མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷ་ཧ་ཌུར་གྷར་གྱི་བོད་མི་སུད་ཚོང་པའི་དཀའ་ངལ་སེལ་ཚར།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཚབ་འཆི་མེད་རིག་འཛིན་ལགས་ནས་ཧ་རི་ཡ་ནའི་བྷ་ཧ་ཌུར་གྷར་གྱི་བོད་མི་སུད་ཚོང་པའི་དཀའ་ངལ་སེལ་ཚར་ཡོད་པ་མ་ཟད། མ་འོངས་པར་དཀའ་ངལ་དེ་འདྲ་མི་ཡོང་བར་ཡིག་ཆའང་བཟོས་ཡོད་སྐོར་བརྗོད་བྱུང་།

Agriculture & Cooperative Division Additional Secretary Mr. Chhimey Rigzenཟླ་འདིའི་ཕྱི་ཚེས་ ༡༨ ཉིན། རྒྱ་གར་གྱི་མངའ་སྡེ་ཧ་རི་ཡ་ནའི་བྷ་ཧ་ཌུར་གྷར་(Bahadurgarh)དུ་ཡོད་པའི་བོད་མི་སུད་ཚོང་པའི་ཁྲོམ་རར་ཡུལ་མི་ཚོང་པ་ཚོས་གཏོར་བཤིག་བཏང་བའི་དཀའ་རྙོག་བྱུང་ཡོད་པ་ལྟར། དེ་རིང་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཚབ་འཆི་མེད་རིག་འཛིན་ལགས་སུ། ད་ལྟའི་ཆར་དཀའ་རྙོག་དེའི་གནས་སྟངས་ག་འདྲ་ཆགས་ཡོད་པ་དང་། ནང་སྲིད་ལས་ཁུངས་ནས་དཀའ་རྙོག་དེ་སེལ་ཐབས་ག་འདྲ་གནང་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། ཧ་རི་ཡ་ནའི་བྷ་ཧ་ཌུར་གྷར་གྱི་བོད་མིའི་ཁྲོམ་ས་དེ་བཙུགས་ནས་ལོ་ ༨ ཙམ་འགྲོ་བཞིན་ཡོད་པ་དང་། ས་གནས་ཀྱི་རྒྱ་གར་ཚོང་པ་ཚོས་རང་བཞིན་གྱིས་ཚོང་མ་ཕོག་དུས་གནོད་སྐྱེལ་མཁན་དེ་བོད་མི་ཚོང་པ་ཚོ་རེད་ཅེས་རང་དབང་ལུང་པར་ཡོད་དུས་ཁོ་རང་ཚོས་དབང་ཤུགས་བྱས་ཏེ་གཏོར་བ་དངོས་ཡོད་རེད་འདུག སྐབས་དེར་ས་གནས་མགོ་འཛིན་ཡོངས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཚོགས་བསྡད་ཡོད་པ་དང་། འཛིན་སྐྱོང་ཚོགས་འདུ་གྲོལ་རྗེས་རྩོད་རྙོག་འདུམ་འགྲིག་ཁང་གི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་གི་ཡོད་པ་རེད། ཡིན་ནའང་། ལྡི་ལི་ས་གནས་མགོ་འཛིན་འཛིན་སྐྱོང་ཚོགས་ཆེན་གྲོལ་བ་དང་འཕྲལ་དུ་ལྡི་ལིར་བཏང་སྟེ། བྷ་ཧ་ཌུར་གྷར་ས་གནས་ཀྱི་དངོས་ཡོད་དཀའ་ངལ་ག་རེ་ཡིན་པ་དང་། དཀའ་ངལ་དེ་སེལ་ཐབས་བྱེད་དགོས་པ་རེད་ཅེས་ཞུས་ཡོད་པ་མ་ཟད། ལྡི་ལི་ས་གནས་མགོ་འཛིན་གྱི་ལས་དྲུང་ལ་ཁ་པར་བཏང་སྟེ། ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་ཚེ་དབང་རྒྱལ་པོ་ལགས་འཕྲལ་དུ་ས་གནས་སུ་ཕེབས་རོགས་ཞུ་དགོས་པ་བཀའ་མངག་གནང་བ་ལྟར། ཁོང་ས་གནས་སུ་ཕེབས་ཏེ་དཀའ་ངལ་དེ་སེལ་ཐུབ་ཡོད་པ་མ་ཟད། མ་འོངས་པར་དཀའ་ངལ་དེ་རིགས་མི་འབྱུང་བའི་བར་འདུམ་བྱས་ཏེ་ཡིག་ཆའང་བཞག་འདུག་པས། ད་ལྟའི་གནས་སྐབས་སུ་དཀའ་ངལ་དེ་མེད། ཅེས་ཟེར།

རྒྱ་གར་གྱི་གསར་ལམ་དུ་སྐབས་དེར་བོད་མིའི་ཁྲོམ་ས་གཏོར་མཁན་ཁག་ཅིག་འཛིན་བཟུང་བྱས་ཡོད་ལུགས་ཐོན་པ་དེའི་སྐོར་ག་འདྲ་ཆགས་ཡོད་དྲིས་པར། ཟིང་ཆ་ཆེན་པོ་ཞིག་སློང་སྐབས་ཞི་འཇགས་ཡོང་ཆེད། སྐོར་སྲུང་བ་དེ་ཚོས་ཟིང་ཆ་སློང་མཁན་གཏེ་བོ་རྣམས་འཛིན་བཟུང་བྱེད་དགོས་པ་དེ་འགྲོ་སྟངས་ཤིག་ཆགས་བསྡད་ཡོད་དུས། སྐབས་དེར་ཁྲོམ་ར་གཏོར་མཁན་གཏེ་བོ་མི་ ༦ འཛིན་བཟུང་བཀག་སྐྱིལ་བྱས་པ་དངོས་གནས་ཡིན་ཡང་། སུ་ཡིན་མིན་དང་གང་ནས་ཡིན་མིན་སོགས་ལ་རྩད་གཅོད་གནང་མེད་སྐོར་བརྗོད་བྱུང་།

ཧ་རི་ཡ་ནའི་བྷ་ཧ་ཌུར་གྷར་དུ་བོད་མི་སུད་ཚོང་པ་ག་ཚོད་ཡོད་པ་དང་། སྤྱི་ཡོངས་ནས་ནང་སྲིད་ལས་ཁུངས་ལ་བོད་མི་སུད་ཚོང་པའི་བསྡོམས་འབོར་དེ་འདྲ་ཡོད་མེད་དྲིས་པར་ཁོང་གིས། དེང་སང་བོད་མི་སུད་ཚོང་པ་ཚོར་ཁྲོམ་ས་གཅིག་ནས་དཀའ་ངལ་འཕྲད་ཚེ། ཡང་ཁྲོམ་ས་གསར་པ་དེ་འདྲ་བཟོ་མཁན་ཡོང་གི་ཡོད་པ་དང་། མགོ་འཁྲིད་མཁན་དེ་བོད་པ་ཡིན་པ་གང་ཞིག་ལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་མཉམ་དུ་མཐུན་ཚོགས་བཟོས་ཏེ། བོད་མིའི་ཁྲོམ་ས་ཞེས་མིང་བཏགས་ཡོད་སྐོར་བཤད་ཀྱི་འདུག བྷ་ཧ་ཌུར་གྷར་གྱི་ཁྲོམ་ས་དེ་ཕྱི་ལོ་ ༢༠༠༨ ཙམ་ལ་བཟོས་པ་བཤད་ཀྱི་འདུག་ལ། ནམ་རྒྱུན་དཀའ་ངལ་མ་འཕྲད་པའི་སྐབས་སུ་སོ་སོ་བྱས་ཏེ་འཚོ་བ་རང་སྐྱོང་དང་རང་མགོ་རང་ཐོན་གྱིས་བསྡད་ཡོད་པ་དང་། དཀའ་ངལ་འཕྲད་སྐབས་ནང་སྲིད་ལས་ཁུངས་དང་ཕར་གྱི་ས་གནས་བར་འབྲེལ་བ་བྱུང་ཡོད་པ་དང་། ནང་སྲིད་ལས་ཁུངས་ནས་ལམ་སང་ས་གནས་སུ་ཡི་གེ་བཏང་སྟེ་དེར་བོད་པ་ག་ཚོད་ཡོད་པ་དང་། བོད་པ་མ་ཡིན་པ་ག་ཚོད་འདུག ཁྱོན་བསྡོམས་ག་ཚོད་འདུག་ཅེས་གནས་ཚུལ་ཞིབ་ཕྲ་འཁུར་ཤོག་ཞུས་ཡོད་ཀྱང་། ཁྱོན་བསྡོམས་སུད་ཚོང་བ་ ༤༥ འདུག་ལབ་པ་ཙམ་མ་གཏོགས་ད་ལྟའི་བར་ཡིག་ཐོག་ནས་ཞིབ་ཕྲའི་གནས་ཚུལ་འབྱོར་མ་བྱུང་། ཞེས་དང་། བོད་མི་སུད་ཚོང་པའི་གྲངས་འབོར་ལ་ལོ་རེ་བཞིན་འཕར་ཆ་ཞེ་དྲགས་འགྲོ་བཞིན་ཡོད་སྟབས། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཕལ་ཆེ་བའི་ནང་བོད་མི་སུད་ཚོང་བ་མ་སླེབ་ས་མེད་པ་ལྟ་བུ་ཞིག་ཡིན་ཡང་། གྲངས་ཐོ་འདི་ཡོད་པ་རེད་ཅེས་ལམ་སང་ཞུ་ཚོད་མི་ཐུག་ཀྱང་སུད་ཚོང་བའི་གྲངས་ཐོ་ཞིག་དགོས་ངེས་ཅན་ཡིན་སྐོར་བརྗོད་བྱུང་།

དགུན་དུས་སླེབ་ཀྱི་ཡོད་པ་དང་བསྟུན་བོད་མི་མང་པོ་རྒྱ་གར་གྱི་གྲོང་ཁྱེར་ཁག་ནང་སུད་ཚོང་རྒྱག་ཏུ་འགྲོ་བཞིན་ཡོད་སྟབས། ད་ལྟའི་བར་ས་གནས་གཞན་དུ་ཁྲོམ་སའི་དཀའ་ངལ་འཕྲད་པའི་གནས་ཚུལ་ནང་སྲིད་ལས་ཁུངས་ལ་འབྱོར་ཡོད་མེད་སྐོར་ལ་ཁོང་གིས། ནང་སྲིད་ལ་ཐད་ཀར་སྙན་ཞུ་འབྱོར་བ་བྱུང་མེད་ཀྱང་། སོ་ནི་པུར་(Sonipur)དང་ཨིན་ཌི་ར་མངའ་སྡེའི་(Vijayawada)ཕྱོགས་ཀྱི་ཁྲོམ་སའི་ཐོག་དཀའ་ངལ་འཕྲད་ཡོད་པ་ཞིག་གོ་ཐོས་ཙམ་བྱུང་ཡང་། ཆབ་སྲིད་དང་འབྲེལ་ནས་དཀའ་ངལ་ཆེན་པོ་ཞིག་མ་བྱུང་ན། དཀའ་ངལ་མང་ཆེ་བ་ཞིག་ས་གནས་སོ་སོར་ཚོང་པ་ལྷན་ཚོགས་ཡོད་དུས། ས་གནས་རང་ནས་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་ལ། སེལ་ཡང་ཐུབ་ཀྱི་ཡོད་པ་དང་། གལ་སྲིད་ས་གནས་ནས་དཀའ་ངལ་སེལ་མ་ཐུབ་པ་ཡིན་ན་ནང་སྲིད་ལས་ཁུངས་ལ་སྙན་གསེང་ཞུ་ཡི་ཡོད་པ་དང་། ནང་སྲིད་ལས་ཁུངས་ནས་ལྗགས་ལན་གནང་བ་དང་། ཡང་ན་ཆེད་གཉེར་སྐུ་ཚབ་གཏོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

བོད་མི་སུད་ཚོང་པ་ཚོར་ཁྲོམ་སའི་བདག་དབང་སོགས་ཀྱི་ཐོག་ནས་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད་སྟབས། ལོ་ ༢༠༡༧ ལོར་ལུ་ཌི་ཡ་ན་རུ་ཚོགས་གཏན་འཁེལ་བའི་རྒྱ་གར་རྒྱལ་ཡོངས་ཀྱི་སུད་ཚོང་བའི་དམིགས་བསལ་ཚོགས་ཆེན་ཐོག ནང་སྲིད་ལས་ཁུངས་ནས་བོད་མི་སུད་ཚོང་པའི་དཀའ་ངལ་སེལ་ཆེད་ག་རེ་གནང་འཆར་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ པའི་ནང་རྒྱ་གར་གྱི་སུད་ཚོང་ལྷན་ཚོགས་ཀྱི་ཚོགས་ཆེན་ཞིག་ཚོགས་གཏན་འཁེལ་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་ངོ་བཀའ་བློན་མཆོག་ཕེབས་རོགས་ཞུས་ཡོད་པ་ཞིག་མཐོང་སོང་། རྩ་བའི་བོད་མི་སུད་ཚོང་པའི་དཀའ་ངལ་དེ་གཙོ་བོ་ག་འདྲ་འཕྲད་ཀྱི་ཡོད་པ་རེད་ཞུས་ན། སོ་སོའི་ཁྲོམ་ས་དེ་ལོ་བསྟུད་མར་འཇུས་ནས་བསྡད་པ་ཡིན་ན་དཀའ་ངལ་དེ་ཙམ་འཕྲད་ཀྱི་མེད་ཀྱང་། བོད་མི་ཚོང་པ་ཚོས་དགུན་ཚོང་བརྒྱབ་རྗེས་ཁྲོམ་ས་དེར་མུ་མཐུད་འདུག་མ་ཐུབ་པར་ཀློད་ཀྱི་ཡོད་པ་དང་། རྒྱ་གར་གྱི་མི་སེར་ཡིན་པའི་ཚོང་པ་ཚོས་ཁྲོམ་ས་དེ་བདག་བཟུང་བྱས་པར་བརྟེན། དཀའ་ངལ་གཅིག་དེ་ནས་ཡོང་གི་ཡོད་པ་རེད། ཡིན་ནའང་། སྔོན་ཆད་དང་མི་འདྲ་བར་དེང་སང་བོད་མི་ཚོར་དཀའ་ངལ་འཕྲད་པ་ཡིན་ན། རྒྱ་གར་གཞུང་ལ་ཞུས་ན་ཞུ་ལམ་བདེ་བོ་ཞེ་དྲགས་ཡོད་པ་རེད་དྲན་གྱི་འདུག གང་ཡིན་ཟེར་ན། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་གནང་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ (Tibetan Rehabilitation Policy 2014)བཏོན་ཡོད་པ་དང་། དབུས་ནས་སྲིད་བྱུས་དེ་བཏོན་ཡོད་པ་ལྟར་བོད་མི་འདུས་སྡོད་བྱས་ཡོད་པའི་མངའ་སྡེ་ཚང་མའི་ནང་ལག་བསྟར་ཡོང་ཆེད་མངའ་སྡེ་གཞུང་སོ་སོ་ནས་ཀྱང་འདོན་དགོས་པའི་སྙན་སྐུལ་ཞུས་པ་ལྟར། ད་ལྟ་གང་ལ་གང་འཚམ་གྱིས་བཏོན་ཚར་ཡོད་དུས། དཀའ་ངལ་འཕྲད་སྐབས་ཡིག་ཆ་དེ་དང་། གཙོ་བོ་༧་སྐྱབས་མགོན་རིན་པོ་ཆེ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་(CTRC)ཡི་ཡིག་ཆའི་ནང་དུའང་ཡོད་པ་ཡིན་དུས། མ་འོངས་པ་ལའང་དཀའ་ངལ་འཕྲད་ཀྱི་རེད་དེ་སེལ་ཐུབ་པའི་ཐབས་ལམ་ཡོད་པ་རེད། ཅེས་བརྗོད་བྱུང་།

                                                                                                                                                                 གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གནས་ཚུལ། http://tibettimes.net/%e0%bd%a1%e0%bd%b4%e0%bd%a3%e0%bc%8b%e0%bd%98%e0%bd%b2%e0%bc%8b%e0%bd%9a%e0%bd%bc%e0%bd%84%e0%bc%8b%e0%bd%94%e0%bc%8b%e0%bd%9a%e0%bd%bc%e0%bd%a6%e0%bc%8b%e0%bd%96%e0%bd%bc%e0%bd%91%e0%bc%8b%e0%bd%98/

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese