མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དང་གཞས་མ་གྷ་གྷ་རྣམ་གཉིས་དྲི་བ་དྲིས་ལན་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་པའི་ལོ་འཁོར་ལྷན་ཚོགས་ཐོག་བོད་མིའི་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་དང་ཨ་རིའི་གཞས་མ་གྲགས་ཆེན་གྷ་གྷ་རྣམ་གཉིས་ཀྱིས་དྲི་བ་དྲིས་ལན་དང་༧གོང་ས་མཆོག་གསུང་བཤད་བཅས་གནང་རྒྱུ་ཡིན་འདུག

tibettimes-5

 སང་ཉིན་ཨ་རིའི་གཟའ་ཉི་མར་ཨ་རིའི་མངའ་སྡེ་གྲོང་ཁྱེར་ཨིན་ཌེ་ཡ་ན་ཕོ་ལེ་སི་ (Indianapolis) ཡི་ (JW Marriott Houston Downtown) གསོལ་མགྲོན་ཁང་དུ་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་པའི་ལོ་འཁོར་ལྷན་ཚོགས་ཐེངས་ ༨༤ པ་འཚོགས་འཆར་ཡོད་པ་དང་། ལྷན་ཚོགས་སྟེང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཨ་རིའི་གཞས་མ་གྲགས་ཅན་ལེ་ཌེ་གྷ་གྷ་ (Lady Gaga) དང་། ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་ (Hillary Clinton) དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་ (Trump) དང་། དེ་བཞིན། ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་པ་ ༣༠༠ མ་ཟིན་ཙམ་མཉམ་གཞུག་གནང་འཆར་ཡོད་འདུག

ལྷན་ཚོགས་ཀྱི་ཐོག་མར་གཞས་མ་དང་སྒྱུ་རྩལ་བ་གྲགས་ཅན་ལེ་ཌེ་གྷ་གྷ་ལགས་ཀྱིས་༧གོང་ས་མཆོག་གིས་གསུང་བའི་ “དཀའ་རྙོག་མིས་བཟོས་པ་ཡིན་སྟབས་མིས་སེལ་དགོས”པ་དང་། “འགྲོ་བ་མིའི་རྩ་བའི་རང་བཞིན་ནི་སྙིང་རྗེ་ཅན་ཡིན་པ་དང་། དེ་ནི་ང་ཚོའི་རེ་བའི་འབྱུང་ཁུངས་ཡིན”ཞེས་པའི་བཀའ་སློབ་ཁག་ཅིག་གདངས་དབྱངས་སུ་གྱེར་རྒྱུ་ཡིན་པ་དང་། དེའི་རྗེས་བོད་མིའི་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ “བྱམས་བརྩེ་ནི་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཀྱི་ཀྭ་བ་ལྟ་བུ་ཡིན” (Compassion as the Pillar of World Peace) པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་ཞིང་། ༧གོང་ས་མཆོག་ནས་གསུང་བཤད་གནང་གྲུབ་རྗེས། ཁོང་ཉིད་ལེ་ཌེ་གྷ་གྷ་དང་ལྷན་བཞུགས་ཀྱིས་དྲི་བར་དྲི་ལན་གནང་རྒྱུ་ཡིན་པ་དང་། ལས་རིམ་དེ་ཨ་རིའི་རྒྱལ་ཡོངས་བརྙན་འཕྲིན་ཁང་ (NBC) གི་གསར་འགོད་པ་ཟུར་བ་ལྕམ་ (Ann Curry) ལགས་ཀྱིས་མདོ་འཛིན་གནང་རྒྱུ་ཡིན་འདུག

རེས་གཟའ་ཉི་མའི་ཉིན་རྒྱབ་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་རྣམ་གཉིས་ནས་ཀྱང་ཨ་རིའི་དཔལ་འབྱོར་འདུ་འགོད་ཀྱི་ལྟེ་བར་གྱུར་བའི་ས་གནས་དང་གྲོང་ཁྱེར་ཁག་ཡར་རྒྱས་གོང་འཕེལ་ཡོང་ཐབས་སུ་ཕྱར་བ་གྲུ་འདེགས་དགོས་པའི་སྐོར་གྱི་གཏམ་བཤད་སྤེལ་འཆར་ཡོད་འདུག

ཐེངས་འདིའི་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་པའི་ལོ་འཁོར་ལྷན་ཚོགས་ཐོག་སྤྱི་དམངས་མཉམ་ཞུགས་བྱེད་དུ་འཇུག་རྩིས་མེད་ནའང་། ལྷན་ཚོགས་ཀྱི་ལས་རིམ་དང་གཏམ་བཤད་ཁག་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་རྒྱང་སྒྲོག་བྱེད་འཆར་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 1

  1. ཤར་མདའ། says:
    ལོ་ 10 སྔོན།

    འདི་འདྲ་གཏམ་བཟང་ཞིག་འཇིག་རྟེན་གྱི་ཞི་བདེའི་བྱང་སེམས་མ་གཏོགས་སྐྱེ་བུ་སུ་ཞིག་སྒྲུབ་ཐུབ་ངོ་མ་ཡ་མཚན་རེད། འདི་འུ་ཅག་བོད་མི་ཚོའི་བསོད་ནམས་ཡིན་ནོ་ཤེས་ཀྱི་མེད་པ་འདྲ་ད་དུང་ཁོག་ལ་གདོན་བཞུག་འདུག་མཁན་ཁ་ཤས་ནས་༧གོང་ས་མཆོག་ལ་མཚན་སྨད་བྱེད་པ་དང་དེའི་བཀའ་གསུང་མི་བརྩི་བ་དེ་འདྲ་མཐོང་ན་ངོ་མ་བློ་ཕམ་ནི་ཞིག་རེད་གང་ལྟར་བཀའ་དྲིན་ཆེ་སྒྱུར་རྩོམ་འདི་སྤེལ་མཁན་དང་དུས་བབས་ཚང་བཀྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese