མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་བཞུགས་སྒར་དུ་ཆིབས་སྒྱུར་གནང་།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ། ༤༠ སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཉི་ཧོང་དང་སོག་ཡུལ་སོགས་ཀྱི་མཛད་འཕྲིན་ཁག་གྲུབ་སྟེ། ཕྱིར་བཞུགས་སྒར་དྷ་རམ་ས་ལའི་གཟིམ་ཆུང་ཕོ་བྲང་ལ་ཆིབས་ཞབས་བསྒྱུར་ཡོད་པ་རེད།

tibettimes1-1ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་༧གོང་ས་མཆོག་དྷ་རམ་ས་ལ་ནས་ཆིབས་འཐོན་གནང་སྟེ་ཚེས་ ༨ ཉིན་ཉི་ཧོང་ཊོག་ཁེའོ་གནམ་ཐང་དུ་ཞབས་སོར་བཀོད་ཡོད་པ་དང་། ཐེངས་འདིར་ཉི་ཧོང་གི་སློབ་གྲྭ་ཆེན་མོ་དང་ནང་པའི་ཆོས་ཚོགས། དེ་བཞིན། ཚན་རིག་ཞིབ་འཇུག་ཁང་དང་རིག་གཞུང་བསྟི་གནས་ཁག་ཅིག་བཅས་སུ་མཛད་འཕྲིན་དང་བཀའ་སློབ་གནང་ཡོད།

ཐེངས་འདིར་༧གོང་ས་མཆོག་གིས་རྒྱ་རིགས་ཁག་ཅིག་ལ་བཀའ་སློབ་གནང་སྐབས། སོ་སོ་ཕ་མེས་ཀྱི་ཆོས་ལུགས་གང་ཡིན་པ་དེར་འགྱུར་བ་མ་བཏང་ན་ལེགས་པའི་སྐོར་གསུངས་ཡོད་པ་མ་ཟད། ཚེས་ ༩ ཉིན་ཉིན་ཉི་ཧོང་རྒྱལ་སའི་ཧོན་གན་ཇི་ Honganji Temple ནང་པའི་དགོན་པར་བཀའ་སློབ་གནང་སྐབས། “ཉི་ཧོང་ཆོས་གྲོགས་མང་པོ་ཞིག་གིས་ང་ཚོ་བོད་ཀྱི་དགོན་སྡེ་རིགས་མང་པོ་ཞིག་གིས་ཆོ་ག་བཏོན་ནས་འགྲོ་བཞིན་ཡོད་པ་ལྟར་བྱེད་བཞིན་ཡོད་བཟོ་འདུག ཆོ་ག་འདོན་ནས་འགྲོ་རྒྱུའི་ལམ་སྲོལ་དེ་སྔ་མོའི་ལམ་སྲོལ་ཞིག་ཆགས་ཡོད། ད་ཆ་ང་ཚོས་དུས་རབས་ ༢༡ ནང་པ་བྱེད་དགོས་པ་བརྗོད་སྐབས། སངས་རྒྱས་པའི་ཆོས་པ་རེད། ཅེས་བརྗོད་སྐབས་སངས་རྒྱས་དཀོན་མཆོག   ཆོས་དཀོན་མཆོག  དགེ་འདུན་དཀོན་མཆོག བཅས་ངོ་ཤེས་པ་བྱེད་དགོས། དཀོན་མཆོག་གསུམ་ངོ་ཤེས་པར་ཆོས་དཀོན་མཆོག་ངོ་ཤེས་དགོས། ཆོས་དཀོན་མཆོག་ངོ་ཤེས་པར་འགོག་བདེན་དང་ལམ་བདེན་གྱི་རྣམ་གཞག་ཤེས་དགོས་པ་རེད། དེར་བརྟེན་སློབ་སྦྱོང་ཕྲན་བུ་མ་བྱས་ན། འགོག་བདེན་ལམ་བདེན། ཞེས་ཚིག་ཙམ་བརྗོད་ན་ཕན་རྒྱུ་མེད།” ཅེས་གསུངས་ཡོད།

སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་གིས་གདན་འདྲེན་ཞུས་པ་ལྟར། ཕྱི་ཚེས་ ༡༨ ཉིན་༧གོང་ས་མཆོག་ཉི་ཧོང་ནས་ཐད་ཀར་སོག་ཡུལ་དུ་ཕེབས་ཡོད་པ་དང་། སོག་ཡུལ་གྱི་སློབ་གྲྭ་ཆེན་མོ་ཁག་ཅིག་དང་རིག་གཞུང་བལྟི་གནས་ཁག་ཅིག་བཅས་ལ་བཀའ་སློབ་གནང་ཡོད་ལ། ནང་ཆོས་དང་ཚན་རིག་སྐོར་ལ་རྒྱལ་སྤྱི་རང་བཞིན་གྱི་བགྲོ་གླེང་། དེ་བཞིན། ཚེས་ ༢༠ ཉིན་རྒྱལ་ས་ཨུ་ལན་པ་ཋིར་ཚོགས་ཁང་ཆེན་མོའི་ནང་མི་མང་ ༡༠༠༠༠ ལྷག་ལ་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྩོལ་སྐབས། བཀའ་ཆོས་གསན་པར་སོག་ཡུལ་གྱི་མངའ་སྡེ་མང་པོ་ནས་ཕེབས་ཡོད་པ་མ་ཟད། ཨུ་རུ་སུའི་ཁོངས་གཏོགས་བྷོ་རུ་ཡ་ཐི་དང་ཏུ་ཝ། ཁཱལ་མུག་སོགས་ནས་ཀྱང་ཕེབས་ཡོད་འདུག

ཚེས་ ༢༢ ཉིན། ༧གོང་ས་མཆོག་གིས་སོག་ཡུལ་རྒྱ་ས་ཨུ་ལན་བྷ་ཋིར་གྱི་རིག་གཞུང་ལྟེ་གནས་ཁང་དུ། སོག་རིགས་གཞོན་སྐྱེས་ཚོར་བཀའ་སློབ་གནང་སྐབས། སོག་པོའི་གོང་མ་ཇི་གྷི་སི་ཁཱེན་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས་སྐོར་དང་། མ་འོངས་པར་ཡང་ཁོང་ཉིད་བསྐྱར་དུ་སོག་ཡུལ་ནང་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་རེ་ཡོད་སྐོར་སོགས་བཀའ་གནང་ཡོད་པ་རེད། ༧གོང་ས་མཆོག་གིས་བཀའ་གནང་དོན། “ བོད་དང་ཆེན་པོ་ཧོར་གྱི་ཡུལ་གཉིས་ལོ་ངོ་སྟོང་ཕྲག་རིང་ནས་མཛའ་བརྩེའི་འབྲེལ་བ་ཡོད། ལྷག་པར་དུ་སོག་ཡུལ་དུ་ནང་ཆོས་དར་ཁྱབ་བྱུང་རྗེས་ཡུལ་གཉིས་བར་ཆོས་ཡོན་གྱི་འབྲེལ་བ་བྱུང་བ་རེད།” ཅེས་སོགས་གསུངས་ཡོད་པ་རེད།

ཉིན་འགའི་རྗེས་སུ་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་པར་མཇལ་ཁ་འཇོག་གནང་མཛད་རྒྱུ་ཡིན་པ་དང་། དེའི་རྗེས་སླར་ཡང་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་ཞབས་བསྒྱུར་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese