མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྕམ་ཚའེ་ཡེན་ཝིན་མཆོག་ཨ་རིའི་ནང་ཕེབས་འཆར་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་མཆོག་གིས་ཨ་རི་བརྒྱུད་མེ་གླིང་གི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་སྐོར་སྐྱོད་གནང་རྒྱུ་ཡིན་པས་རྒྱ་ནག་གཞུང་གིས་ལྕམ་ཚའེ་ཡེན་ཝུན་ཨ་རིའི་ནང་ཡོང་དུ་འཇུག་རྒྱུ་མེད་པའི་སྐུལ་མ་བཏང་འདུག དེ་རིང་ཐའེ་ཝན་གཞུང་གིས་བསྒྲགས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༢༢ རིང་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་མཆོག ཨ་མེ་རི་ཁ་གླིང་ཕྲན་གྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཕེབས་རྒྱུ་ཡིན་པ་དང་། ལམ་བར་ནས་ཨ་རིའི་ནང་ཞག་སྡོད་གནང་རྒྱུ་ཡིན་སྟབས། དེ་རིང་རྒྱ་ནག་གིས་ཨ་རིའི་གཞུང་ལ་ལྕམ་ཚའེ་ཡེན་ཝིན་མཆོག་ཨ་རི་བརྒྱུད་ནས་འགྲོ་རུ་འཇུག་རྒྱུ་མེད་པ་དང་། ཐའེ་ཝན་དང་འབྲེལ་བའི་གནད་དོན་ལ་གཟབ་ནན་དང་འོས་འཚམ་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ། ཨ་རྒྱ་གཉིས་ཀྱི་འབྲེལ་བར་དོ་ཕོག་མི་གཏོང་བའི་འབོད་སྐུལ་བྱས་ཡོད་འདུག

ཐའེ་ཝན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་མེ་གྷལ་ཚོ (Miguel Tsao) ལགས་ཀྱིས། ལྕམ་ཚའེ་ཡེན་ཝིན་མཆོག་ཨ་མེ་རི་ཁ་གླིང་ཕྲན་གྱི་མཚོ་གླིང་རྒྱལ་ཁབ་ (St Vincent and the Grenadines) དང་ (St Lucia)། (St Kitts and Nevis)། ཧེ་ཊེ་ (Haiti) བཅས་ཀྱི་ནང་ཉིན་གྲངས་ ༡༢ ཙམ་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་དང་། ལམ་བར་ནས་ཨ་རིའི་ནང་ཕར་ཚུར་ཞག་པོ་ ༢ རེར་སྡོད་རྒྱུ་ཡིན་པ་དང་། ཨ་རིའི་ནང་གི་སྲིད་འཛིན་མཆོག་གི་ལས་རིམ་ཞིབ་ཚགས་ད་དུང་གཏན་འབེབ་བྱུང་མེད་སྐོར་བརྗོད་འདུག

གནས་ཚུལ་དེ་བསྒྲགས་རྗེས་པེ་ཅིན་ནས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀུན་ཧྲང་ (Geng Shuang) གིས།  རྒྱ་ནག་ཕྱོགས་ནས་ཨ་རིས་ཚའེ་ཡེན་ཝིན་ཨ་རི་བརྒྱུད་འགྲོ་རུ་མི་འཇུག་པ་དང་། ཐའེ་ཝན་དང་འབྲེལ་བའི་གནད་དོན་ལ་གཟབ་ནན་དང་འོས་འཚམ་གྱིས་ལག་བསྟར་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་དོ་ཕོག་མི་གཏོང་བའི་སྐུལ་མ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ཡང་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ (Miguel Tsao) ལགས་ཀྱིས། གླིང་ཕྲན་རྒྱལ་ཁབ་དེ་བཞི་དང་ཐའེ་ཝན་བར་གཅིག་མཚུངས་ཀྱི་ལྟ་གྲུབ་མང་པོ་ཡོད་པ་དང་། ཐེངས་འདིའི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་མཆོག་གི་གཞུང་འབྲེལ་སྐོར་སྐྱོད་དེའི་གླེང་གཞི་གཙོ་བོ་ནི་རང་དབང་དང་དམངས་གཙོ། ཡུན་གནས་ཐུབ་པའི་གཞུང་འཛིན་བཅས་ཡིན་སྐོར་དང་། ཧེ་ཊེ་ (Haiti) རྒྱལ་ཁབ་ནང་ཞི་བདེ་དང་བརྟན་ལྷིང་མེད་པར་བརྟེན་ཆུ་ཚོད་ ༢༤ རིང་གི་སྐོར་སྐྱོད་ལས་མེད་སྐོར་བརྗོད་འདུག

ལྕམ་ཚའེ་ཡེན་ཝིན་མཆོག་ཐའེ་ཝན་གྱི་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡ པོའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་དམངས་གཙོ་ཡར་སྐུལ་ཚོགས་པའི་སྲིད་འཛིན་འོས་མིར་ལངས་ཡོད་པ་དང་། ནམ་རྒྱུན་ཨ་རི་བརྒྱུད་རྒྱལ་ཁབ་གཞན་ལ་ཕྱོགས་སྐྱོད་སྐབས་ཨ་རིའི་ནང་ཞག་པོ་གཅིག་ལས་སྡོད་ཀྱི་མེད་ཀྱང་།  ཐེངས་འདིར་ལམ་སྐབས་ནས་ཞག་པོ་ ༢ རེར་སྡོད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་ཐའེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་ལ་ངོས་འཛིན་དང་ཐའེ་ཝན་ལ་རྒྱལ་ཁབ་གཞན་དང་གཞུང་དང་གཞུང་གི་འབྲེལ་བ་འཛིན་པའི་ཐོབ་ཐང་མེད་སྐོར་བརྗོད་ཀྱི་ཡོད་ནའང་། ད་སྔ་ཐའེ་ཝན་ནི་འཛམ་གླིང་གི་རྒྱལ་ཁབ་ ༡༧ དང་འབྲེལ་བ་ཡོད་པ་དང་། དེ་དག་ཕལ་ཆེ་བ་ཨ་རིའི་ཉེ་འཁོར་གྱི་མཚོ་གླིང་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཚོ་གླིང་རྒྱལ་ཁབ་ཆུང་ཁག་ཡིན་འདུག

བདུན་ཕྲག་སྔོན་མའི་ནང་སོ་ལོ་མོན་ (Solomon) གཞུང་ནས་རྒྱ་ནག་གཞུང་ཕྱོགས་ལ་འབྲེལ་བ་ཤུགས་ཆེན་འཛིན་འདོད་ཡོད་པས། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་རྒྱ་ནག་གི་རོགས་རམ་བྱེད་བཞིན་པའི་ཐོག་ལ་ཞིབ་འཇུག་ཞིག་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། དེ་བཞིན་འདས་ལོའི་ལོ་མཇུག་ཏུ་མེ་གླིང་དཀྱུས་དབུས་རྒྱལ་ཁབ་སལ་ཝཱ་ཌོར (El Salvador)གྱི་སྲིད་འཛིན་གྱིས་ཐའེ་ཝན་ལ་འབྲེལ་བ་བཅད་ནས་རྒྱ་ནག་ལ་འབྲེལ་ལམ་འཛིན་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་སོགས། རྒྱ་ནག་གཞུང་གིས་ཐའེ་ཝན་དང་གཞུང་འབྲེལ་ཡོད་པའི་མཚོ་གླིང་རྒྱལ་ཁབ་ཚོར་ཆེད་དུ་དཔལ་འབྱོར་གྱི་རོགས་རམ་དང་གནོན་ཤུགས་སྤྲད་དེ་ཐའེ་ཝན་ལ་འབྲེལ་ལམ་གཅོད་ཐབས་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་དྷ་རམ་ས་ལར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པ། ༠༡།༡༠།༢༠༢༣ ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་པར།
Mobile App

བོད་ལ་བཙན་འཛུལ་བྱས་པ་དེ་འཛམ་གླིང་མི་མང་ལ་དྲན་གསོ་བྱ་རྒྱུ་གལ་ཆེན་པོ་རེད།

ཆུ་ཚོད་ ༡༩ སྔོན་ལ།
Sikyong Penpa Tsering received a warm welcome at the Sao Paulo Legislative Assembly
Mobile App

སྲིད་སྐྱོང་མཆོག་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བཞིའི་ནང་ཕྱོགས་ཕེབས་གནང་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Mobile App

རྩམ་པ་རང་གིས་བཟས་ནས་ལག་པ་གཞན་ལ་ཕྱིས།

༢༠༢༣/༡༠/༠༢
Mobile App

རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་བཅུགས་ཟིན་པ།

༢༠༢༣/༡༠/༠༢
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

༢༠༢༣/༠༩/༣༠
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

༢༠༢༣/༠༩/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist