མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུ་མོ་བསྟན་འཛིན་དཔལ་སྒྲོན་ལགས་སུ་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ།

བོད་ཀྱི་དུས་བབ།
༢༠༡༧/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

དོ་ནུབ་དྷ་ས་ཟློས་གར་ཐང་ཆེན་དུ་མི་མང་གི་ཐལ་སྒྲ་དང་འབོད་སྒྲའི་ཁྲོད་བུ་མོ་བསྟན་འཛིན་དཔལ་སྒྲོན་ལགས་སུ་མཛངས་མ་ཨང་དང་པོའི་རྒྱལ་ཁ་ཐོབ་སྟེ་ ༢༠༡༧ ལོའི་བོད་ཀྱི་མཛངས་མའི་དངུལ་དཀར་གྱི་དབུ་རྒྱན་ཁོང་མོར་སྒྲོན་འབུལ་ཞུས་སོང་།

དེ་རིང་ཕྱི་ཟླ་ ༦ ཚེས་ ༤ ཉིན་གྱི་དགོང་མོའི་ཆུ་ཚོད་  ༡༡ སྟེང་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་དུ། ༢༠༡༧ ལོའི་བོད་ཀྱི་མཛངས་མ་འདེམས་སྒྲུག་གི་མཐའ་མའི་འགྲན་བསྡུར་གནང་བའི་ཐོག རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་སྒར་ནས་ཕེབས་པའི་རང་ལོ་ ༢༡ ཡིན་པའི་བུ་མོ་བསྟན་འཛིན་དཔལ་སྒྲོན་ལགས་སུ་ཨང་དང་པོ་ཐོབ་སོང་།

གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ད་བར་བོད་ཀྱི་མཛངས་མ་འགྲན་བསྡུར་ཐེངས་ ༡༥ ཙམ་གོ་སྒྲིག་གནང་ཡོད་པ་དང་། མ་འོངས་པར་ལས་འགུལ་འདིའི་བདག་དབང་ཉོ་མཁན་ཡོད་ན་བཙོང་རྒྱུ་ཡིན་སྐོར་དང་། ལས་འགུལ་གོ་སྒྲིག་བྱེད་མཁན་བརྗེ་བོ་རྒྱབ་ན་མི་མང་ལ་དོ་སྣང་བསླེབ་པ་མ་ཟད། གོ་སྒྲིག་པར་ཡང་བསམ་བློ་དང་འཆར་གཞི་གསར་བ་བསླེབ་ངེས་ཡིན་སྐོར་སོགས་བརྗོད་བྱུང་།

ད་ལོའི་འགྲན་བསྡུར་ཁྲོད། ཨང་གཉིས་པ་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་ནས་ཡོང་བའི་རང་ལོ་ ༢༢ ཡིན་པའི་བུ་མོ་བསྟན་འཛིན་མཁས་ཆོས་ལགས་དང་། ཨང་གསུམ་པ་ཅོན་ཏ་ར་ནས་ཡོང་བའི་རང་ལོ་ ༢༠ ཡིན་པའི་བུ་མོ་བསྟན་འཛིན་ནོར་སྒྲོན་བཅས་སུ་ཐོབ་ཡོད་པ་རེད།

དོ་ནུབ་ཟློས་གར་ཐང་གི་བོད་ཀྱི་མཛངས་མ་འགྲན་བསྡུར་སྟེང་། དྷ་ས་ཁུལ་གྱི་མི་མང་ ༡༠༠༠ ཡས་མས་འཛོམས་ཡོད་པ་དང་། དཀར་དམར་གློག་འོད་དང་ཤོག་སྦག་སྒྲོན་པའི་གར་སྟེགས་སྟེང་། འགྲན་ཞུགས་བུ་མོ་རྣམས་ཀྱིས་རེ་རེ་བཞིན་ཐོག་མར་རབས་ཆས་གོས་གྱོན་ཏེ་གཟུགས་བྱད་སྒེག་འགྲོས་འགྲན་བསྡུར་གནང་བ་དང་། དེའི་རྗེས་ལ་སླར་ཡང་བོད་པའི་སྲོལ་རྒྱུན་ཆས་གོས་གྱོན་ཏེ་སྒེག་འགྲོས་འགྲན་བསྡུར། དེ་བཞིན། ཟུར་དཔང་བ་དག་གིས་དྲི་བར་ལན་འདེབས་གནང་བ་སོགས་ཀྱི་རིམ་པ་ཁག་གྲུབ་རྗེས་སྐར་གྲངས་ཕྱོགས་བསྡོམས་བྱས་ཏེ། གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ད་ལོའི་བོད་ཀྱི་མཛངས་མའི་ཨང་རིམ་གསལ་བསྒྲགས་བསྐྱངས་ཡོད་པ་རེད།

བོད་ཀྱི་མཛངས་མ་འགྲན་བསྡུར་འདི་དྷ་རམ་ས་ལར་གནས་སྡོད་རང་དབང་གི་གསར་འགོད་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ ༢༠༠༢ ལོར་ཐོག་མར་མགོ་འཛུགས་གནང་ཡོད་ཅིང་། འདས་པའི་ལོ་ངོ་བཅོ་ལྔའི་རིང་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་བྱ་འགུལ་འདིས་ཀྱག་ཀྱོག་གི་ལམ་ཁ་མང་པོ་ཞིག་བརྒྱུད་ཡོད་པ་མ་ཟད། དེ་སྔ་འགྲན་ཞུགས་པ་མང་ཤོས་ཐེངས་ཤིག་བུ་མོ་ ༦ བྱུང་ཡོད་པ་དང་། སྐབས་ ༤ ལ་བུ་མོ་གཅིག་རེ་ལས་མ་བྱུང་བའི་གནས་ཚུལ་ཡང་བྱུང་ཡོད།

བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་ལས་འགུལ་འདིར་བོད་པའི་སྤྱི་ཚོགས་ནང་དཀའ་ངལ་དང་གླེང་གཞི་མང་པོ་ཞིག་ཡོང་གི་ཡོད་པ་ནི། ལས་དོན་འདི་བོད་པའི་ཡུལ་སྲོལ་གོམ་གཤིས་དང་ཡ་རབས་བཟང་སྤྱོད་སོགས་དང་མཐུན་མིན་དང་། འགྲན་བསྡུར་འདིའི་ནང་ཞུགས་མཁན་བུ་མོ་ཚོར་བོད་ཀྱི་ “མཛངས་མ” དང་། “མཛེས་མ” གང་གི་མཚན་ཐོབ་འོས་མིན། དེ་བཞིན། མཛངས་མའི་མིང་ཐོབ་རག་མཁན་ཚོས་བོད་ཡིག་བོད་སྐད་ཡག་པོ་ཤེས་མིན་སོགས་ཡིན།

ད་ལོ་འགྲན་ཞུགས་བུ་མོ་ ༩ བྱུང་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་བཅོ་ལྔའི་རིང་གི་འགྲན་ཞུགས་པ་ཆེས་མང་ཤོས་དེ་ཆགས་ཡོད། མཛངས་མ་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་ཧིན་སྒོར་ ༡༠༠༠༠༠ དང་། ཨང་གཉིས་པར་ཧིན་སྒོར་ ༥༠༠༠༠ ། ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ བཅས་འབུལ་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད་པ་རེད།

༢༠༡༧ ལོའི་སྐབས་བཅོ་ལྔ་པའི་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས།
༢༠༡༦ ལོའི་སྐབས་བཅུ་བཞི་པའི་བོད་ཀྱི་མཛངས་མ་བསྟན་འཛིན་སངས་ཉི་ལགས།
༢༠༡༥ ལོའི་སྐབས་བཅུ་གསུམ་པའི་བོད་ཀྱི་མཛངས་མ་པདྨ་བསྟན་འཛིན་ལགས།
༢༠༡༤ ལོའི་སྐབས་བཅུ་གཉིས་པའི་བོད་ཀྱི་མཛངས་མ་བསྟན་འཛིན་གཡང་འཛོམས་ལགས།
༢༠༡༣ ལོའི་སྐབས་བཅུ་གཅིག་པའི་བོད་ཀྱི་མཛངས་མ་བསྟན་འཛིན་ལྷ་མོ་ལགས།
(༢༠༡༢ ལོའི་སྐབས་བཅུ་བའི་བོད་ཀྱི་མཛངས་མ་འགྲན་བསྡུར་ཕྱིར་འཐེན་བྱས་ཡོད།)
༢༠༡༡ ལོའི་སྐབས་དགུ་བའི་བོད་ཀྱི་མཛངས་མ་བསྟན་འཛིན་དབྱངས་སྐྱིད་ལགས།
༢༠༡༠ ལོའི་སྐབས་བརྒྱད་པའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས།
༢༠༠༩ ལོའི་སྐབས་བརྒྱད་པའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས།
༢༠༠༨ ལོའི་སྐབས་བདུན་པའི་བོད་ཀྱི་མཛངས་མ་བསོད་ནམས་ཆོས་སྒྲོན་ལགས།
༢༠༠༧ ལོའི་སྐབས་དྲུག་པའི་བོད་ཀྱི་མཛངས་མ་བསྟན་འཛིན་སྒྲོལ་མ་ལགས།
༢༠༠༦ ལོའི་སྐབས་ལྔ་པའི་བོད་ཀྱི་མཛངས་མ་ཚེ་རིང་ཆུང་བདག་ལགས།(འདས་གྲོངས་སུ་ཕྱིན།)
༢༠༠༥ ལོའི་སྐབས་བཞི་པའི་བོད་ཀྱི་མཛངས་མ་བསྟན་འཛིན་ཉི་མ་ལགས།
༢༠༠༤ ལོའི་སྐབས་གསུམ་པའི་བོད་ཀྱི་མཛངས་མ་བཀྲ་ཤིས་དབྱངས་ཅན་ལགས།
༢༠༠༣ ལོའི་སྐབས་གཉིས་པའི་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་ལགས།
༢༠༠༢ ལོའི་སྐབས་དང་པོའི་བོད་ཀྱི་མཛངས་མ་སྒྲོལ་མ་ཚེ་རིང་ལགས།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 17

  1. རི་བོ་གསེར་ཆེན says:
    ལོ་ 8 སྔོན།

    ད་ཡིན་ན་ཕྱི་བསྡོད་བོད་མི་ཚོའི་བོད་མི་རིགས་ལ་ཕན་པའི་ལས་ཞིག་བརྩོན་པའི་རེ་བ་ཧ་ཀྱང་ཆེ། ཕྱི་བསྡོད་བོད་མིའི་རྒྱལ་སྤྱི་ཐོག་ཏུ་བོད་མི་རིགས་ཀྱིས་བླ་ཚོང་ནས་ལོ་ངོ་དྲུག་བཅུ་ཉེ་བར་འདུག་ན་འཚམས་འཇོག་རན་སོང་། ཡུལ་དུས་གང་ཞིག་ཡིན་ནའང་རྒྱལ་སྤྱི་གླེང་སྟེགས་སྟེང་བོད་མི་རིགས་ཀྱི་རྣམ་འདྲེན་དམ་པ་༧ སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མ་གཏོགས་མི་འདུག། བོད་ཀྱི་མཛངས་མ་འགྲན་བསྡུར་ཐེངས་བཅོ་ལྔ་གནང་ཡང་རྒྱལ་སྤྱི་སྒང་བོད་དོན་ཁྱབ་བསྒྲགས་ཙམ་ཡང་བྱེད་ཐུབ་མེད ། མ་ཞིག་བོད་ཀྱི་མཛངས་མ་ཞིག་ནུབ་ཕྱོགས་པ་ཚོས་ཁས་ལེན་མི་བྱེད་པ་ནུབ་གླིང་གི་བོད་པ་ཚོའི་གསལ་བོ་ཧ་གོ་ཡོད་རེད ། འདི་སྒེར་གྱི་ཁེས་ཕན་ཙམ་ལས་མི་འདུག ། ད་ང་ཚོའི་༧ སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་ལམ་སྟོན་འོག་བོད་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་སློབ་སྦྱོང་བྱེད་དགོས་བ་ཕྱི་དྲགས་མེད་ནའང་སྔ་དྲགས་མེད ། རྒྱ་གར་ནང་གི་བོད་པ་གཞི་ཆགས་ཚོ་ཁ་ནས་ཡོད་བ་་་པུ་ར་་་དང་ཀླད་པའི་ནང་གི་ཨ་སྒོར་དང་ཡུ་སྒོར་གྱི་ནད་རོ་ཡོངས་སུ་དོར་རན་འདུག ། ཁྱེད་ཚོ་བོད་གཞུང་དང་༧ སྐྱབས་མགོན་རིན་པོ་ཆེའི་གསོ་སྐྱོང་གནང་བ་མ་རེད་དམ། ཁྱེད་ཚོར་ཡ་རབས་སྤྱོད་བཟང་སློབ་སྦྱོང་མ་རེག་པ་ཡིན་ནམ །

    Reply
  2. ལྷ་ཕྲུག says:
    ལོ་ 8 སྔོན།

    བོད་ཀྱི་མཛངས་མ་ཡག་ཤོས་ཚེ་རིང་ཆུང་བདག་གྲོངས་ཚར་པ་རེད།
    མོ་རང་ད་བར་གྱི་མཛངས་མ་དག་གི་ཁྲོད་ནས་ཡག་ཤོས་དེ་ཆགས་ཡོད་པ་རེད། ཚེ་རིང་ཆུང་བདག་ལགས་ལ་ཕྱི་ལོ་ ༢༠༠༦ ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་རྗེས། བོད་ཀྱི་མཛངས་མའི་མཚན་ཐོག་ནས་ཧྥི་ལི་པིན་(Philippine)གྱི་ནང་བསྡུས་པའི་ཕྱི་ལོ་ ༢༠༠༦ ལོའི་སའི་གོ་ལའི་མཛངས་མ་འགྲན་སྡུར་ནང་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན། ཕྱི་ལོ་ ༢༠༠༧ ལོར་མཱ་ལེ་ཞི་ཡ་ནང་ཚོགས་པའི་(Miss Tourism Queen International)ཞེས་པའི་རྒྱལ་སྤྱི་རང་བཞིན་གྱི་མཛངས་མའི་འགྲན་སྡུར་ནང་ཞུགས་རྩིས་གནང་ཡོད་ཀྱང་། རྒྱ་གཞུང་གི་གནོན་ཤུགས་འོག་རྒྱ་ནག་བོད་ཀྱི་མཛངས་མ་ཞེས་པའི་མཚན་ཐོག་ནས་མཉམ་ཞུགས་དགོས་སྐོར་བརྗོད་ཡོད་པར་བརྟེན། མོས་རྒྱ་ནག་ཞེས་པའི་མིང་དེ་དང་ལེན་མ་གནང་བར་ཕྱིར་ལོག་ཡོད་པ་མ་ཟད། གསར་འགོད་གསལ་བསྒྲགས་སྤེལ་ཏེ་རྒྱ་གཞུང་གི་གནོན་ཤུགས་འོག་མཛངས་མ་འགྲན་སྡུར་གོ་སྒྲིག་པས་མོའི་མཚན་གནས་བརྗེ་བསྒྱུར་བྱེད་ཐབས་ལ་སྐྱོན་བརྗོད་གནང་ཡོད་པ་རེད།

    Reply
  3. མཁན་དབྱངས་སྒྲོལ་མ། says:
    ལོ་ 8 སྔོན།

    བསྟན་འཛིན་དཔལ་སྒྲོན་ལགས་སུ་ཐོབ་པར་རྟེན་འབྲེལ་ཞུ། བུ་མོ་བསྟན་འཛིན་མཁས་ཆོས་ལགས་ཀྱང་མཛེས་པ་དང་བོད་སྐད་བཤད་སྟངས་བཅས་ནས་དགའ་བསུ་བྱེད་འོས་པ་རེད་འདུག ཨང་དང་པོ་མིན་ན་ཡང་མི་མང་གིས་དགའ་མོས་ཆེ་ཤོས་བྱེད་ས་གཅིག་ཡིན་པས། ཁོང་ལ་ཡང་རྟེན་འབྲེལ་ཞུ།

    ༼ འགྲན་ཞུགས་བུ་མོ་རྣམས་ཀྱིས་རེ་རེ་བཞིན་ཐོག་མར་བོད་པའི་སྲོལ་རྒྱུན་ཆས་གོས་གྱོན་ཏེ་སྒེག་འགྲོས་འགྲན་བསྡུར་དང་། དེའི་རྗེས་ལ་དེང་རབས་ཆས་གོས་གྱོན་ཏེ་སླར་ཡང་སྒེག་འགྲོས་འགྲན་བསྡུར། ༽་ སྔོན་ལ་དེང་རབས་ཆེས་གོས་གྱོན་་་་རྗེས་ལ་བོད་ཆེས་གྱོན་པ་རེད། འདི་གཉིས་སྔ་རྗེས་ནོར་འདུག

    Reply
  4. གངས་ཅན་པ། says:
    ལོ་ 8 སྔོན།

    བོད་ཀྱི་མཛངས་མ་འགྲན་བསྡུར་ལབ་ན་རྩ་བ་ཉིད་ནས་འགྲིག་གི་མ་རེད། འདི་དག་ལ་བོད་པའི་བུད་མེད་མཛངས་མའི་ཁྱད་ཆོས་གང་ཡང་ལྡན་གི་མ་རེད། བློ་བཟང་དབང་རྒྱལ་གྱི་མཛངས་མ་འགྲན་བསྡུར་ཟེར་དགོས་རེད།

    Reply
  5. བསོད་དར། says:
    ལོ་ 8 སྔོན།

    བོད་ཀྱི་མཛངས་མ་བཙོང་གི་ཡོད་ན། གྱོང་མ་གཏོགས་ཁེ་ཕན་མེད་པའི་རྟགས་རེད། ཁེ་ཕན་ཡོད་ན་བློ་བཟང་དབང་རྒྱལ་གྱིས་བློས་གཏོང་བྱེད་མི་སྲིད།

    Reply
  6. ལི་ཐང་གྲགས་པ། says:
    ལོ་ 8 སྔོན།

    བོད་ཀྱི་མཛངས་མ་འགྲན་བསྡུར་འདི་བཙོང་རྒྱུ་ཡིན་ཚེ་བུད་མེད་ལྷན་ཚོགས་ཀྱིས་ཉོས་ན་ཡག་པོ་ཡོང་གི་རེད།

    Reply
  7. བློན་ཆེན། says:
    ལོ་ 8 སྔོན།

    སྤྱིར་བཏང་བོད་ཀྱི་མཛངས་མ་འགྲན་བསྡུར་འདི་བོད་པའི་བུད་མེད་ཚོའི་གོ་སྐབས་ཤིག་ཡིན་པ་མ་ཟད། བོད་པའི་རྩ་དོན་འཐབ་རྩོད་ཐད་ནས་ཀྱང་ལས་འགུལ་རྩ་ཆེ་ཤོས་ཤིག་རེད་བསམ་གྱི་འདུག ཡིན་ནའང་ལས་རིམ་འདི་གོ་སྒྲིག་གནང་མཁན་བློ་བཟང་དབང་རྒྱལ་མི་མང་གིས་སྣང་བར་མ་སོང་བའི་དབང་གིས་མཛངས་མ་འགྲན་བསྡུར་རིན་ཐང་མེད་པ་ཆགས་པ་རེད། ལས་ཀ་འདི་བོད་ཀྱི་བུད་མེད་ལྷན་ཚོགས་ལ་རྩིས་སྤྲོད་བྱས་ཏེ་ཚོགས་པ་ཞིག་གོ་ངོས་ནས་གོ་སྒྲིག་གནང་ཚེ་སྐད་ཆེ་མཐོང་དང་སྐད་གྲགས་ཆེན་པོ་ཆགས་ངེས་ཡིན་པ་སྨྲས་མ་དགོས་པ་ཞིག་རེད།

    Reply
  8. ཚེ་རིང་། says:
    ལོ་ 8 སྔོན།

    བློ་བཟང་དབང་རྒྱལ་གྱི་བྱ་སྤྱོད་དངོས་གནས་འདི་རེད།
    འབྲེལ་ཐག https://www.youtube.com/watch?v=A28y7YvOYEY
    འབྲེལ་ཐག https://www.youtube.com/watch?v=vxnqxSbejJc

    Reply
  9. བསྟན་འཛིན says:
    ལོ་ 8 སྔོན།

    ཉོབ་སོང???

    Reply
  10. མིག་བུ། says:
    ལོ་ 8 སྔོན།

    བོད་ཀྱི་མཛངས་མ་འགྲན་བསྡུར་ཟེར་བ་འདི་བོད་པའི་སྤྱི་ཚོགས་ལ་ཀུ་རེ་རྩེད་བཞིན་ཡོད་པ་འདྲ་བོ་དང་། མཚམས་རེར་བོད་པའི་སྤྱི་ཚོགས་ལ་ཀྱག་ཀྱག་བྱེད་ཀྱི་ཡོད་པའི་བཟོ་འདྲ་བོ་མཐོང་གི་འདུག

    Reply
  11. སྒྲོལ་མ་གཡང་འཛོམས། says:
    ལོ་ 8 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ།
    ཨང་དང་པོ། བསྟན་འཛིན་དཔལ་སྒྲོན་ལགས།
    ཨང་གཉིས་པ། བསྟན་འཛིན་མཁས་ཆོས་ལགས།
    ཨང་གསུམ་པ། བསྟན་འཛིན་ནོར་སྒྲོན་ལགས།

    Reply
  12. བསྟན་འཛིན་ཚེ་ལྷ། says:
    ལོ་ 8 སྔོན།

    བློ་བཟང་དབང་རྒྱལ་གྱི་བོད་ཀྱི་མཛངས་མ་འགྲན་བསྡུར་ལས་འགུལ་འདི་བོད་པའི་ཡ་རབས་བཟང་སྤྱོད་དང་མཐུན་གྱི་མི་འདུག་ཟེར་མཁན་ཟམ་གདོང་རིན་པོ་ཆེ་རེད།

    Reply
  13. བློ་བཟང་ཡོན་ཏན། says:
    ལོ་ 8 སྔོན།

    བོད་ཀྱི་མཛངས་མ་ཡིན་ན། བོད་པའི་རིག་གཞུང་ལ་རྒྱུས་མངའ་ཕྲན་བུ་ཡོད་མཁན་ཞིག་དང་། མ་མཐར་ཡང་བོད་ཡིག་བོད་སྐད་རང་སྐྱ་འཕེར་བ་ཞིག་ཡིན་དགོས།

    Reply
  14. བསྟན་འཛིན་པདྨ་ says:
    ལོ་ 8 སྔོན།

    གོ་ལི་སྒར་མ་རེད་། ཀོ་ལེ་གྷལ་ཡང་ན་དོན་ལྡན་གླིང་བོད་མིའི་གཞིས་ཆགས་འབྲ་དགོས།
    གསར་འགྱུར་འབྲི་ཐུབ་ཙམ་གྱི་མི་འགྲིག་པར་གང་བྲིས་པ་དེ་མ་ནོར་བར་གསལ་པོ་འབྲི་དགོས། བཙན་བྱོལ་བོད་མིའི་གཞིས་ཆགས་ཡོད་དོ་ཅོག་ལ་བོད་པའི་མིང་རེ་ཡོད་རེད། དེ་ཚོ་གསར་འགོད་པ་ཚོས་ངེས་པར་དུ་ཤེས་དགོས་རེད། བོད་ཡིག་འབྲི་ཐུབ་ཙམ་གྱིས་གསར་འགོད་པའི་མཚན་གནས་འཐོབ་ཐབས་མེད།

    Reply
  15. སེམས་བཟང་། says:
    ལོ་ 8 སྔོན།

    བསྟན་འཛིན་དཔལ་སྒྲོན་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  16. ཚེ་དཔག says:
    ལོ་ 8 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ། འདི་འཐོབ་ཨ་ཡོང་བསམ་བསམ་དེར་ཐོབ་མི་འདུག

    Reply
  17. བློ་བཟང says:
    ལོ་ 8 སྔོན།

    མཛངས་དང་མི་མཛངས་མ་འདྲིས་ག་ལ་ཤེས།། མཛེས་མའི་ཁྱད་ཡོན་ཁྱེད་ལ་ཡོངས་སུ་རྫོགས།། ད་ལོ་འདེམས་སྟངས་ནོར་མི་འདུག། མི་རིགས་གཞན་གྱི་མདུན་དུ་བཤམ་ལོ་བ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese