མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ཐེར་འདོན།

བོད་ཀྱི་དུས་བབ།
༢༠༡༧/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཇོ་བསོད་ནམས་སྟོབས་རྒྱལ།

རུལ་སུངས་ཞེས་པའི་བརྡ་དོན་ལ་གོ་བ་འདྲ་མིན་ཡོད། དཔེར་ན། ཆབ་སྲིད་ཀྱི་རུལ་སུངས་དང་། དཔལ་འབྱོར་གྱི་རུལ་སུངས། དབང་ཆའི་རུལ་སུངས་སོགས་རྣམ་གྲངས་འདྲ་མིན་ལ་སྐབས་ཐོབ་གོ་བ་བླང་ཆོག་པ་ཞིག་ཡིན། རུལ་སུངས་ཀྱི་དྲི་ངན་འདི་ཆེ་བ་རྒྱལ་ཁབ་དང་ཆུང་བ་ཁྱིམ་ཚང་ཡན་གྱི་གཞུང་སྒེར་ཁྱབ་ཁོངས་གང་འདྲ་ཞིག་ཏུ་ཡོད་ཕྱིན་དེ་ཉིད་ངེས་པར་དུ་ཕམ་རྒྱུ་ཡིན་པ་ནི་རུལ་སུངས་ཀྱི་ཆོས་ཉིད་རེད། ང་ཚོས་རྒྱ་ནག་གི་ཉེ་རབས་ཀྱི་བྱུང་རབས་ཏེ་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་འཐབ་རྩོད་ཆེན་མོའི་རྒྱུད་རིམ་ལ་ཞིབ་ལྟ་ཞིག་གནང་ན་ཤེས་ཐུབ། གོ་མིན་ཏང་ལ་མཚོན་ན་དུས་སྐབས་དེའི་ནང་དམག་དོན་དང་། དེ་མིན་གྱི་ཆབ་སྲིད་སྒྲིག་འཛུགས་གང་ཞིག་ལ་བལྟས་ཀྱང་ཚང་མ་ཕུལ་བྱུང་ཤ་སྟག་ཡིན། གསར་དུ་སྒྲིག་འཛུགས་བྱས་པའི་ཐབ་གསར་གཞིས་གསར་གུང་ཁྲན་ཏང་གི་ལག་འོག་ཏུ་ཕམ་རྒྱུ་ཡིན་པ་ཁོ་ཚོའི་མཐོ་རིམ་དཔོན་རིགས་ཚོའི་རྨི་ལམ་དུའང་མེད། དགོས་མཁོ་ཆེ་བའི་གསང་བའི་སྒྲིག་འཛུགས་ནང་དུའང་ཆེད་ལས་ཕུལ་བྱུང་གི་མི་སྣ་ཤ་སྟག་ཡོད་པ་རེད། ཡིན་ནའང་ཁོ་ཚོ་གུང་ཁྲན་ཏང་གི་ལག་འོག་ནས་ཕམ་སོང་བ་རེད། ཁོ་ཚོ་འདི་ལྟར་ཕམ་དོན་ཡང་ཁོ་ཚོའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་གང་སར་རུལ་སུངས་ཀྱིས་ཁྱབ་པ་འདི་གཅིག་པུས་ལན་པ་རེད། རུལ་སུངས་ཀྱི་ཁྱབས་ཁོངས་ནང་ངོ་ལྐོག་རྒྱབ་མདུན་དང་། ངོ་དགའ་སྤྲེལ་ལད་སོགས་གཡོ་སྒྱུ་དང་ཁྲམ་པའི་བྱ་སྤྱོད་གང་ཡིན་ནའང་བེད་སྤྱོད་གཏོང་ས་ཡོད་པར་བརྟེན་གུང་ཁྲན་ཏང་གིས་དེ་དག་བེད་སྤྱད་དེ་གོ་མཚོན་གྱི་དཔུང་ཤུགས་ཁྲི་འབུམ་ལས་ཀྱང་ལྷག་པའི་རྒྱལ་ཁ་བླངས་ཡོད་པ་རེད།

རང་རེའི་སྐྱབས་བཅོལ་བའི་མི་ལོ་ལྔ་བཅུའི་འགྲུལ་ཐག་རིང་མོའི་ནང་དུ་བསམ་གཞིགས་ཤིག་བྱས་ན་ང་ཚོར་དབུ་ཁྲིད་ཁྱད་དུ་འཕགས་པ་ཞིག་ཡོད་པས་སྐྱབས་བཅོལ་བའི་སྤྱི་ཚོགས་གཞན་དང་མ་འདྲ་བའི་སྒྲིག་འཛུགས་ཤིག་འཛུགས་སྐྲུན་བྱེད་ཐུབ་ཡོད་ཀྱང་། དེ་རིང་ང་ཚོ་ཁ་ཐབས་འདི་འདྲ་ཞིག་ལ་གྱུར་བ་འདི་ཡང་རུལ་སུངས་གཅིག་པུས་ལན་པ་ང་ཚོའི་ཉེ་རབས་ལོ་རྒྱུས་ནང་གི་གུར་སེར་པོ་ནས་ཉི་ཧོང་དོན་གཅོད་ཀྱི་རུལ་སུངས་བར་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་རུལ་སུངས་དེ་དག་དང་། དེ་ནས་དེ་རིང་གི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་བར་གྱི་རུལ་སུངས་ཀྱི་རྣམ་གྲངས་ཆེ་ཆུང་མང་པོས་ང་ཚོའི་རྩ་དོན་གྱི་གནས་བབས་ལ་ཕམ་ཁ་སྤྲད་པ་རེད། དེ་སྔ་གོ་མིན་ཏང་གི་སྒྲིག་འཛུགས་ནང་དང་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་རུལ་སུངས་ཐེར་འདོན་བྱེད་མཁན་མེད་པ་མ་ཡིན་ནའང་གོ་མིན་ཏང་དང་། ང་ཚོའི་རུལ་སུངས་ཐེར་འདོན་པ་ཚོས་རུལ་སུངས་ལ་དམིགས་པའི་གཅིག་གྱུར་གྱི་ཐེར་འདོན་མེད་པར་གང་ཟག་ལ་དམིགས་ནས་རུལ་སུངས་ཐེར་འདོན་བྱེད་དགོས་མིན་ལ་བསམ་གཞིགས་བྱེད་ཀྱི་ཡོད། དཔེར་ན། དེ་སྔོན་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོའི་ཧིན་སྒོར་འབུམ་གཉིས་ཙམ་གྱི་རུལ་སུངས་ཐེར་འདོན་བྱེད་ཕོད་མཁན་དེ་ཚོས་ད་ལྟའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ཐེར་འདོན་བྱེད་མི་ཕོད་པ་དང་། སྤྱི་རྒྱུ་སྒེར་བདག་གི་གྱོད་དོན་བསྐྱར་སློག་ཡང་སློག་བྱས་ནས་གཞུང་དང་མི་མང་གི་ཁེ་ཕན་སྲུང་སྐྱོབ་བྱེད་ཕོད་མཁན་དེ་ཚོར་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ལ་དོགས་འདྲི་ཙམ་ཞིག་བྱེད་ཕོད་པའི་བློ་ཁོག་མེད་པ་དེ་ཚོ་རེད། ང་ཚོའི་རུལ་སུངས་ཐེར་འདོན་བྱེད་སྟངས་དེ་གང་ཟག་ལ་དམིགས་ནས་སྐབས་བསྟུན་ཞུ་གི་ཡོད་པས་རུལ་སུངས་ཐེར་འདོན་བྱེད་ཐབས་ཀྱང་རུལ་སུངས་སུ་གྱུར་པ་རེད། དེར་བརྟེན་ང་ཚོའི་ཁ་གཏད་གུང་ཁྲན་ཏང་གི་སྒྲིག་འཛུགས་ནང་ང་ཚོ་ལས་ལྷག་པའི་རུལ་སུངས་ཀྱིས་ཕྱོགས་ཡོངས་སུ་ཁྱབ་ཡོད་ཀྱང་ང་ཚོས་དེ་ཚོ་བེད་སྤྱོད་གཏང་མ་ཐུབ་པར་ཁོ་ཚོས་ང་ཚོའི་རུལ་སུངས་བེད་སྤྱོད་གཏོང་ཐུབ་པའི་ཁོར་ཡུག་བསྐྲུན་པ་རེད།

ང་ཚོའི་སྤྱི་ཚོགས་ནང་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ཀྱི་སྐད་ཆ་དེ་ཇི་ལྟར་སླེབས་པ་ཡིན་ནམ། དེ་ནི་ཨ་རིའི་དོན་གཅོད་གནས་དབྱུང་བཏང་བའི་སྐད་ཆ་ནས་འཕྲོས་ཏེ་སླེབས་པ་རེད། ཀ་པའི་ཕྱོགས་ནས་ཨ་རིའི་དོན་གཅོད་གནས་དབྱུང་གཏོང་བའི་རྒྱུ་མཚན་ནི་དེ་སྔའི་ཨ་རིའི་དོན་གཅོད་ཀྱིས་བོད་ཀྱི་ཐེབས་རྩ་ནས་དོན་ཁང་གསར་ཉོའི་དགོས་དངུལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བླངས་པའི་རྩིས་ཁྲ་ཡོད་ཀྱང་དོན་ཁང་གི་རྩིས་ཁྲའི་ནང་དེ་གསལ་མེད་པས་དོན་གཅོད་ལས་ཐོག་པས་རང་གི་དཔལ་འབྱོར་རིག་པའི་ཆེད་ལས་བེད་སྤྱོད་བཏང་ནས་གསལ་པོ་བཟོ་རྩིས་བྱས་པ་དེས་འཛིན་སྐྱོང་གི་རུལ་སུངས་ལ་དོ་ཕོག་ཆེན་པོ་འགྲོ་གི་ཡོད་པར་བརྟེན། བཀའ་ཤག་ལྷན་རྒྱས་ཀྱི་གཅིག་མཐུན་རུལ་སུངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་ལ་སྙན་སེང་ཞུས་ནས་རུལ་སུངས་ཐེར་འདོན་དོན་གཅོད་ལས་ཐོག་པ་གནས་དབྱུང་བཏང་པ་རེད་ཅེས་ཤོད་ཀྱི་ཡོད། དེ་བཞིན་ཁ་པའི་ཕྱོགས་ནས་དོན་གཅོད་ལས་ཐོག་པས་རུལ་སུངས་ཀྱི་ནག་ཉེས་ཆེན་པོ་ཞིག་བསགས་ཡོད་པས་བཀའ་ཤག་ནས་དེའི་སྐོར་དགའ་ལྡན་ཕོ་བྲང་ལ་སྙན་སེང་གོ་བསྡུར་ཞུས་ཐོག་དགའ་ལྡན་ཕོ་བྲང་ནས་དོན་གཅོད་ལས་ཐོག་གནས་དབྱུང་ཐོག་ཁོ་པའི་རྒྱབ་ལྗོངས་ཀྱི་རུལ་སུངས་ཐེར་འདོན་མི་དགོས་པ་བྱས་པ་རེད་ཅེས་ཤོད་ཀྱི་ཡོད། ཀ་པ་དང་ཁའི་ཕྱོགས་སོ་སོའི་སྐད་ཆ་གཉིས་ཀར་མཐུན་ས་ཞིག་ཡོད་པ་ནི་དགའ་ལྡན་ཕོ་བྲང་ནས་ཕྱོགས་སོ་སོར་འགེབ་སྲུང་བྱས་པ་དེ་རེད། དེ་ལྟར་ན་ཕྱོགས་གཉིས་ཀས་དགའ་ལྡན་ཕོ་བྲང་སོ་སོའི་ཕྱོགས་སུ་འཐེན་ཐབས་བྱས་ཏེ་དགའ་ལྡན་ཕོ་བྲང་ནག་པོ་བཟོ་ཡི་ཡོད་པ་གསལ་པོ་རེད། ད་ལྟའི་ང་ཚོའི་སྤྱི་ཚོགས་སླར་ཡང་མི་བསམ་ས་ནས་ཟང་ཟིང་དུ་གྱུར་ཅིང་། དེ་ནི་ཨ་རིའི་དོན་གཅོད་ལས་ཐོག་གནས་དབྱུང་བཏང་བའི་རྙོག་གླེང་ནས་འགོ་ཚུགས་པ་དང་དེ་དང་ལྷན་དུ་དོན་རྐྱེན་དེའི་རྒྱབ་ལྗོངས་དང་འབྲེལ་བའི་ཐོག་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ཀྱི་སྐད་ཆ་ཞིག་ཡོངས་ཁྱབ་བྱས་པ་རེད། ད་ལྟ་བཀའ་ཤག་ནས་རང་རེའི་སྤྱི་ཚོགས་ལྷིང་འཇགས་དང་། དགྲ་ཕྱོགས་ནས་དཀྲུགས་གཞི་མེད་པ་བཟོ་དགོས་ན་ངེས་པར་དུ་ཨ་རིའི་དོན་ཁང་དང་འབྲེལ་བའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རྩིས་ཁྲའི་རུལ་སུངས་ཡོད་མེད་ཁ་གསལ་བཟོ་དགོས་ལ་དོན་གཅོད་ལས་ཐོག་པར་རུལ་སུངས་ཀྱི་གནད་དོན་ཡོད་མེད་ཀྱང་གསལ་པོ་བཟོ་དགོས་པ་རེད། ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་རྙོག་དྲ་དེ་དངོས་བདེན་ཡིན་ཚེ་བཀའ་ཤག་ནས་ཨ་རིའི་དོན་གཅོད་གསར་པ་ཤེས་རིག་བཀའ་བློན་ལས་ཐོག་པ་དངོས་གྲུབ་ཚེ་རིང་དོན་གཅོད་ཀྱི་ཞབས་སྟེགས་ཐོག་འཁོད་མཚམས་ཁོང་གི་ལོ་མང་གི་ཁ་བདེ་ལྕེ་བདེའི་ཉམས་མྱོང་ལ་བརྟེན་ནས་ས་ཡ་གཅིག་དང་ཕྱེད་ཀའི་གླེང་རྙོག་དེ་རིམ་པ་བདུན་གྱི་ས་འོག་ཏུ་སྦས་རྩིས་ཡོད་ངེས་ཀྱང་། ད་ལྟ་ས་ཡ་གཅིག་དང་ཕྱེད་ཀ་དེ་སྤྱི་ཚོགས་ནང་ཐོན་ཟིན་པར་བརྟེན་དེ་དོན་གཅོད་གསར་རྙིང་འཕོ་འགྱུར་གྱི་ཐབས་ཤེས་ལ་བརྟེན་ནས་སྦས་ས་རག་ཐབས་མེད་པས་བཀའ་ཤག་ནས་ངེས་པར་དུ་ཕྱག་མི་འཇུ་ཐབས་མེད་ཆགས་པ་རེད། དེ་ལྟར་ན་ང་དང་ངའི་གྲོགས་པོ་ཚོས་བཀའ་ཤག་ལ་གསོལ་འདེབས་ཞུ་རྒྱུར། རུལ་སུངས་ལ་བརྟེན་ནས་འཆི་སོན་གྱི་ས་མཚམས་སུ་སླེབས་པའི་བོད་མི་ས་ཡ་དྲུག་གི་རྩ་དོན་དང་། ཕྱོགས་སོ་སོའི་དབང་ཆ་འཐབ་རྩོད་ཀྱི་རུལ་སུངས་ལ་བརྟེན་ནས་ཐོར་ཞིག་འགྲོ་ཉེར་ཐུག་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ལྷིང་འཇགས་དང་དགྲ་ཕྱོགས་ནས་བེད་སྤྱོད་མ་ཡོང་བའི་ཆེད་དུ་གོང་གསལ་དོན་གནད་ལ་གབ་གཡོལ་མེད་པར་ཕྱི་གསལ་ནང་གསལ་བཟོ་རོགས་གནང་ཞུ་རྒྱུ་ཡིན། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།། །།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༡༦ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 37

  1. བསེ་རུ་ཟང་ཐལ། says:
    ལོ་ 7 སྔོན།

    ད་ཐེངས་ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བྱ་སྤུ་གནོན་ཟེར་བ་འདིའི་གླེང་ཀ་ཡོང་གཞི་ནི། དང་པོ་ཨ་དོན་ཟུར་པ་སྐལ་རྡོར་དོན་གཅོད་སྐབས་TCDFབོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཞེས་པ་གཞུང་འབྲེལ་མིན་པའི་ཚོགས་པ་NGOཞིག་བཙུགས། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་དེ་དུས་ཀྱི་ཨ་དོན་སྐལ་རྡོར་ཡོད། དེའི་མོང་ཐོག་ཨ་གཞུང་ནས་རོགས་དངུལ་འབོར་ཆེན་ཞིག་བླངས་ཡོད་པ་དེ་ཡིན་འདུག་སྙམ། ཚོགས་པ་དེ་སྲིད་སྐྱོང་བློ་སངས་དང་སྐལ་རྡོར་གྱིས་ཨ་དོན་སྤེན་ཚེ་ལ་རྩིས་སྤྲོད་བྱ་རྒྱུ་ཕར་བཞག སྤེན་ཚེ་འགན་འཛིན་ལྷན་ཚོགས་སུ་འཇུག་རྒྱུ་དེ་བས་ཀྱང་བྱས་མེད་ཁར། དོན་གཅོད་སྤེན་ཚེ་ལ་ཐེ་བྱུས་ཡེ་ནས་མེད་པར་བཟོ་རྩིས་བྱས་ཡོད། ཚོགས་པ་དེ་ད་ལྟ་ཡང་སྐལ་རྡོར་ཚང་རང་ལ་བཅོལ་ནས་ཡོད། ད་དུང་། བློ་སངས་ཀྱིས་ཚོགས་པ་འདིའི་མ་འོངས་འཛིན་སྐྱོང་ནང་དོན་གཅོད་རིམ་པ་སུ་ཞིག་ཕེབས་ནའང་། ཚོགས་པ་དེར་ཐ་ན། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་གི་མཚན་ཐོག་ཙམ་གྱི་གནས་བབ་མི་སྤྲོད་རྒྱུ་དང་། བོད་མིའི་སྒྲིག་འཛུགས་དང་ཨ་དོན་གཉིས་ཀ་ལ་བྱུས་གཏོགས་མེད་པ་བཟོས་ཏེ་རིམ་པས་སྒེར་བདག་ཅན་དུ་འགྱུར་འཆར་ཡོད་པར་སྤེན་ཚེས་མཐོང་ནས། སྤེན་ཚེས་འདྲི་བརྩད་བྱས་པ་ལ། བློ་སངས་ཀྱིས་སྤེན་ཚེར་གསལ་བཤད་དྲང་པོ་ཞིག་བྱེད་རྒྱུ་ཕར་བཞག བློ་སངས་འདྲོགས་ཐག་ཆོད་ནས་བཀའ་ཤག་གི་དབང་ཚད་བེད་སྤྱོད་ལོག་པར་བཏང་འདུག ལས་དོན་ཚང་མ་དེ་ནས་འཁྲུགས་སོང་འདུག ཨ་ཁ་དེ་དུས་བློ་སངས་ཀྱི་བྱེད་སྟངས་ལ། སུས་བལྟས་ཀྱང་། བློ་སེང་གིས་གཏན་གཏན་ངོ་མ་རང་རང་དོན་ཁོག་བཅུག་གི་བྱུས་ངན་ཞིག་བཤམས་ཡོད་པ་དེ་གསལ་པོར་མཐོང་ཐུབ་པ་མི་འདུག་གམ། བློ་སངས་ཀྱིས་རྫུན་རྐུབ་ཕྱི་ལ་བརྡོལ་འགོ་དེ་ནས་བརྩམས་འདུག་པ་མཐོང་ཐུབ། ད་ལྟ་ནི། NGOཚོགས་པ་དེ། ཕྱོགས་གཅིག་ནས། སྐལ་རྡོར་ཚང་ལ་ཨ་རིའི་ཁྲིམས་མཐུན་ལྟར་བལྟས་ན། སྐལ་རྡོར་ལ་བདག་དབང་ཆ་ཚང་ཡོད་པ། ཡང་། བོད་མིའི་སྒྲིག་འཛུགས་ངོས་ནས་བལྟས་ན། སྐལ་རྡོར་ལ་དབང་ཚད་ཚ་ཚང་བ་ཞིག་ཡོད་ལ་མེད་ལ་བྱས་ནས་བཅོལ་ཡོད། འོ་ཡ། གང་ལྟར་རིམ་པས་སྤེན་ཚེ་ལ་གཞི་ནས་དེས་རྐྱེན་པས་བྱ་སྤུ་གནོན་མ་བྱས་པའི་སྐྱོན་འཛུགས་འོག་གནས་དབྱུང་བཏང་བྱུས་བཤམས་པ་ཞིག་ཀྱང་རེད་འདུག ཡ་ཡ། ད་ཆ་ཡང་། བློ་སངས་ཀྱིས་དངོས་གྲུབ་ཚེ་རིང་རྫུན་བྱུས་དེ་སྤས་བསྐུང་ཆེད་ཨ་དོན་དུ་བསྐོ་གཞག་བྱས། རིང་མིན་བློ་སངས་ཁོ་པ་རང་ལ་བདེན་པ་ཡོད་མདོག་སྟོན་ཆེད་NGO དེའི་འགན་འཛིན་ལྷན་ཚོགས་ནང་དངོས་གྲུབ་ཚེ་རིང་ད་བར་མེད་ཀྱང་ད་གཞི་ནས་དོན་གཅོད་མིང་ཐོག་ནས་མགྱོགས་པོ་འཇོག་རྒྱུར་ཚོད་དཔག་བྱ་གིན་ཡོད་བཟོ་ཡང་འདུག དེ་ལ་ཡང་རྫུན་རྐུབ་ཞིག་ཡོད་པའི་དྲི་ངན་ལོས་ཚོར་ཐུབ། ཧ་ཧ། མ་གཞི་ང་ཚོའི་སྤྱི་ཚོགས་ནང་འདི་དང་འདི་འདྲའི་གཞུང་འབྲེལ་ཡིན་ལ་མིན་ལ་ཡི་གཟུགས་ཤེས་གང་ཡང་མིན་པའི་ལྡན་མི་འདུ་བྱེད་ཀྱི་སྒེར་སྤྱོད་ཚོགས་པ་ཆེ་ཆུང་འདྲ་མིན་མང་པོ་སྔར་ནས་བྱུང་ཡོད་ལ་ད་ལྟའང་མཐོང་རྒྱུ་ཡོད། མདོ་དོན་ཡང་སྙིང་། ས་གནས་ཨ་གཞུང་གི་NGOའགྲོ་ལུགས་བོད་མི་སྤྱི་དམངས་ཚོས་ཅི་ལ་ཤེས། དེས་ན། བོད་མི་ཚོས་གསལ་པོར་མཁྱེན་དགོས་པ་ཞིག་ནི། བློ་སངས་དང་སྐལ་རྡོར་གཉིས་ཀྱིས་TCDFའདི་འཕྲལ་ཕུགས་གཉིས་ཀར་བོད་མིའི་སྒྲིག་འཛུགས་དང་དོན་གཅོད་ཟེར་བ་ལ་བྱུས་གཏོགས་ཏིལ་འབྲུ་ཙམ་ཡང་མེད་པ་བཟོས་འཆར་ཡིན་པ་དང་། རིམ་པས་བློ་སངས་སྲིད་སྐྱོང་གི་ལས་འཁུར་འཁྱུར་ཟིན་མཚམས་སུ་ཁོ་པ་དང་གྲོགས་པོ་སྐལ་རྡོར་སོགས་མི་འགས་སྒེར་དབང་སྤྱོད་པའི་སྤྱི་རྟ་སྒལ་རལ་ལ་དམིགས་ཏེ་བསྐྲུན་ཡོད་པར་སྤེན་ཚེས་མགོ་ཚོད་ཡོད་འདུག ཡ་ཡ། ད་མ་འོངས་པར་ལྟད་མོ་བཟང་ངན་གང་ཡོང་ངོ་མ་ལོ་ཤས་རྗེས་ནས་མ་གཏོགས་མཐོང་མི་ཡོང་། སྤྱི་དོན་ལ་འགན་ངོ་མ་ལེན་འདོད་ན། TCDFཚོགས་པ་འདི་ཨ་རིའི་བོད་མིའི་སྤྱི་དོན་ཚོགས་པ་ཚོར་ཁྲིམས་མཐུན་འགན་འཁུར་དང་ཐེ་གཏོགས་གང་ལ་གང་འཚམས་ཤིག་བྱེད་རྒྱུ་ཡོད་པ་ཞིག་བཟོ་ཐུབ་ན་སྤྱི་རྒྱུ་སྒེར་བདག་ཏུ་མི་འགྲོ་བར་འགོག་བསྲུང་གནང་ཐུབ་ངེས་རེད། མདོར་ན། ད་ཐེངས་ཀྱི་བྱ་སྤུ་གནོན་ཟེར་ནའང་འདྲ། ཨ་དོན་འཕོ་འགྱུར་གྱི་གནད་དོན་ཟེར་ནའང་འདྲ། ཨ་སྒོར་ས་ཡ་གཅིག་དང་ཕྱེང་ཀའི་དོན་རྐྱེན་ཟེར་ནའང་འདྲ། དོན་ངོ་མའི་རྩོད་གཞི་ནི། ཨ་ན་མན་ན། སྐྱབས་དཀོན་མཆོག་གསུམ། ༧རྒྱལ་བ་རིན་པོ་ཆེ་མཁྱེན། བོད་རིགས་སྤུན་ཟླ་ཚོ། བོད་མིའི་རྩ་དོན་ནི་མ་རེད་ལགས། རང་བཙན་དང་ལམ་དབུ་མའི་སྲིད་ཇུས་ཀྱི་རྩོད་པ་ནི་དེ་བས་ཀྱང་མ་རེད། གནད་དོན་ངོ་མ་དེ་NGOའདིའི་འཕྲལ་ཕུགས་ཀྱི་གཉེར་སྐྱོང་བྱེད་སྟངས་དང་། རོགས་དངུལ་གར་འགྲོ་གང་བྱེད་དང་། སྤྱི་རྒྱུ་སྒེར་བདག་འགྲོ་ཉེན་ཡོད་པའི་བྱི་རིལ་མངར་སྐྱུར་གཉིས་ལྡན་ཕན་གནོད་གཉིས་ལྡན་ ༢༠༡༧ ལོར་སྲིད་སྐྱོང་བློ་སངས་ཀྱིས་གཡོས་སྦྱོར་བྱས་པ་དེ་རང་རེད་འདུག ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ནི་འཐོར་ལ་ཉེ་བས་ ༢༠༡༨ ནས་ག་ལེར་ཅིག་གསོ་བར་སྨོན།། །།

    Reply
  2. བསྟན་འཛིན་འཇམ་དབྱངས། says:
    ལོ་ 7 སྔོན།

    འགོ་ཁྲིད་ལམ་ལོག་ལ་སོང་ན་མི་མང་གི་ངོ་རྒོལ་བྱེད་དགོས་གལ་ཆེ།

    Reply
  3. ཉང་ངེས་འཁྱམ་པོས། says:
    ལོ་ 7 སྔོན།

    ཉེ་བའི་ཆར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་ཐད་ལ་མི་མང་ཁག་ཁ་ཤས་ཤིག་ནས་བོད་གཞུང་བཀའ་ཤག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མཐུན་པའི་མང་མོས་ཐག་གཅོད་གནང་བར་དེར་མི་འདོད་པ་དང་དྲན་ལྡན་མིན་པའི་རྣམ་འགྱུར་གྱིས་ལས་འགུལ་བརྩམ་བཞིན་འདུག་པས་དེ་ནི་ཧ་ཅང་བློ་ཕམ་གནས་ཚུལ་ཞིག་རེད། སྤྱིར་བཏང་སྒྲིགས་འཛུགས་གཅིག་གི་ནང་ལས་བྱེད་འཕོ་འགྱུར་ཕྱིན་པ་དང་བཏང་བ་དེ་སྒྲིགས་འཛུགས་དེའི་འགྲོ་ལུགས་ཤིག་ཡིན་པ་ཤེས་དགོས་པ་ཧ་ཅང་གལ་འགངས་ཆེན་པོ་རེད། བཙན་བྱོལ་བོད་གཞུང་ནི་བོད་མི་མང་གི་ཆེད་དུ་མངགས་ནས་བཙུགས་པ་ཞིག་དང་དེ་དག་གི་ལས་གཙོ་རྣམ་པ་ནི་མི་མང་ནས་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་བསྡུའི་བྱས་ནས་མང་མོས་འོས་འདེམས་བྱུང་བའི་མི་སྣ་དང་མ་ཟད་ལྷག་པར་དུ་༧གོང་ས་མཆོག་གི་ཐུགས་བློ་གནང་སའི་གང་ཟག་ཞིག་ཡིན་པས་དུས་རྟག་ཏུ་ང་ཚོ་བོད་རིགས་སྤུན་ཟླ་ཚོས་གུས་བརྩི་དང་རྒྱབ་སྐྱོར་དེ་བཞིན་བཀའ་མོལ་སོགས་ཡག་པོ་གནང་དགོས་པ་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད་སྙམ། ང་ཚོའི་འགོ་ཁྲིད་ལ་ང་ཚོས་བརྩི་མཐོང་དང་གུས་བརྩི་མ་ཞུས་ན་རྒྱལ་ཁབ་གཞན་གྱི་མི་ཚོས་ཞུ་གི་རེད་དམ། དེས་ནས། མ་འོངས་པར་བོད་རིགས་སྤུན་ཟླ་རྣམས་ནས་ཆོལ་ཁ་ཆོས་ལུགས་དང་སྤུན་གཉེན་ཚན་སོགས་ལ་ཆོག་ཞེན་མ་གནང་བར་བདེན་པ་དང་དྲང་བདེན་ལ་རྒྱལ་སྐྱོར་གནང་ན་ང་ཚོའི་རེ་བ་དེ་དེ་ནས་བསྒྲུབ་ཀྱི་རེད་བསམ་པའི་ཡིད་ཆེས་དང་རེ་བ་བྱེད་བཞིན་ཡོད།

    Reply
  4. ཨ་འབར་འཇིགས་དབང། says:
    ལོ་ 7 སྔོན།

    ༄༅། དགོས་ས་ལ་ཆད། མི་དགོས་ས་ལ་ལྷག་ཞེས་པའི་དཔེ་བཞིན་ ཀླད་ཆུང་སྐམ་པོ་དགའ་ཤས་ནས་
    འུར་སྐད་ག་རེ་བྱས་ཏེ་རྒྱག་གི་ཡོད་རེད།
    གཏན་གཏན་ཨ་ཅོ་སྤེན་ཚེ་ནས་ནོར་བ་ཞིག་བྱས་ཡོད་ས་རེད།
    འུར་སྐད་བརྒྱབ་ན་ཕ་ས་ཕ་ཡུལ་འཕྲོག་མཁན་ལ་ངོ་རྒོལ་བྱེད་དགོས་ དཔའ་ཡོད་ན་ཕ་ས་ཕ་ཡུལ་བཙན་འཕྲོག་
    བྱེད་མཁན་ལ་ངོ་རྒོལ་སྐད་འབོད་གྱིས་ཨང། སོ་སོའི་ནང་ལ་ངོ་རྒོལ་བྱེད་ན་་་དེ་ལ་་དགྲ་དགའ་་་གཉེན་སྡུག་་་ཞེས་པ་
    དེ་རེད། ལས་འགུལ་ངན་པ་སྤེལ་མཁན་གྱི་རྒྱབ་ལ་སུ་ཡོད་་་་སྦས་གསང་མེད་པ་དྲང་པོ་ཤོད།
    སོ་སོའི་དྲང་པོ་མ་བཤད། གཞན་ལ་དྲང་པོ་མི་འདུག་བརྗོད་ན་་་ཤེས་ལྡན་པ་ཚོ་དགོད་མོ་ཤོར་ཡོང།

    Reply
  5. drugya says:
    ལོ་ 7 སྔོན།

    ཁྱེད་ཚོས་སྐད་ཆ་ག་རེ་བཤད་ཀྱི་ཡོད། ལས་བྱེད་པ་འཕོ་འགྱུར་གཏོང་བ་སྤྱིར་བཏང་གི་གནས་ཚུལ་ཞིག་ལ་ཁྱེད་ཚོ་དེ་འདྲའི་ནད་མི་ཁྱགས་པའི་རྒྱུ་མཚན་ངོ་མ་ག་རེ་ལ་ཐུག་པ་ཡིན། ལས་ཀྱི་སྣེ་མོ་བས་ག་རེ་བྱེད་ཀྱི་ཡོད་མེད་ལ་དོ་སྣང་བྱེད་དགོས་ཟེར་བ་བདེན་པ་རེད། འོན་ཀྱང་དོ་སྣང་བྱེད་སྟངས་དེ་མིག་དང་རྣ་བ་གཉིས་ཀ་བེད་སྤྱོད་བཏང་ནས་ཕྱོགས་ཚང་མར་བལྟ་དགོས་པ་མ་གཏོགས་སོ་སོས་སྣང་བ་མི་འགྲོ་ས་དེར་སྐྱོན་ག་རེ་འདུག་བལྟས་ནས་བསྒུག་བསྡད་པ་ལ་ཟེར་གྱི་མ་རེད། བཀའ་ཤག་གིས་ཐག་གཅོད་ལ་དོ་བདག་སྤེན་ཚེས་ངོས་ལེན་ཡོད་ན་ཁྱོད་ཚོ་ལ་མི་འགྲིག་པའི་རྒྱུ་མཚན་ག་རེ་ཡིན། སྤྱི་ཚོགས་བབ་བརླིང་བརྟན་གསུམ་ཡོང་མི་འཇུག་མཁན་སྤེན་ཚེའི་རྒྱབ་སྐྱོར་བྱེད་མཁན་གྱི་སྔ་བསམ་ཕྱི་གཏོང་གང་ཡང་མི་ཤེས་མཁན་ཁྱེད་ཚོ་རེད། བཀའ་ཤག་གིས་གསལ་བཤད་མི་གནང་བའི་རྒྱུ་མཚན་ཕྱོགས་གཅིག་ནས་འོས་བསྡུའི་རྩོད་གླེང་གི་ཐོག་ནས་བསླབ་བྱ་བླངས་ཏེ་༧རྒྱལ་བའི་དགོངས་པ་དཀྲུག་དོགས་ཀྱིས་ཡིན་པ་དང་། གཉིས་ནས་ད་བར་བོད་པའི་སྤྱི་ཚོགས་ནང་མི་རྣ་གང་འཚམས་ཡོད་པའི་སྤེན་པ་ཚེ་རིང་ལ་མིང་ཆད་ངན་པ་མི་ཡོང་ཆེད་དགོངས་བཞེད་གནང་བ་ཞིག་རེད། ཡིན་ནའང་ཁྱེད་ཚོས་མཐའ་གཅིག་ཏུ་གསལ་བཤད་དགོས་ཞེས་བཀའ་ཤག་དང་དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་བྱས་པ་ཡིན་ན་མཐའ་མ་གསལ་བཤད་གནང་དགོས་ཆགས་ཀྱི་རེད། དེ་དུས་མིང་ཆད་ངན་པའི་གྱོང་གུད་སྤེན་པ་ཚེ་རིང་ལ་ཡོང་རྒྱུ་མ་གཏོགས་ཁྱེད་ཚོ་མི་གཅིག་གིས་དེའི་འགན་ཁྱེར་གྱི་མ་རེད་ལ་ཁྱེར་བསམ་ཡང་ཁྱེར་ཐབས་མེད། དེ་ངེས་པར་བསམ་བློ་གཏོང་ཤེས་དགོས

    Reply
  6. བོད་དགའ་ says:
    ལོ་ 7 སྔོན།

    ཨ་ཇོ་བསོད་ནམས་སྟོབས་རྒྱལ་།ཨ་མདོའི་ཤ་ཞེན་མ་གནང་།ཨ་ཅེ་ཟླ་བ་སྒྲོལ་མའི་།ཨ་ཕོའི་སྐྱོན་མཚང་སྟོན་སོང་།

    Reply
  7. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 7 སྔོན།

    འདི་ཚེས་སུམ་བཅུའི་རྗེས་ལ་བྱ་ཕོ་བྱ་ཡིན་ན་སྐད་ཅིག་རྒྱག་གི་རེད་བྱ་མོ་བྱ་ཡིན་ན་གོ་ང་བཏང་གི་རེད་།

    Reply
  8. རང་བཙན་བུ། says:
    ལོ་ 8 སྔོན།

    ཤོད་རྒྱུ་མ་མང་ཨ་རོགས་ཚོ།།
    སུམ་ཅུའི་རྗེས་སུ་ལྟད་མོ་ཡོད།།
    དང་པོ་ཕྲུ་གུ་དགའ་བཅུག།
    དེ་ནས་ངུ་འཇུག།

    Reply
  9. ཨ་འབར་འཇིགས་དབང། says:
    ལོ་ 8 སྔོན།

    ༄༅། གསལ་བཤད་བྱེད་དགོས་བརྗོད་ནས་། རྗིག་མདོག་ཁ་བོ་བཤད་སོང།
    མཐའ་མ་བཀའ་ཤག་ལྟན་ནས་། ཕྱི་གསལ་ནང་གསལ་བཤད་སོང།
    ད་ནི་རྗིག་མདོག་པ་ཚོ་། ག་རེ་ཤོད་རྒྱུ་ཡོད་དམ།

    Reply
  10. བོད། says:
    ལོ་ 8 སྔོན།

    སྔོན་མ་ནས་ངས་དེ་ནི་རྩོམ་ཉོག་གཅིག་རེད་ཅེས་བཤད་ཟིན། དུས་བབ་ཀྱིས་ནག་བསུབ་བཏང་ཟིན་འདུག་་་་་་་་་་་་་་་བྱས་ཙང་ད་ཐེངས་རྩོམ་ཉོག་དེ་ནག་བསུབ་གཏོང་རན་འདུག་་་་་་་་་་

    Reply
  11. སིངྷ། says:
    ལོ་ 8 སྔོན།

    ད་སྲིད་སྐྱོང་མཆོག་གིས་ཁེ་ན་ཌར་གསལ་བཤད་ཡག་ཐག་ཆོད་གནང་ཡོད་པས་ཨ་ཇོའི་ཁ་ལ་མཛུབ་མོ་བཅུག་ནས་སྡོད་ཨ་་་་་། ཧཧཧ།

    Reply
  12. བདེན་པའི་རྒྱབ་ལངས། says:
    ལོ་ 8 སྔོན།

    ཕྱིན་ན་ལ་བཅོས་རོགས

    Reply
  13. གསལ་ལེ་རྒྱལ། says:
    ལོ་ 8 སྔོན།

    ཨ་ཇོ་བསོད་ནམས་སྟོབས་རྒྱལ།
    གསལ་ལེ་རྒྱལ།

    ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།།
    བོད་གཞུང་སེང་གེ་རང་རྒྱལ།།
    བུ་ལོན་མཚན་གནས་རྗེས་འབྲེལ།།
    ཁ་གསལ་གཏིང་གསལ་ཨེ་རེད།།
    ཨ་ཇོ་བསོད་ནམས་སྟོབས་རྒྱལ།

    ཨ་ཅག་རྒྱ་རི་སྒྲོལ་མས།།
    ཉལ་ཆས་མར་ལ་བཏང་རྗེས།།
    ཡར་སྣེ་རྡ་རམ་ས་ལར།།
    ཁ་བ་མང་པོ་བབས་སམ།།
    ཨ་ཇོ་བསོད་ནམས་སྟོབས་རྒྱལ།

    ཨ་ཇོ་དངོས་གྲུབ་ཚེ་རིང་།།
    ཇག་ལ་ལམ་འཇུག་བྱས་རྗེས།།
    ཇག་རྟ་རྐུ་ལ་ཤོར་བས།།
    རྐང་ཚེགས་དཀའ་ལས་མྱང་ངམ།།
    ཨ་ཇོ་བསོད་ནམས་སྟོབས་རྒྱལ།།

    ཨ་ཇོ་བློ་བཟང་སེངྒེས།།
    ཨ་སྒོར་བུ་ལོན་བསགས་ནས།།
    ས་ཡ་གཅིག་དང་ཕྱེད་ཀ།
    ས་མཚམས་གང་ལ་བསྐྱལ་འདུག།
    ཨ་ཇོ་བསོད་ནམས་སྟོབས་རྒྱལ།།

    ཨ་ཇོ་སྤེན་པ་ཚེ་རིང་།།
    སྲིད་རྩིས་དངུལ་རྩིས་ནོར་ཏེ།།
    ཁ་རུ་ཁ་ཐུག་བྱས་ནས།།
    ཁ་ཕོར་གང་ལ་བསྐྱལ་སོང་།།
    ཨ་ཇོ་བསོད་ནམས་སྟོབས་རྒྱལ།།

    ༡༥/༡༡/༢༠༡༧ ཕ་རེ་སི་ནས།

    Reply
  14. ཨ་ཞང་། says:
    ལོ་ 8 སྔོན།

    ད་ལན་བཀའ་ཤག་གིས་སྤེན་ཚེའི་ངོ་གདོང་སྲུང་སྐྱོབ་བྱེད་ཀྱི་ཡོད་མདོག་གིས་གནད་དོན་གྱི་རྒྱུ་མཚན་རྒྱབ་ལྗོངས་ཁ་གསལ་མ་བཟོས་པར་བརྟེན། བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེའི་བོད་འབངས་རྣམས་ནས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བརླགས་ཏུ་བཅུག་པ་དང་། བློ་ཕམ་ཆེན་པོ་བཟོས་པ་ནི་བཀའ་ཤག་གིས་བོད་མིའི་ཆིག་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ལ་འགན་རྟིལ་འབྲུ་ཙམ་ཡང་འཁུར་གྱི་མེད་པའི་ངན་རྟགས་ཆེན་པོ་ཞིག་བསྟན་པ་རེད། འདི་ནི་བཀའ་ཤག་སྐབས་བཅུ་བཞི་པ་དང་བཅོ་ལྔ་པས་བོད་མི་རིགས་སིལ་བུར་གཏོར་བའི་དུས་ནག་ཅིག་ཡིན་པ་ཀུན་གྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། དེ་བཞིན་ཡིན་པ་དེ་རིང་ཁ་སང་གི་ང་ཚོའི་་སྤྱི་ཚོགས་ཁ་ཆག་སྣ་ཤོར་ཕྱིན་པ་དེས་ར་འཕྲོད་འགྲོ་བ་རེད། གང་ལྟར་ང་བོད་མི་དཀྱུས་མ་ཞིག་གིས་ངོས་ནས་རེ་སྐུལ་ཞུ་རྒྱུ་ནི། བོད་མི་རིགས་སིལ་བུར་གཏོར་བའི་ཐག་གཅོད་གནང་མཁན་བཀའ་ཤག་དང་། གནད་དོན་འདི་ལ་ཐད་ཀར་འབྲེལ་བ་ཡོད་པའི་སྤེན་ཚེ་བཅས་ནས་འདི་ལ་འགན་ངེས་པར་དུ་འཁུར་དགོས། གལ་སྲིད་གནད་དོན་འདི་མུ་མཐུད་འདི་འདྲ་བཞག་སྟེ་མཇུག་འབྲས་གང་ཡོང་བ་དེར་ཁྱེད་ཅག་གིས་འགན་འཁུར་དགོས་ཡོད། ད་ལྟ་མི་མང་གིས་དཀར་པོ་སུ་ཡིན་དང་ནག་པོ་སུ་ཡིན་ཐག་ཆོད་འགྲོ་བར་སྒུག་ནས་བསྡད་ཡོད་པ་མ་ཟད། བཀའ་ཤག་གི་ཐག་གཅོད་ལ་རྒྱུ་མཚན་ངེས་ཅན་ལྡན་པའི་རེ་བ་རི་འདྲ་བ་ཞིག་བརྒྱབས་སྟེ་སྨོན་ལམ་དེ་བཞིན་འདེབས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། བོད་མི་རིགས་ལ་ཤ་ཞེན་དང་ལ་རྒྱ་ཡོད་མཁན་ཞིག་ཡིན་ན་མི་གཅིག་གི་ངོ་གདོང་ལ་བལྟས་ཏེ་སོ་སོའི་རྒྱལ་ཁབ་དང་མི་རིགས། དེ་སྐྱོང་མཁན་གྱི་གཙོ་བོ་སྲིད་གཞུང་བཅས་རྩ་མེད་དུ་འགྲོ་འདོད་གཏན་ནས་མེད་པ་རེད། བརྒྱ་བཤད་སྟོང་བཤད་ཀྱི་རྩ་བར་སྲིད་སྐྱོང་གི་དབུས་པའི་བཀའ་བློན་ལས་ཐོག་ཡོངས་དང་སྤེན་ཚེ་བཅས་ནས་གནད་དོན་འདི་གསལ་པོ་མ་བཟོས་ཚེ། མ་འོངས་བོད་མི་རིགས་ཀྱི་ལོ་རྒྱུས་ནང་ཁྱེད་ཅག་ནི་རྒྱ་ནག་གཞུང་གི་མགོ་འཁྲིད་དག་ལས་ཀྱང་གདུག་རྩུབ་ཆེ་ཞིང་། བོད་མི་རིགས་ཀྱི་དགྲ་བོ་ངོ་མ་ཞིག་ཏུ་ངོས་འཛིན་ཞུ་རྒྱུ་ཡིན།

    Reply
  15. བོད་དགའ་ says:
    ལོ་ 8 སྔོན།

    གད་སྙིག་སྤུང་སའི་གསར་ཤོག་འདི་ལ་ཞེན་པ་གཏིང་ནས་ལོག་སོང་།

    Reply
  16. རིགས་ཞེན། says:
    ལོ་ 8 སྔོན།

    བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཕྱོགས་གཅིག་འཐེན་འཁྱེར་གྱིས་ཕྱོགས་གཞན་གཅིག་པུར་སྐྱོན་བརྗོད་བྱས་པ་ཞིག་ཡིན་པར་མཐོང་གི་མི་འདུག འོན་ཀྱང་བསོད་སྟོབས་ལགས་ཀྱི་རྩོམ་ཡིག་ནང་གསལ་བའི་གནད་དོན་དེ་འདྲ་བ་ཞིག་ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་པ་ཞིག་ཨ་རིར་རྩིས་ཞིབ་ལ་ཕྱིན་སྐབས་ཤེས་རྟོགས་བྱུང་ཚུལ་གངས་སྐྱིད་ར་བའི་ནང་གོ་ཐོས་འབྱུང་བཞིན་ཡོད། མེ་མེད་ན་དུ་བ་གང་ནས་ཡོང་ཞེས་པའི་དཔེ་ལྟར་ངེས་པར་དུ་ཞིབ་འཇུག་བྱེད་དགོས་པའི་གནས་ཚུལ་ཞིག་ཡོད་ངེས། འོན་ཀྱང་བསོད་སྟོབས་ལགས་ཀྱིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་སྐོར་གང་ཟག་སྒེར་གྱི་མིང་ཐེར་འདོན་གནང་མི་འདུག་པས། ཚོགས་པ་ག་གེ་མོ་དང་སྒྲིག་འཛུགས་ག་གེ་མོར་དེ་འདྲའི་གནས་ཚུལ་དང་དོགས་སློང་ཆོག་པའི་གནང་བ་ནི་མང་གཙོའི་སྲིད་གཞུང་ནང་ཐོབ་ཐང་ཡོད་སྙམ། ལར་ནས་ང་ཚོ་ཚོགས་སྐྱིད་བྱེ་བྲག་པ་ཞིག་དང་། ཆོ་ཁ་དང་སྡེ་ཚན་བྱེ་བྲག་པ་ཞིག་ལ་ནམ་ཡང་སྐྱོན་བརྗོད་བྱེད་ཀྱི་མེད་ལ། བོད་གཞིས་བྱེས་གཉིས་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་སྒྲོམ་གཞི་འདི་ཉིད་སྲ་བརྟན་དང་དྲང་བདེན་དུ་གནས་ཐབས་སུ། རུལ་སུངས་ཀྱི་ཞན་ཆ་ཇི་ཡོད་གཙང་བསལ་བྱ་དགོས་རྒྱུ་ཧ་ཅང་གིས་གལ་ཆེན་པོ་རེད་སྙམ།
    གཞན་ཡང་ད་བར་༸གོང་ས་མཆོག་གི་ཐུགས་རྗེ་ཉག་ཅིག་ལ་བརྟེན་ནས་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་འདི་ཉིད་གྲ་མ་ཆག་གྲུ་ཉམས་པར་ཧྲ་ཐག་ཐག་གནས་ཡོད་ཀྱང་། འདས་པའི་ལོ་ཤས་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་སུ་རྫོགས་པར་མི་མང་གིས་འདེམས་སྒྲུག་བྱས་པའི་སྐུ་ཚབ་ལ་རྩིས་སྤྲོད་ཟིན་པ་ནས་བཟུང་གོ་གནས་དང་རྐུབ་སྟེགས་འདི་ཉིད་ཆབ་སྲིད་ཀྱི་ལག་ཆའམ་སྒེར་གྱི་བསམ་དོན་སྒྲུབ་སའི་སྡིངས་ཆ་ཞིག་ལ་བེད་སྤྱོད་གཏོང་བཞིན་པ་མ་ཟད། ད་དུང་སྤྱི་དངུལ་ཕོན་ཆེ་རུལ་སུངས་དང་འབྲེལ་བའི་གནས་ཚུལ་རིགས་འཐོན་ཡོང་དུས་བོད་མི་ས་ཡ་དྲུག་གི་སྤྱི་བསོད་ཉམས་བཞིན་པའི་མངོན་རྟགས་ཤིག་རེད་སྙམ། དེར་བརྟེན་དྲ་རྒྱ་སོགས་སུ་སྤྱི་ཚོགས་ནང་འབྱུང་བའི་རུལ་སུངས་དང་སྐུ་དབང་བེད་ལོག་སོགས་ཀྱི་བརྩམས་ཆོས་གང་སྤེལ་ཀྱང་། ང་ཚོས་དེ་དག་ལ་ལམ་སང་འཐེན་འཁྱེར་གྱིས་ཁྱོད་བྲིས་པ་དེ་འགྲིག་མི་འདུག་ཅེས་ཚིག་ངན་དང་ཟུར་ཟ་ཤ་སྟག་འཕེན་རེས་བྱེད་ཚེ་ང་ཚོའི་སྤྱི་ཚོགས་ལ་གྱོང་གུད་ཅིག་རེད་སྙམ། ཉེ་སྔོན་ལན་གཉིས་ཙམ་ཇོ་ནང་ཆོས་ལུགས་ལ་ངོས་འཛིན་རྩོད་ལེན་ཆེད་འདི་གའི་གྲོས་ཚོགས་ར་བའི་མདུན་ཐང་དུ་ཞི་བའི་རྔམ་སྟོན་ནམ་ཞུ་འབོད་བྱས་པ་ནི་མང་གཙོའི་འགྲོ་ལུགས་དང་ཡོངས་སུ་མཐུན་པ་ཞིག་ལ་ངོས་འཛིན་དང་སྦྲགས། རིང་མིན་འདི་ཟླའི་ཚེས་ ༢༧ ཉིན་ཡང་མེཀ་གྷན་ནས་གངས་སྐྱིད་བར་ཞི་བའི་རྔམ་སྟོན་གནང་འཆར་ཡོད་འདུག་པས། ངའི་བསམ་པར་ལས་འགུལ་འདི་རིགས་ཀྱང་སྐབས་རེ་དགོས་ངེས་མཐོང་བས། གུས་ཀྱང་གལ་ཏེ་ལས་འགུལ་འདི་རིགས་དངོས་སུ་གོ་སྒྲིག་གནང་ཚེ་མཉམ་ཞུགས་བྱ་ངེས་ཡིན་ལ། དྲ་གྲོགས་ཡོངས་སུ་རྫོགས་པ་ལའང་བོད་མིའི་སྒྲིག་འཛུགས་འདི་ཉིད་ཁྲིམས་ཀྱིས་དབང་སྒྱུར་ཡང་དག་པ་ཞིག་ལ་གནས་ཐབས་ཆེད་དེ་འདྲའི་ལས་འགུལ་ནང་གང་མང་ཞུགས་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

    Reply
  17. བདེ་ཆེན། says:
    ལོ་ 8 སྔོན།

    རྩོམ་ཡིག་སྤེལ་པ་ཡིན་ན་ཆ་ཚང་མཁྱེན་པའི་ཐོག་ནས་འབྲི་ན་ཕན་ཐོགས་ཡོད་ངེས་སོང་།དེ་མིན་སྐ་བས་འཚོལ་རིང་ལུགས་ཀྱི་གང་དྲན་འབྲི་པ་ཡིན་ན་སྤྱི་ཚོགས་ཕན་ལས་གནོད་ཆེ་བས་དེ་དོན་དགོངས་འཇགས་ཞུ།

    Reply
  18. དོན་གྲུབ་བཟང་པོ། says:
    ལོ་ 8 སྔོན།

    མཁས་མདོག་ཡོང།དེ་འདྲའི་ཡོད་ན་རྒྱ་མི་ལ་རྩོམ་ཡིག་མང་ཙམ་སྤེལ།དེ་ཡང་སྤེལ་གྱི་མ་རེད་བ།གད་མོ་ཤོར་ཡ་རེད།

    Reply
  19. དགེ་བཤེ་བློ་དགའ says:
    ལོ་ 8 སྔོན།

    ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་་་ཧ་ཧ་ཧ་་ད་ལྟས་མོ་ཡོང

    Reply
  20. ཤར་མདའ། says:
    ལོ་ 8 སྔོན།

    ང་ཚོ་བོད་མི་ཞིག་ཡིན་པ་དང་༸གོང་ས་མཆོག་གི་ཞགས་འོག་ནས་ཞབས་ཕྱི་སྒྲུབ་མཁན་ཞིག་ཡིན་དུས་ངེས་པར་གཟབ་གཟབ་གནང་ནས་ཐག་གཅོད་གནང་དགོས་པ་དང་དྲང་བདེན་དང་མཆོག་གསུམ་དཔང་འཛུགས་གནང་ནས་ཐག་གཅོད་དགོས་པ་རེད། སྔོན་མའི་འོས་བསྡུས་སྐབས་ཀྱི་ནད་རྙིང་དེ་ཚོ་སེམས་ལ་བཟུང་ནས་ཕྱག་ལས་གནང་གི་མ་རེད་ལ། དེ་གནང་རྒྱུ་རྩ་བ་ནས་མེད་པ་རེད་རང་ཉིད་ཡིན་ན་དུས་ནམ་ཡང་དྲང་བདེན་གྱི་རྒྱབ་རྩ་བྱེད་རྒྱུ་མཆོག་གསུམ་དཔངས་པོ་བྱས་ནས་ཐག་བཅད་ཡིན།

    Reply
  21. བོད་མི་ཞིག་ནས། says:
    ལོ་ 8 སྔོན།

    ༄༅། ཨ་ཇོ་བསོད་སྟོབས་ལགས།

    རུལ་སོངས་ས་ཡ་གཅིག་དང་ཕྱེད་ཀ་ཞེས་བྲིས་འདུག་པར་ཁུངས་འཕེར་ར་འཕྲོད་གནང་རྒྱུ་ཡོད་དམ་མེད།
    ཡོད་ན་གསལ་པོ་དྲ་ཐོག་ཏུ་བྲིས། དེ་མིན་ཀ་དང་ཁའི་ཕྱོགས་སོ་སོའི་རྒྱབ་ལྗོངས་སྐད་ཆ་ཕྱི་གསལ་ནང་གསལ་མ་ཤེས་ཤེས་མདོག་དང གང་ཐོས་པ་དང་ཀློག་པ་མཉམ་སྦྱོར་གྱི་འགན་མེད་པའི་དཀྲོགས་གཏམ་དང་སྨྱོན་གཏམ་མ་བྲིས་རོགས་གནང་།།

    བོད་མི་ཞིད་ནས།

    Reply
  22. དོན་ཚེ་། says:
    ལོ་ 8 སྔོན།

    དེ་ག་རང་རེད་། གནས་ཚུལ་དེ་ཕྱི་གསལ་ནང་གསལ་མ་བྱས་ཚེ་། ད་ལྟའི་འཛིན་སྐྱོང་བཀའ་ཤག་འདི་སྲིད་དབང་སྒེར་གཅོད་རང་ཡིན་ལ། ་ཕྱི་གསལ་ནང་གསལ་ཀྱི་བསྒྲིགས་འཛུགས་དེ་ཚར་སོང་བ་རེད། ཡང་དག་པོ་དམང་གཙོ་དེ་ཚར་བ་རེད།

    Reply
  23. རང་བཙན་བུ། says:
    ལོ་ 8 སྔོན།

    ད་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་ཡོངས་འཛིན་རྣམ་པ་ལང་ཡོང་གི་ཡོད་པ་འདྲ། སྤྱིར་བཏང་རྩོམ་རྙོག་ཅིག་ཡིན་ཕྱིན་སྤྱི་ཚོགས་དཀྲུག་རྒྱུ་ལས་ལྷག་པའི་ནུས་པ་ལྷག་པོ་གང་ཡང་མེད་ཀྱང་། སྤྱི་ཚོགས་དཔྱད་བརྗོད་ཚད་ལྡན་ཞིག་ཡིན་ན་དེ་ལ་སྤྱི་ཚོགས་འཁྲིད་སྟོན་གྱི་དམིགས་བསལ་ནུས་པ་ཡོད་སྙམ། རུལ་སུངས་ཐེར་འདོན་བྱེད་སྟངས་བཤད་དུས་ངས་ཀྱང་ཉེ་ཆར་བྱུང་བའི་གནས་ཚུལ་གཅིག་དྲན་སོང་། ཀླུ་མཁར་བྱམས་ཀྱིས་ལྔ་དང་ལྔ་བཅུའི་ཚོགས་འདུར་རང་བཙན་འཐབ་རྩོད་པ་འགའ་ཤས་ཕྱིན་ཡོད་ཅིང་དེ་ཚོ་ཡག་པོ་མིན་སྐོར་བཤད་ནས་བསྟན་འཛིན་རྡོ་རྗེ་དང་། བསྟན་འཛིན་ལྷག་སྒྲོན་གྱི་མིང་ཐེར་འདོན་བྱས་ཡོད་ཀྱང་བསྟན་འཛིན་བརྩོན་འགྲུས་ཀྱི་མིང་སྦས་པ་དེ་ཡང་རང་བཙན་འཐབ་རྩོད་པའི་དཀར་ནག་གི་རུལ་སུངས་མིན་ནམ་དྲན་བྱུང་། ཧ་ཧ་ཧ།

    Reply
  24. བོད་དགའ་ says:
    ལོ་ 8 སྔོན།

    སྤེན་ཚེ་ལ་རྒྱབ་སྐྱོར་ཡོད་མདོག་བསྟན་ནས་དོན་དུ་དོལ་ཚོགས་གཉིས་པ་ཐོན་འདུག་།

    Reply
  25. མཐུན་བཞི་ཚང་། says:
    ལོ་ 8 སྔོན།

    ༄༄།། །དཔལ་ལྡན་སྲིད་སྐྱོང་དབུ་པའི་བཀའ་ཤག་ལྷན་རྶྱས་དང་དཔལ་ལྡན་ཚོགས་ཟུར་ཨ་རི་སྐུ་ཚབ་དོན་གཅོད་ལས་ཐོ་ལྷན་རྒྱས་དྲུང་དུ།

    གུས་པའི་གསོལ་འདེབས་ཞུ་རྒྱུ།

    བོད་མི་འཆི་གསོན་གཉིས་ཀྱི་ས་མཚམས་སུ་སླེ་པའི་དུས་དེར་དགྲ་ཕྱོགས་ནས་བདེ་སྤྱོད་མ་ཡོང་བའི་ཆེད་དུ་གནས་ཚུལ་བཟང་ངན་ཇི་ཡིན་ཕྱི་གསལ་ནང་གསལ་བཟོ་གནང་ཅི་ནས་ཡོང་བ་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་བཞིན་ཡོད། གུས་པ་རང་ཉིད་བོད་མི་ཡིན་པའི་ཆ་ནས་གསོལ་འདེབས་ཞུ་གི་ཡོད། དེ་མེད་ན་རང་ཉིད་དཔལ་ལྡན་སྲིད་སྐྱོང་དབུ་པའི་བཀའ་ཤག་ལྷན་རྒྱས་ལ་ཡིད་ཆད་ཡོང་ས་མ་རེད་ཞུ་རྒྱུ་ཡིན་ལགས། དགོང་འགལ་མེད་པ་ཞུ།། མཐུན་བཞི་ཚང་ནས་ཕུལ།

    Reply
  26. ཨ་འབར་འཇིགས་དབང། says:
    ལོ་ 8 སྔོན།

    ༄༅། ཨ་ཇོ་བསོད་སྟོབས་ལགས།
    རུལ་སོངས་ས་ཡ་གཅིག་དང་ཕྱེད་ཀ་ཞེས་བྲིས་འདུག་པར་ཁུངས་འཕེར་ར་འཕྲོད་གནང་རྒྱུ་ཡོད་དམ་མེད།
    ཡོད་ན་གསལ་པོ་དྲ་ཐོག་ཏུ་བྲིས། དེ་མིན་ཤེས་ཡོན་བཟང་སྤྱོད་འགན་མེད་པའི་དཀྲོགས་གཏམ་དེ་འདྲ་རང་མ་བྲིས།
    ཤེས་ལྡན་པ་རྣམས་གད་ཤོར་ཡོང།

    Reply
  27. བསྟན་འཛིན says:
    ལོ་ 8 སྔོན།

    ཡག་པོ་བྲིས་འདུག

    Reply
  28. དགེ་འདུན says:
    ལོ་ 8 སྔོན།

    དེ་འདྲ་ཡིན་ན་སྐུ་སྒེར་ཡིག་ཚང་ནས་ལན་ཅི་ལྟར་འདེསབས་མིན་ལ་ལྟ་དགོས་པ་གལ་ཆེན་པོ་རེད་ལ། གནད་དོན་འདི་གྲོས་ཚོགས་ནང་དུའང་གླེང་དགོས་ངེས་ཞིག་ཆགས་ཟིན་པ་རེད་སྙམ། 

    Reply
  29. སེར་བྱེས་ལུང་རིག་ངག་དབང་། says:
    ལོ་ 8 སྔོན།

    འདི་འདྲའི་སྒོར་མོ་མང་པོ་ཞིག་གི་གནས་དོན་ཡིན་ན་ངེས་པར་དུ་མི་མང་ལ་གསལ་བཤད་མཐིལ་ཕྱིན་པ་བྱ་དགོས་ཡོད།
    ཡང་མིན་ན་སྒོར་མོའི་གནད་དོན་མིན་པར་སྤེན་ཚེར་ནག་ཉེས་ཡོད་ཚེ། ནག་ཉེས་གང་ཡོད་མཐིལ་འདོན་བྱ་དགོས་ཡོད།

    གང་ལྟར་ད་ཐེངས་གནས་ཚུལ་གསལ་པོ་མ་བཟོས་ན་རྡ་རམ་ས་ལར་ཞུ་གཏུགས་རྒྱག་པར་ཡོང་གི་ཡིན།

    Reply
  30. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 8 སྔོན།

    ད་ང་ཚོའི་ལས་ཀ་འདི་ཅང་ཡོང་ས་མ་རེད་ཨ་རིའི་དོན་གཅོད་བཀའ་ཤག་ནས་མ་སྐོས་ན་བཀའ་ཤག་ནས་དོན་གཅོད་བརྗེ་ལེན་གང་འདྲ་སེ་བྱས་པ་རེད་ང་ཚོའི་སྒྲིག་འཛུགས་འདི་མང་གཙོ་ཡིན་པ་དང་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་གི་ཡོད་པའི་འཛམ་གླིང་ལ་གྲགས་བཞིན་པ་དེ་དག་ད་ཆ་རྒྱ་ནག་གི་གྲལ་རིམ་དམངས་གཙོ་ལས་ཀྱང་ཆེས་ཞན་པའི་འགོ་འདྲེན་དང་ཕྱོགས་གཏོགས་སྐབས་ཚོལ་སོགས་ཀྱི་འོག་ནས་བོད་མི་རིགས་ཡར་ལངས་ཐུབ་པའི་ཆབ་སྲིད་ཀྱི་ནུས་པ་ག་དུས་སྨིན་ཐུབ་བམ་།

    Reply
  31. བོད་དགའ་ says:
    ལོ་ 8 སྔོན།

    བདེན་པའི་ཟུར་ཙམ་ཡང་མི་འདུག་

    Reply
  32. Gangkar Meshod says:
    ལོ་ 8 སྔོན།

    སྲིད་སྐྱོང་གི་འོས་བསྡུ་ནས་བཟུང་། བློ་བཟང་སེངྒེ་དང་སྤེན་པ་ཚེ་རིང་གཉིས་འཆམ་ཐབས་མེད་པའི་འགལ་ཟླ་གྱུར་ཟིན་པའི་དབང་དུ་གཏང་ན། འོས་བསྡུ་ཕམ་མཁན་སྤེན་པ་ཚེ་རིང་ཨ་རིའི་དོན་གཅོད་དུ་བསྐོ་བཞག་བྱེད་མཁན་བློ་སེང་མིན་པ་གསལ་པོ་རེད། ད་ལྟ་སྤྱི་ཚོགས་ནང་དུ་གླེང་བཞིན་པའི་དོན་རྐྱེན་འདི་ནི། བོད་ཀྱི་མཐོ་རིམ་སྲིད་དོན་མི་སྣ་གཉིས་ཀྱི་འགལ་ཟླ་ལས་བྱུང་བའི་དབང་དུ་གཏང་ན། དེ་ནི་སྤེན་པ་ཚེ་རིང་དོན་གཅོད་དུ་བསྐོ་མཁན་མི་སྒེར་རམ་ཚོགས་པ་དེས་འགན་ཁུར་དགོས་པའི་དུས་ལ་བབས་ཡོད།

    Reply
  33. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 8 སྔོན།

    ཨ་སྒོར་མང་པོ་དེ་འདྲའི་སྙོགས་ཁྲ་ཡིན་ན་མི་མང་གཉིད་ཁུག་ནས་སྡོད་ཐབས་ཨ་ཡོད་།

    Reply
  34. Tashi says:
    ལོ་ 8 སྔོན།

    དེ་འདྲ་ཡིན་ན་ཁ་སང་སྤེན་པ་ཚེ་རིང་ཁོ་རང་མ་བཤད་པ་གང་ཡིན་ནམ་་་

    Reply
  35. Tenzin Nyima says:
    ལོ་ 8 སྔོན།

    Wonderful…Thumbs Up…

    Reply
    • བློ་བཟང says:
      ལོ་ 8 སྔོན།

      སྤེན་ཚེས་དོན་གཅོད་ཚོགས་འདུའི་ཐོག་སྲིད་སྐྱོང་ལ་བཤད་ཟིན་པས་ད་ཡང་བསྐྱར་བཤད་ན་སྤྱི་ཚོགས་འཁྲུགས་ཡོང་བསམ་མིན་འགྲོ། གལ་སྲིད་བཀའ་ཤག་གིས་ཡང་བསྐྱར་གཅིག་བཤད་ན་སྤེན་ཚེས་བཤད་ཡོང་གི་རེད་སྙམ།

      Reply
      • སྙེ་ལྷའི་ཐུགས་སྲས། says:
        ལོ་ 8 སྔོན།

        གང་ཡང་མི་ཕན་པའི་གསལ་བཤད་ནི་ཕྱོགས་གཅིག་གིས་ང་ལ་ནོར་འཁྲུལ་མེད་ཞེས་བརྗོད་པ་དང་ཕྱོགས་གཞན་དེས་བཤད་ན་ཕན་ལས་གནོད་ཆེ་ཞེས་ཟེར། དོན་དངོས་ཐོག་མི་དམངས་ལ་དགོས་པའི་ཁ་གསལ་གཏིང་གསལ་དེ་རབ་རིབ་དང་མོག་མོག་གི་ངང་ནས་མི་མངོན་པར་གཉིས་ཀས་བཀབས་བཞིན་འདུག དཀར་ནག་དང་བཟང་ངན་གཤན་འབྱེད་པའི་དུས་ཚོད་ཛ་དྲག་འདིར་ཡང་ཁ་མི་བསྒྲགས་པ་ནི་རང་གི་སྤྱི་ཚོགས་དང་རང་གི་འབངས་མིར་འགན་མི་འཁུར་བ་རང་ཡིན།
        ད་ནི་བཞུགས་བློས་མི་བཟོད་པའི་གནས་སྟངས་དེ་འདྲར་ཡང་ལྐུགས་པའི་ངང་ཚུལ་དང་འོན་པའི་རྣམ་མཐར་བསྐྱངས་པ་ནི་བོད་པའི་གཅིག་སྒྲིལ་དང་བོད་མའི་སྤྱི་ཚོགས་འདི་ཞེ་བསམ་པ་ཐག་པས་གཏོར་འདོད་ཀྱི་ངན་སེམས་འཆང་བ་ཞིག་མིན་ན་དུས་ལ་བབ་སོང་བློ་སེང་དང་སྤེན་ཚེ་ལགས།
        གནས་ལུགས་རྣམ་དག་དང་རྒྱུ་མཚན་ཡང་དག་གིས་བོད་འབངས་ལ་དགོས་པའི་འདོད་བློ་ཚིམ་བྱེད་ཀྱི་བདེན་གཏམ་རྣལ་མ་དེ་བཤད་རོགས།

        Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese