མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོན་དཔེ་ལས་ཏི་སེའི་རང་བཞིན་ཆཊ་སྟངས་གླེང་བ།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གངས་ཏི་སེའི་སྐོར་ལ་དངོས་ཡོད་གནས་ཚུལ་དང་དད་པ་དག་སྣང་གི་བཤད་སྟངས་གཉིས་ཡོད་པ་ལས་དད་པ་དག་སྣང་གི་བཤད་སྟངས་ལ་མཐའ་མེད་སྐོར་བརྗོད་སོང་།

IMG_4239དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ ཐོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། དཔེ་མཛོད་ཁང་དང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གཉིས་ཐུན་མོང་གི་གོ་སྒྲིག་འོག  བོན་གྱི་ལོ་རྒྱུས་ཞིབ་འཇུག་པ་ནོར་ཝེ་ནས་ཡིན་པའི་ Prof Per Kvaerne ལགས་ཀྱིས། བོན་དཔེ་ལས་གངས་ཏི་སེའི་རང་བཞིན་དང་ཆགས་ཡུལ་སྐོར་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སོང་བ་དང་། གཏམ་བཤད་ཐོག་རྩོམ་པ་པོ་དང་ཉམས་ཞིབ་པ་བོད་རིགས་དང་རྒྱ་གར་བ། ཕྱི་རྒྱལ་བ་བཅས་དོ་སྣང་ཅན་ ༤༠ ཡས་མས་འཛོམས་འདུག

བོན་གྱི་ལོ་རྒྱུས་ཞིབ་འཇུག་པ་ (Per Kvaerne) ལགས་ཀྱིས། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ལགས་དང་ཁྱུང་པོ་བློ་གྲོས་རྒྱལ་མཚན་ལགས་གཉིས་ཀྱི་གངས་ཏི་སེའི་སྐོར་གྱི་གནས་བཤད་རྣམས་ལུང་དྲངས་ཏེ། བོན་གྱི་གནས་ཡིག་ནང་གངས་ཏི་སེ་དང་མཚོ་མ་པང་(མཚོ་མ་ཕམ)གཉིས་བར་སྣང་སུ་ཆགས་ཤིང་། འཛམ་བུ་གླིང་དུས་མཐའ་རུ་བསླེབས་ཡང་གངས་ཏི་སེ་ནི་ཆུ་དང་མེ། རླུང་སོགས་འབྱུང་བའི་གནོད་འཚེ་ཡིས་གཞོམ་ཞིག་བྲལ་བའི་ངང་གནས་ཡོད་པ་དང་། བར་སྣང་གི་གངས་ཏི་སེ་དང་མཚོ་མ་པང་གཉིས་ཀྱི་གཤམ་འོག་ས་གཞིའི་སྟེང་མཆོད་རྟེན་གྱི་དབྱིབས་སུ་གྲུབ་པའི་གངས་རི་ཏི་སེ་(Ti-Se )དང་། དཀྱིལ་འཁོར་བཞེངས་འདྲའི་མཚོ་མ་དྲོས་གཉིས་ཡོད་ལ། ཏི་སེ་དབལ་ཆེན་གེ་ཁོད་ཀྱི་གནས་དང་། མཚོ་མ་དྲོས་སྒྲ་བླའི་རྒྱལ་མོའི་གནས་སུ་འབོད་པ་དང་། གནས་དེ་ནི་དུས་གསུམ་གྱི་སྟོན་པ་གཤེན་རབ་སངས་རྒྱས་པའི་གནས་རྩ་ཆེན་པོ་ཡིན་པར་ངོས་འཛིན་ཞུ་ཡི་ཡོད་སྐོར་གསུངས་ཡོད་པ་སོགས་བརྗོད་སོང་།

མཇུག་ཏུ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། དེ་རིང་གི་གཏམ་བཤད་དེ་དུས་རབས་ ༡༩ པའི་བོན་གྱི་གནས་ཡིག་ཅིག་གཞིར་བཞག་སྟེ་གནང་གི་ཡོད་པ་དང་། བོན་ཆོས་དེ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་སྔོན་ནས་དར་ཡོད་སྟབས། གལ་སྲིད་དེ་རིང་གི་གཏམ་བཤད་དཀར་ཆག་དེ་དུས་རབས་ ༡༠ པ་དང་ ༡༡། ༡༢ སྐབས་ཀྱི་བོན་གྱི་གནས་ཡིག་ཅིག་ཡིན་ཚེ། དུས་རྒྱུན་གྱི་གནས་ཡིག་དང་མ་འདྲ་བའི་ཁྱད་ཆོས་འབུར་ཐོན་ཞིག་གཅིག་བྱས་ན་ཡོད་སྲིད་སྐོར་དང་། གངས་ཏི་སེའི་སྐོར་བཤད་སྐབས་མིག་གིས་མཐོང་རྒྱུ་ཡོད་པའི་དངོས་ཡོད་གནས་ཚུལ་བཤད་སྟངས་ཤིག་དང་། དད་པ་དག་སྣང་གི་བཤད་སྟངས་བཅས་རིགས་གཉིས་ཡོད་པ་དང་། དད་པ་དག་སྣང་གི་བཤད་སྟངས་ལ་མཐའ་མེད་པ་དང་། བོད་རང་གི་ལོ་རྒྱུས་ཁྲོད་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་གཞི་ནས་སྐད་ཆ་དང་པོ་བྱུང་ཡོད་པ་དང་། ཕྱིས་སུ་མར་པ་ལོ་ཙཱས་གངས་ཏི་སེ་ནི་སྒོམ་རྒྱག་སའི་གནས་རྩ་ཆེན་པོ་བདེ་མཆོག་གི་གནས་ཞེས་གསུངས་བ་ལྟར། མི་ལ་རུས་པ་གནས་དེར་སྒོམ་ཉམས་ལེན་དུ་ཕེབས་པའི་རྣམ་ཐར་བྱུང་བ་ནས་བཟུང་གངས་ཏི་སེའི་སྐོར་འཁྲུག་པོ་ཆགས་པ་དང་། སྔོན་མ་གངས་ཏི་སེ་ནི་ནང་པ་དང་ཧིན་རྡུ་ཆོས་ལུགས་ཀྱི་ཐུན་མོང་གི་གནས་ཤིག་ཡིན་ཞེས་བཤད་ཀྱི་ཡོད་ཀྱང་། ཕྱི་ལོ་ ༡༩༨༠ ནང་ནས་བཟུང་རྗེན་ཆོས་ལུགས་ཀྱི་གནས་ཤིག་ཡིན་པའི་སྐད་ཆ་གསར་པ་བྱུང་ཡོད་སྐོར་སོགས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༡༣ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༡༤ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese