མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དང་ཊི་རུམ་ཕི་གཉིས་ལས་སུ་ཞིག་གྲོད་ཁག་ལྟོགས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༧/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

སི་ཨན་ཨན་རྩོམ་སྒྲིག་པའི་མཆན། རྩོམ་པ་པོ་སྐུ་ཞབས་ཁེ་རེ་བྷི་རོན་ Kerry Brown ལགས་ནི། རྒྱ་ནག་གི་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་དང་ཌོན་ཏོན་མཐོ་སློབ་རྒྱ་ནག་སྡེ་ཚན་གྱི་དབུ་འཛིན་ཡིན། འོག་གི་བསམ་ཚུལ་འདི་རྩོམ་པ་པོ་ཁོ་རང་སྒེར་གྱི་བསམ་ཚུལ་རེད།

TibetTimes

ཕྱི་ལོ་ ༢༠༡༦ ལོ་ནི་ང་ཚོ་ཚང་མས་འདས་པའི་ལོ་གཞན་དང་རྦད་དེ་མ་འདྲ་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དེ་རིང་ང་ཚོའི་གསལ་པོར་མཐོང་བཞིན་པའི་ཆབ་སྲིད་གནས་སྟངས་འདི་ཟླ་བ་ ༡༢ སྔོན་ལ་དེ་འདྲ་ཞིག་བྱུང་མི་སྲིད་པ་ཞིག་ལ་བསམ་བློ་བཏང་བ་རེད།

ད་རེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་(Xi Jinping)མངོན་དུ་ཐོན་ཏེ། གོ་ལ་གཅིག་འགྱུར་སྐོར་ཤུགས་ཀྱིས་བཤད་པ་དེས། འཛམ་གླིང་གི་ཆབ་སྲིད་ལ་དམིགས་བསལ་གྱི་འགྱུར་བ་ཆེན་པོ་གང་ཡང་གཏོང་མི་ཐུབ་ཀྱང་། ཕལ་ཆེར་ང་ཚོ་མི་སྒེར་སོ་སོ་ལ་མ་འོངས་པར་སྐད་ཆ་དེའི་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་ངེས་རེད།

ད་ལོར་སུད་སིའི་གངས་རིའི་ཁྲོད་ཀྱི་ས་གནས་ཌ་ཝོས་(Davos)ལ་འཚོགས་བཞིན་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་རྒྱ་ནག་གི་སྲིད་འཛིན་མཉམ་ཞུགས་བྱས་པ་ནི། རྒྱ་ནག་གི་སྲིད་འཛིན་ཞིག་ཚོགས་འདུ་དེ་འདྲ་ལ་མཉམ་ཞུགས་བྱས་པ་ཐོག་མ་དེ་ཆགས་ཡོད། འདི་ནི་རྟགས་མཚན་ལྗིད་ཁོག་ཅན་ཞིག་རེད། དམར་ཤོག་ཚོགས་པའི་མགོ་ཁྲིད་ཀྱིས་དབང་ཆ་ཡོད་ཚད་བཟུང་བའི་རྒྱལ་ཁབ་ཀྱི་ནང་ནས་གཙོ་བོར་འགྱུར་པའི་ཡུལ། གང་དུ་མ་རྩ་རིང་ལུགས་ཀྱི་བལྟི་གནས་ཡིན་ས་དེ་རུ་རྒྱལ་སྤྱིའི་ཁྲོམ་རྭའི་རང་དབང་ལོངས་སུ་སྤྱད་ཆོག་པ་དེ་ནི་རྒྱ་ནག་ཁོ་ན་ཡིན་ངེས། འོན་ཀྱང་ཞི་ཅིན་ཕིན་གྱི་གཏམ་བཤད་དེས་ད་རེབ་མི་རྣམས་བློ་ཕམ་དུ་བཅུག་མེད། གལ་སྲིད། གཞན་ལ་གོད་ཆག་བྱུང་སྟེ་ཨ་རི་དང་རྒྱ་ནག་ལ་འདོད་བློ་ཁེངས་པ་ཞིག་བྱུང་ཡོད་ཀྱང་ཁོང་ཚོས་ཚོར་བ་དེ་ཕྱི་ལོགས་སུ་བསྟན་ཡོད་མི་སྲིད།

ཉེ་འཆར་ང་ཚོས་གང་མཐོང་བ་རེད་ཟེར་ན། ཞི་ཅིན་ཕིན་ནི་རྒྱ་ནག་གི་དཔོན་རིགས་ཚོའི་ནང་ནས་སྨྲ་བརྗོད་མཁས་ཤོས་དེ་ཡིན་པ་མཐོང་ཡོད། འོན་ཀྱང་། ཁོས་ད་རེབ་བཤད་འདོད་པ་ནི་གོ་བདེ་ཞིང་ཡིད་དབང་འཕྲོག་པ་ཞིག་རེད། དེ་ནི། ཁོ་ལ་རང་གི་ཁ་གཏད་ཝ་ཤིན་ཊིན་སོགས་ས་ཆ་གང་ནས་སྐྱོན་བརྗོད་དང་། མི་དགའ་བའི་རྣམ་འགྱུར་ཆེན་པོ་བསྟན་ཡང་། རྒྱ་ནག་གི་ངོས་ནས་ནམ་ཡང་གོ་ལ་གཅིག་འགྱུར་གྱི་ཆེད་དུ་མདུན་སྐྱོད་བྱ་རྒྱུའི་འདུན་པ་དེ་རེད།

དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་གཉིས་ཡོད། དང་པོ། ཁོས་རང་གི་གཏམ་བཤད་ནང་གསལ་པོར་བཤད་འདུག གོ་ལ་གཅིག་འགྱུར་གྱིས་རྒྱ་ནག་མི་མང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། མའོ་(Mao)སྐབས་སུ་ཕྱི་རྒྱལ་ཁག་དང་ཚོང་འབྲེལ་ སྒོ་བརྒྱབ་ཡོད་སྟབས། སྐབས་དེའི་རྒྱལ་ཁབ་ཀྱི་གནས་སྟངས་སྐྱོ་བོ་ཡོད་པ་ཁོ་དང་ཁོའི་ལས་རོགས་ཚོས་ཤེས་ཀྱི་ཡོད།

༡༩༧༨ ལོར་རྒྱ་ནག་གིས་ཕྱི་ཕྱོགས་སུ་ཚོང་འབྲེལ་གྱི་སྒོ་ཕྱེས་པ་དང་། ད་དུང་མུ་མཐུད་དེ་ཕྱི་ཕྱོགས་སུ་སྒོ་མོ་ཆེ་རུ་ཕྱེས་དང་ཕྱེ་བཞིན་ཡོད། བརྒྱུད་ལམ་དེ་ལ་བརྟེན་ནས་རྒྱ་ནག་གི་མི་མང་དབུལ་པོ་རྣམས་ཀྱི་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཇེ་བརྟན་དུ་སོང་ཡོད། དེང་སང་རྒྱ་ནག་ནི་འཛམ་གླིང་ནང་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཤིག་ཆགས་ཡོད་སྟབས། ཞི་ཅིན་ཕིན་གྱིས་འཛམ་གླིང་ཚོང་འབྲེལ་གྱི་རང་དབང་དགོས་པ་དང་། དཔལ་འབྱོར་གྱི་ས་མཚམས་མེད་པ་བཟོ་དགོས་ཞེས་ཁ་སངས་པོའི་ཐོག་ནས་བཤད་པ་དེ་དག་ལ་ཧང་སང་དགོས་དོན་མེད།

གཉིས་པ་ནི། རྒྱུ་མཚན་དཀྱུས་མ་ཞིག་རེད། དེ་ནི་རྒྱ་ནག་མི་མང་དཀྱུས་མ་ཚོའི་བདེ་སྐྱིད་དང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱུན་དེ་མུ་མཐུད་ནས་གནས་དགོས་པ་དེ་རེད། ལོ་ཁ་ཤས་གོང་ནས་ཁོང་ཚོ་སྒེར་བ་ཁག་ཅིག་གི་ཡར་རྒྱས་ཀྱི་འབྱུང་ཁུངས་རིམ་གྱིས་མེད་པ་ཆགས་བཞིན་ཡོད་སྟབས། ཁོང་ཚོ་ལ་སྒེར་གྱི་ཕུན་ཚོགས་ལས་ཀྱང་གལ་འགངས་ཆེ་བ་ནི། ཕྱིའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། སྔར་ཡོད་པའི་འབྲེལ་ལམ་རྒྱུན་གནས་ཐུབ་དགོས་པ་དེ་ཡིན། གནས་སྟངས་འདིའི་འོག་ནས་ཞི་ཅིན་ཕིན་དང་རྒྱ་ནག་ལ་གོ་ལ་གཅིག་འགྱུར་གྱི་བསམ་བློ་ལས་གཡོལ་ཐབས་གཞན་རྙེད་མེད། གཡོལ་ཐབས་མེད་བཞིན་དུ་ཐེངས་འདིར་དེ་ལྟར་དུ་བཤད་ཡོད་ལ། ཁོས་གང་བཤད་པ་དེ་བཞིན་དུ་གཏམ་བཤད་ཀྱི་ནང་དོན་ཡག་པོ་རེད་ཟེར་ཆོག

འཛམ་གླིང་འདིའི་བཟོ་དབྱིབས་ནི་གྲོད་ཁོག་ལྟོགས་པའི་རྒྱལ་ཁབ་གཉིས་ཀྱིས་བཙན་ཤེད་ཀྱིས་བཟོ་བཞིན་ཡོད། རྒྱ་ནག་ནི་དེང་སྐབས་རྨོངས་གཉིད་ལས་སད་དེ་ཡར་རྒྱས་ཀྱི་ཕྱོགས་སུ་སྐྱོད་བཞིན་པ་དང་། ཨ་རི་ནི་དེ་སྔ་འཛམ་གླིང་གི་ནུས་སྟོབས་དང་བདེ་འཇགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དེ་ཉིད་བསྐྱར་གསོའི་ཆེད་དུ་དཀའ་ལས་རྒྱག་གི་ཡོད། རྒྱལ་ཁབ་འདི་གཉིས་དུས་རྟག་ཏུ་ཕན་ཚུན་ཁ་གཏད་དུ་ལངས་ཡོད་ཀྱང་། ཁོ་གཉིས་བར་གྱི་རྣོ་ངར་ཆེ་བའི་འགྲན་རྩོད་དེ་དག་དུས་ནམ་ཡང་ཕྱི་ལོགས་སུ་མངོན་མ་བཅུག་པར་སྦེད་ཅི་ཐུབ་བྱས་ཡོད། ནམ་ཞིག་ཨ་རིའི་སྲིད་འཛིན་འོས་ཐོབ་པ་ཊི་རུམ་ཕི་ཡི་སྲིད་དབང་འོག་ནས་ཕྱིར་མངོན་རྒྱུའི་ཉེན་ཁ་འདུག གལ་སྲིད། ད་ལྟ་འཇིགས་སྣང་བྱེད་བཞིན་པའི་འགྲན་རྩོད་དེ་ཉིད་མངོན་སུམ་དུ་གྱུར་ན། དེ་ལ། “ཐོབ་ཤོར་གྱི་གྲུབ་འབྲས་ལ་སུ་ཞིག་ལྟོགས་ཤི་ཐེབས་ཡོད་དམ།” ཞེས་པའི་དྲི་བ་ཞིག་ཡོང་གི་ཡོད།

ད་རེབ་ཞི་ཅིན་ཕིན་གྱིས་འཛམ་གླིང་ཐོག་རང་ཉིད་ཀྱི་རྒྱལ་ཁབ་དེ་རང་ཉིད་ཀྱི་བསམ་པ་བཞིན་མཐོང་དུ་འཇུག་འདོད་དེ། རང་ཕྱོགས་གཙོ་བོར་བསྒྲུབས་ཏེ་གཞན་ཕྱོགས་དགག་སྟངས་ལ་བལྟས་ན། ཁོའི་གྲོད་ཁོག་ཤུགས་དྲགས་པོ་ལྟོགས་ཀྱི་ཡོད་ཚོད་འདུག དྲང་པོར་བཤད་ན། དེར་ཡོད་ཀྱི་ཚོགས་ཞུགས་པ་དང་འཛམ་གླིང་གི་ཕྱོགས་གང་ས་ནས་འཆར་གཞི་གང་ཡང་མེད་པར་དོན་མེད་ཁ་ཕོ་སྒྲོག་བཞིན་པའི་སྲིད་འཛིན་འོས་ཐོབ་པ་ཊི་རུམ་ཕི་དང་མ་འོངས་པའི་ཁོའི་གཞུང་ལས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་འབུལ་བ་འཆར་གཞི་ཅན་དེ་འཚམས་པོ་དང་གྲོད་ཁོག་ལ་ཕན་རླབས་ཆེ་བར་རྩི་བཞིན་འདུག

 

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༥ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༨ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese