་དོན་སྒྲུབ་མཁན་གྱི་སྲོག་ཤིང་ལྟ་བུ་ཡིན་སྟབས། འོས་འདེམས་བྱེད་ཕྱོགས་ཐད་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཆེན་པོ་མང་དག་ཅིག་བྱེད་དགོས་པ་མཐོང་བ་དང་། ད་ལན་གྱི་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་སོ་སོར་ཨེ་ཤ་ཡ་མང་གཙོ་འབྲེལ་མཐུད་ཁང་དང་ཨེ་ཤ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་རྟོག་ཞིབ་ཚོགས་ཆུང་བཅས་ནས་རྟོག་ཞིབ་གནང་བ་བརྒྱུད་བསམ་ཚུལ་བྱུང་བ་དང་། མང་ཚོགས་ནང་བསམ་ཚུལ་ཡོད་པ། ལྷག་པར་དུ་ད་ལན་གྱི་ཉམས་མྱོང་གཞི་རྩར་བཟུང་ནས་འོས་སྒྲིག་བསྐྱར་བཅོས་ཀྱི་ཐད་གོ་བསྡུར་ཞིབ་ནན་གྱིས་བསྐྱར་བཅོས་འཆར་འབུལ་ཞུ་འཆར་ཡོད་སྐོར་སོགས་བརྗོད་སོང་།

སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས།

1 2 3 4 5 6 7 8 9 10 11 12

ཕྱི་ལོ་ ༢༠༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་འོས་བསྡུ་ཆེན་མོའི་ཕྱོགས་བསྡོམས་གནས་སྟངས།

Screen Shot 2016-04-27 at 11.25.15 AM

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༨ སྔོན་ལ།

མཆན། 14

  1. གངས་ཅན་ཕོ་ཉ། says:
    ལོ་ 9 སྔོན།

    སྲིད་དོན་ལ་མ་བྱང་བའི་བོད་པ་ཚང་གི་སྙན་ལམ་དུ་ཞུ་གསོལ། སྲིད་སྐྱོང་གིས་སྲིད་དོན་མ་འཁྲབ་ན། སྲིད་སྐྱོང་གི་གོ་གནས་ཇི་ལྟར་ཐོབ། སྲིད་སྐྱོང་གི་གོ་གནས་མ་ཐོབ་ན། མི་རིགས་ཀྱི་ཁ་ཕྱོགས་ཇི་ལྟར་སྒྱུར། སྦྱོར་བ་ལ་མ་བལྟ་ཀུན་སློང་ལ་བལྟ། གཙོ་བོ་སེམས་པ་ཀུན་སློང་ལ་རག་ལས། སྔོན་དུས་ཀྱི་དགེ་འདུན་ཆོས་འཕེལ་དང་ཅིག བར་སྐབས་ཀྱི་ཟམ་གདོང་བླ་མ་དང་གཉིས། དེང་དུས་ཀྱི་བློ་བཟང་སྲིད་སྐྱོང་དང་གསུམ། ཕྱི་ནང་གི་བར་ཆད་མང་ན་ཡང་། མི་རིགས་ལ་བཅངས་པའི་ལྷག་བསམ་དང་། སྙིང་སྟོབས་ལ་ནམ་ཡང་ཞུམ་པ་མེད།

    Reply
  2. བསོད་ནམས་བཀྲ་ཤིས། says:
    ལོ་ 9 སྔོན།

    ད་འཁྲབ་འདོད་མཁན་ཚོས་འཁྲོབས། ལས་དོན་བསྒྲུབ་འདོད་མཁན་ཚོས་སྒྲུབས། ག་རེ་བྱ་འདོད་ཡོད་པ་དེ་ལྟར་བྱོས། གྲོགས་པོ་ཚོ་གོ་སྐབས་རེད་ཏ། གོ་སྐབས་བཟང་པོ་རེད།
    འོན་ཀྱང་སྲིད་སྐྱོང་གིས་མི་ཤི་བའི་རོ་ཐོག་ལ་སེང་གེ་མ་འཁྲབས། ལྷག་ཏུ་རང་རིགས་རྒྱལ་གཅེས་དཔའ་བོ་ཚོས་རང་ལུས་མེ་བསྲེགས་གཏོང་སྐབས་རོ་ཐོག་ལ་དཔལ་ལྡན་སྲིད་སྐྱོང་གིས་སེང་འཁྲབ་མ་བྱེད་མ་གཏོགས། གཟི་བརྗིད་ཁོག་སྟོང་ཆགས་ངེས་རེད་ཏ།
    སྲིད་སྐྱོང་མ་གཏོགས་གཞན་ཚོས་ག་རེ་འཁྲབ་འདོད་ཀྱང་འདྲ། ག་དུས་འཁྲབ་འདོད་ཀྱང་ཁྱོད་ཚོ་ལ་རང་དབང་ཡོད་ཏ།

    Reply
  3. རབ་བཟང་། says:
    ལོ་ 9 སྔོན།

    འོ་ཡ། ད་ཁྱོད་འབྱུང་འགྱུར་ལོ་ལྔ་ནང་ཁ་ཆག་སྣ་རལ་མེད་པ་ཞིག་བྱོས་ཤོག་ཨཱ། བདམས་ཐོན་སྤྱི་འཐུས་ཚོ་ཁ་རོག་མ་འདུག་ཨཱ། སྤྱི་པའི་ལས་དོན་ག་པར་འཐུས་ཤོར་འགྲོའི་ཡོད་ས་དེར་ཐེར་འདོན་ཡོ་སྲོང་གནང་དགོས་པ་ལས་རྒྱུ་འབྲས་མི་རྩི་མཁན་ལུང་ཚན་དང་། ཆོལ་ཁ། ཆོས་ལུགས་ཐེན་འཁྱེར་འདྲ་བྱེད་བསྡད་ན་ངོ་མ་ཐབས་སྡུག་རེད་ཨཱ། སྤྱང་པོ་ཡིན་མ་བསམ་ཚང་མ་ཧ་གོ་ལེ་རེད། དཱ་ཡག་པོ་བྱོས་ཨཱ། སྲིད་དོན་འཁྲབ་ཡ་དུས་ཚོད་མ་རེད། བོད་རྒྱ་ཆེ་མི་མང་རེ་བ་འགྲུབ་དགོས་ལེ་རེད། དེ་སེམས་ལ་བཞག་ངས་ཁ་ཏ་ཡིན།

    Reply
  4. བསོད་ནམས་རྡོ་རྗེ། says:
    ལོ་ 9 སྔོན།

    སྲིད་སྐྱོང་སློབ་བཟང་སེང་གེ་སླར་ཡང་ཐོབ་པར་འཚམས་འདྲི་ཞུ། ད་གཟབ་གཟབ་གནང་ཤོག་ཨང་། འདས་པའི་ལོ་ལྔ་ཚན་དེའི་ནང་སྔར་བྱུང་མྱོང་མེད་པའི་རྙོག་དྲ་ལུང་པ་གང་་བྱུང་སོང་བར་བལྟས་ན་གང་ལྟར་གཅིག་འགྲིག་གི་མེད་པ་དེ་གསལ་པོ་རེད་འདུག དཔེར་ན་རང་བཙན་ལག་དེབ་ཀྱི་མིང་དེ་ཡང་ནོར་བཅོས་བྱ་རྒྱུའི་གོ་སྐབས་ཐེངས་གཅིག་བོད་མི་སྐྱབས་བཅོལ་བ་ཚང་མར་ཡོང་རུང་། ཉིད་ནས་ད་བར་ལོ་ངོ་ ༡༣ རིང་རྒྱ་ཡན་དུ་བཏང་སྟེ་སྲིད་སྐྱོང་གི་འོས་འགྲན་ལ་ཐེངས་གཉིས་ཞུགས་པ་དེ་སྒྲིག་འཛུགས་ལ་རང་འགན་མ་འཁུར་བ་དང་མཐོང་ཆུང་བྱས་པ་རང་རེད། རང་བཙན་ལག་དེབ་ཀྱི་མིང་དང་དག་ཆ་སོགས་ཡིག་ཆ་གཞན་དང་མི་མཐུན་མཁན་གྱི་མི་སེར་དཀྱུས་མ་དག་ལ་ལག་དེབ་སེར་པོ་བཟོ་རྒྱུར་ཁྱེད་ཀྱིས་མཚན་རྟགས་མ་ཐོབ་སྟེ་ངོས་སྦྱོར་མ་རག་པ་ག་ཚོད་བྱུང་ཡོད་མེད་ནི་མཁྱེན་གསལ་རེད། རང་བཙན་ལག་དེབ་ལ་ནོར་འཁྲུལ་ཡོད་ན་མི་མང་དཀྱུས་མར་ལས་དོན་ཆུང་ཙག་ཅིག་ཡིན་ཡང་སྒྲུབ་ཐབས་གོམ་པ་གང་མེད་པ་དང་། མི་དབང་སྲིད་སྐྱོང་ལ་ས་གསུམ་གྱི་སྒྲུབ་་ཐབས་ཡོད་པ་ཅི་ཡིན་ནམ་སྙམ་པ་དང་། སྲིད་སྐྱོང་འོས་མིང་བློ་བཟང་སེང་གེ་དང་། འོས་བླུག་མཁན་གྱི་མིང་སློབ་བཟང་སངས་རྒྱས་ཅེས་གང་ཟག་གཅིག་ལ་གནས་སྟངས་མི་འདྲ་བ་གཉིས་ལ་མིང་གཉིས་འདུག་པ་དེ་རིགས་པ་ཡིན་ནམ་སྙམ་པ་སོགས་ཀྱི་དྲི་བ་འདི་འདྲ་བ་མང་པོ་རང་བཞིན་གྱིས་སླེབས་ཡོང་གི་འདུག
    ད་ནས་བརྩིས་པའི་ལོ་ལྔ་ཚན་གཅིག་གི་རྗེས་སྐུ་ངོ་མཆོག་གངས་སྐྱིད་རྭ་བ་ནས་ག་ལེར་ཕེབས་རྒྱུ་ཡིན་པར་བརྟེན་ད་ནི་གོ་སྐབས་མཐའ་མ་དེ་ཡིན་སྙམ་ནས་སེང་གེ་འཁྲབ་སྟངས་མ་ནོར་བ་གནང་རོགས། སྤྱིར་བཏང་ནས་བོད་ཀྱི་རིག་གཞུང་ནང་སེང་གེ་ནི་བཀྲ་ཤིས་པའི་དུས་སྟོན་སྐབས་སུ་བཀྲ་ཤིས་པའི་མཚོན་དོན་དུ་འཁྲབ་ཀྱི་ཡོད་ཀྱང་། སྐུ་ངོ་མཆོག་གི་སེང་གེའི་འཁྲབ་ཚན་ནི་སྐབས་རེ་འགར་རྒྱལ་གཅེས་དཔའ་བོའི་རོ་ཐོག་ཏུ་ཡང་འཁྲབ་པ་མཐོང་བྱུང་། མ་ཟད་སེང་གེ་འཁྲབ་སྐབས་ཀྱི་སྒྲ་དབྱངས་ནི་”ཏེང་ཏེ་རེང་ཏེ་ཏེང་”ཡིན་པ་ལས་”གསུངས་དང་ལད་མོ་སོ་”མ་རེད། མ་གཞི་ནས་སེང་གེ་མིན་ནའི་སེང་གེ་ཡིན་མདོག་ཀྱིས་འཁྲབ་ཙང་བྱས་པས་ཡིན་གྱི་རེད། འཁྲབ་སྟོན་སྐབས་ཐེངས་མང་པོར་སྡིངས་ཆའི་ཐོག་འགྱེལ་གྲབས་བྱས་ཏེ་ལྟད་མོ་མང་པོ་ཁྲེལ་རྒོད་ཤོར་དུ་བཅུག ཡིན་ནའི་རང་སྐྱོན་ངོས་ལེན་མ་བྱས་པར་འགྱེལ་གྲབས་བྱས་ནས་ཏོག་ཙམ་མ་གཏོགས་རང་གཟུགས་མངོན་གྲབས་བྱས་པ་དེ་འཁྲབ་སྟོན་སྐབས་ཀྱི་རྣམ་དཔྱོད་ཅིག་ཡིན་མདོག་གིས་མུ་མཐུད་དེ་འཁྲབ་པས་མི་མང་གད་མོ་དེ་ལས་མང་བ་ཤོར།
    དངོས་གནས་”ཨཱིཛ་ཏ་བྷ་ཅི་”(save dignity) བྱ་དགོས་ན་རང་གཟུགས་གང་ཡིན་གསལ་པོར་བསྟན་ཏེ་”ཨ་ནེ་སྙི་མོ”དང་འདྲ་བ་ཞིག་ལས་མ་བྱུང་ཡང་རང་བཞིན་གསལ་བའི་འཁྲབ་སྟོན་ཞིག་འཁྲབ་ན་ལེགས་པར་མཐོང་། གལ་ཏེ་དེ་ལས་ལྡོག་ན་ལོ་ལྔའི་རྗེས་སུ་ཁྱེད་ཀྱི་གྲུབ་འབྲས་ནི་”ཕན་རི་བོང་གི་རིལ་མ་ཙམ་ཡང་མི་ཐོགས་པར། གནོད་དྲེད་མོང་གི་སྐྱག་པ་ལས་ཆེ་ཙམ་ཞིག་བསྐྱལ” ཞེས་པའི་གཏམ་དཔེའི་དོན་སྙིང་ལས་མ་འདས། དེས་ན་ཁྱེད་ཀྱི་མི་ཚེའི་ནང་བྱས་བཟང་ལས་བྱས་ཉེས་མང་བ་དང་། མི་ཚེ་ལས་གཏམ་ཚེ་རིང་བ་ཞིག་ཡོང་རྒྱུའི་སྔ་ལྟས་མང་པོ་ཚད་མས་གྲུབ་འདུག དེ་དུས་ཁྱེད་རང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། སྒྲིག་འཛུགས་ཀྱི་ལོ་རྒྱུས་ཟིན་ཐོའི་ནང་གི་མི་ནག་ཉེས་ཆེ་ཤོས་དེ་ཆགས་ངེས།
    ཁྱེད་གཟི་བརྗིད་ནི་ཆེན་པོ་འདུག བྱས་ཙང་སྐུ་མཁྱེན་སྐུ་མཁྱེན། ད་རེས་ཀྱི་ལོ་ལྔ་ཚན་འདིའི་ནང་ཁྱེད་ཀྱི་ཁོག་པ་དང་ཀླད་པ་གཉིས་ལྷག་བསམ་དང་། དྲང་ཚུགས། ལས་འབྲས་བཅས་ཀྱི་རྣམ་གཞག་གིས་དམར་ཐར་བརྒྱ་ཆ་ ༣༥ ཡིས་ཁེངས་པ་བཟོ་རོགས། འདི་ནི་རྒས་པོ་ང་ཤི་ཁའི་རེ་བ་ཡིན།

    Reply
    • བསོད་ནམས་རྡོ་རྗེ། says:
      ལོ་ 9 སྔོན།

      ལྟད་མོ-ལྟད་མོ་བ་དང་། དམར་ཐར-དམའ་མཐར་་་བཅོས་རོགས།

      Reply
  5. གཡུ་ཐོག says:
    ལོ་ 9 སྔོན།

    འདེམས་ཐོན་སོང་བའི་སྲིད་སྤྱི་ལྷན་རྒྱས་ལ་མཚམས་འདྲི་དང་། ད་ནི་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ལས་དབང་ཤིན་ཏུ་ཛ་དྲག་ངོས་སུ་བསྐྱོད་མུས་ཡིན་ལ། གང་ལྟར་རང་དོན་ཁོག་བཅུག་མིན་པར་བོད་མི་རིགས་ཀྱི་ཕུགས་བསམ་དང་འཚོ་གནས་ཐོག་ངེས་པར་བསམ་ཞིབ་བྱེད་དགོས་ལ། ང་ཚོའི་ཐབ་རྩོད་ཀྱི་གསོན་ཁྲག་ནི་རྡོག་རྩ་ཆིག་སྒྲིལ་ཡིན་ལ། དགྲ་གུང་ཁྲན་ཡང་སྐྲག་དགོས་པ་ཆོལ་གསུམ་བོད་མའི་ཆིན་སྒྲིལ་ཡིན། དེ་མིན་ང་དབུས་གཙང་དང་། ང་ཁམས་པ། ང་ཨ་མདོ་ཞེས་ངུས་སྐད་རྒྱབ་ཀྱང་དེ་ཙམ་བསམ་བློ་ལྷུག་པོ་མེད་པའི་མཚན་ཉིད་རེད། རང་ཉིད་ཀྱི་མགོ་བོའི་སྟེང་ཆོལ་ཞེན་དང་ཀླད་རྙིང་གི་ཁུར་པོ་འདེགས་པ་ལས་མི་རིགས་ཀྱི་ཡོངས་ཀྱི་བདེ་རྩར་དགོངས་བཞེས་ཐུབ་ཚེ་ང་ཚོའི་ནུས་པ་མཉམ་རུབ་ཡོང་བའི་རེ་བ་ཡོད། བོད་རྒྱལ་ལོ།

    Reply
  6. phuns says:
    ལོ་ 9 སྔོན།

    མང་གཙོའི་ལམ་བཟང་གིས་ཐོག་ནས་འདེམས་ཐོན་བྱུང་བའི་བཀུར་འོས་དཔལྡན་སྲིད་སྐྱོང་མཆོག་དང་། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལྷན་རྒྱས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་དང་སྦྲགས་བོད་ཀྱི་རྩ་དོན་ཐོག་སྔར་ལྷག་ཧུར་བརྩོན་གནང་གལ་ཆེ་བའི་གསོལ་འདེབས་ཞུ།།

    Reply
  7. བོད་རྣལ། says:
    ལོ་ 9 སྔོན།

    བོད་རྒྱལ་ལོ་།སྲིད་སྐྱོང་རྒྱལ་ལོ་།བདེན་པ་རྒྱལ་ལོ། བཀའ་སྤྱི་ལྷན་རྒྱས་ལ་འཚམས་འདྲི་བཀྲིས་བདེལེགས་ཞུ་།

    Reply
  8. རབ་བརྟན། says:
    ལོ་ 9 སྔོན།

    སྔོན་འགྲོ་དང་དངོས་གཞིའི་འོས་གྲངས་ཀྱི་ཁྱད་པར།

    དང་པོ། སྔོན་འགྲོའི་སྐབས་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་འོས་གྲངས་ ༣༠༥༠༨ ཡིན་ལ། དངོས་གཞིའི་སྐབས་ཀྱི་འོས་གྲངས་༣༣༨༧༦ ཡིན། སྔོན་འགྲོ་ལས་དངོས་གཞིའི་སྐབས་འོས་གྲངས་༣༣༦༨ འཕར་ཡོད།

    གཉིས་པ། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་ ༡༠༧༣༢ ཡིན་ལ། དངོས་གཞིའི་སྐབས་ཀྱི་འོས་གྲངས་༢༤༨༦༤ ཡིན། སྔོན་འགྲོ་ལས་དངོས་གཞིའི་སྐབས་འོས་གྲངས་༡༤༡༣༢ འཕར་ཡོད།

    གསུམ་པ། ད་དུང་དུས་ཡུན་ཅུང་རིང་པོ་ཡོད་པ་དང་གནད་དོན་མང་པོ་ཞིག་གི་སྐོར་ལ་གསལ་བཤད་མཐིལ་ཕྱིན་པ་བྱེད་པའི་གོ་སྐབས་ལྡན་ཡོད་ཚེ། འོས་གྲངས་སུ་མཐོ་དང་རྒྱལ་ཁ་སུ་ལ་ཐོབ་ལབ་ཁག་པོ་ཆགས་ས་རེད་བསམ་བསམ་ཅིག་མི་འདུག་གམ།

    བཞི་པ། འོན་ཀྱང་ད་ཁྱད་པར་ཡོད་པ་མ་རེད། སྲིད་སྐྱོང་བློ་བཟང་སེངྒེལམ་སློབ་བཟང་སངས་རྒྱས་གང་ཡིན་ཡང་བོད་མི་མང་ལ་ངོས་འཛིན་བྱེད་སྟངས་དང་། ཕྱག་ལས་གནང་ཕྱོགས། སྤྱི་ཡོངས་ལ་དགོངས་པ་བཞེས་ཕྱོགས་སོགས་ཀྱི་ཐད་བསླབ་བྱ་མང་པོ་ཞིག་རག་ཡོད་པ་རེད། མང་ཚོགས་ཀྱིས་ཀྱང་ཕྱར་གྲུ་མཉམ་འདེགས་གནང་ན་བོད་སྤྱི་ལ་ཕན་རླབས་ཆེ་ངེས་རེད་སྙམ།

    Reply
  9. ར་བང་བསྟན་འཛིན་ནོར་བུ། says:
    ལོ་ 9 སྔོན།

    སྲིད་སྐྱོང་དང་སྤྱི་འཐུས་བདམས་ཐོན་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    དབུས་གཙང་གི་སྤྱི་འཐུས་རྒན་གཞོན་ཆ་མཉམ་པ་སྟེ་ཉམས་མྱོང་ཅན་རྒན་པའི་གྲས་དང་ཤེས་ཡོན་དང་ལྷག་བསམ་ཅན་གཞོན་སྐྱེས་ཀྱང་སླེབས་འདུག་པས་དགའ་མགུ་ཡི་རང་ཞུ་རྒྱུ་ཡིན།

    མདོ་སྟོད་ཚང་གིས་་་ཤེས་ཡོན་དེ་ཙམ་མེད་པའི་ “ཁྱིམ་ཚང་ངམ་རུས་པའི་མིང་ཅན་”འཇུ་ཅན་དཀོན་མཆོག་སོགས་འགོར་བསྐྱལ་བ་དང་ཤེས་ཡོན་དང་ལྷག་བསམ་གྱིས་ཕྱུག་པའི་བཀུར་འོས་ཤིག་མཇུག་ཏུ་སླེབས་པ་དེས་བློ་ཕམ་གྱི་གནས་རེད་འདུག
    དངོས་གཞི་འོས་བསྡུས་སླེབས་གྲབས་སུ་དགེ་བཤེས་སོགས་རྒན་པའི་གྲས་འགའ་ཤས་ཤིག་གི་ངོ་དེབ་སོགས་དྲྭ་ལམ་ནས་གཞན་ལ་སྐུལ་མ་སྟེ་་་རྒྱ་རི་བུ་ཕྲུག་སོགས་ཅིག་ཅིག་གཉིས་གཉིས་ལ་ཡིན་གཅིག་མན་གཉིས་འོས་སླུགས་དགོས་རེད་ཅེས་བཤད་པ་དེའི་ལན་པ་ཞིག་མིན་ནམ་སྙམ། དེ་མིན་ཤེས་འཇོན་ལྷག་བསམ་ཅན་འགོར་སླེབས་དགོས་ངེས་རེད་བཱ།།

    Reply
  10. བདེན་པའི་རྒྱབ་ལངས། says:
    ལོ་ 9 སྔོན།

    བསྒྲུབ་རྒྱུ་མེད་པའི་སྨོན་ལམ་འདེབས་མཁན་དེ་འདྲ་འདུག་ག་དུས་ཚོད་འཕྲོ་བརླག་མ་གཏོང་ལོ།

    Reply
  11. dhoundup tashi says:
    ལོ་ 9 སྔོན།

    སྲིད་སྐྱོང་དང་སྤྱི་འཐུས་གསར་པ་རྣམས་ལ་འཚམས་འདྲི་དང་ཆབས་གཅིག ལོ་ལྔའི་རིང་སྤྱི་དོན་གཙོ་བཟུང་གིས་གང་ཟག་ལས་སྒྲིག་འཛུགས་གལ་ཆེ་བ་དང་། ཁྲིམས་སྒྲིག་གོང་བཀུར་གྱིས་གཡས་ཁ་གཡོན་དཀྲི་མེད་པར་བོད་ཀྱི་དོམ་དམ་པའི་རྩ་དོན་ཐོག་ནུས་པ་སྤུངས་རོགས་ཞུ་རྒྱུ་ཡིན།

    དེ་དང་ཆབས་ཅིག་སྲིད་སྐྱོང་སློབ་བཟང་སངས་རྒྱས་དང་། བློ་བཟང་སེང་གེ་གང་ཡིན་ཁ་གསལ་བཟོ་རོགས་གནང་ཞེས་འོས་བསྡུ་ལས་ཁུངས་སུ་འབོད་བསྐུལ་ཞུ་རྒྱུ་ཡིན།

    Reply
  12. རྟ་རྒོད says:
    ལོ་ 9 སྔོན།

    བཀྲི་བདེ་ལེགས།

    Reply
  13. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 9 སྔོན།

    སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་སྤྱི་འཐུས་གསར་བ་རྣམ་ལ་ལྷག་བསམ་དག་པས་འཚམས་འདྲི་གྲངས་མེད་ཡོད། བྱ་བ་ལམ་འགྲོ་ཡོང་བར་སྨོན།སྤྱི་འཐུས་ནང་ཕྱོགས་རིས་ཀྱི་དྲི་ངན་མེད་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese