མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དབུགས་ལྒང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་ཚུད།

བོད་ཀྱི་དུས་བབ།
༢༠༡༩/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་དབུགས་ལྒང་ཞེས་པའི་གློག་བརྙན་དེ་འདི་ལོའི་རྒྱལ་སྤྱིའི་ཝེ་ནེ་ཛི་ཡ་གློག་བརྙན་དུས་སྟོན་གྱི་རྟིང་རྩོད་འགྲན་སྡུར་ནང་ཚུད་ཡོད་འདུག
རྒྱལ་སྤྱིའི་ཝེ་ནེ་ཛི་ཡ་(Venezia) གློག་བརྙན་དུས་སྟོན་གྱི་གསལ་བསྒྲགས་ལྟར་ན། ཐེངས་ ༧༦ པའི་གློག་བརྙན་དུས་སྟོན་དེ་ཨི་ཊ་ལིའི་ཝེ་ནི་སི་གྲོང་ཁྱེར་གྱི་ལི་ཌོ་ (Venice Lido) གླིང་ཕྲན་དུ། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༨ ནས་ཕྱི་ཟླ་ ༩ ཚེས་ ༧ ཉིན་བར་འཚོག་རྒྱུ་ཡིན་འདུག་ལ།  ཐེངས་འདིའི་དུས་སྟོན་ཐོག་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ཁྱོན་གློག་བརྙན་ ༡༤༡ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། རྟིང་རྩོད་འགྲན་སྡུར་ནང་གློག་བརྙན་རིང་གྲས་ ༡༩ དང་ཐུང་གྲས་ ༡༣ ཡོད་པའི་ཁྲོད། བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་དབུགས་ལྒང་ཞེས་པའི་གློག་བརྙན་དེ་རིང་གྲས་ནང་ཚུད་ཡོད་འདུག

ད་ལན་ནི་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་རྒྱལ་སྤྱིའི་ཝེ་ནེ་ཛི་ཡ་གློག་བརྙན་དུས་སྟོན་ནང་ཚུད་པ་ཐེངས་གསུམ་པ་རེད། ཕྱི་ལོ་ ༢༠༡༥ ལོར་ཁོང་གི་གློག་བརྙན་ཐར་ལོ་ལ་ཝེ་ནེ་ཛི་ཡ་གློག་བརྙན་དུས་སྟོན་གྱི་གནམ་ས་འབྲེལ་མཚམས་ཀྱི་ཚན་པའི་ནང་གློག་བརྙན་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་ཡོད་པ་དང་། དེ་བཞིན་འདས་ལོར་ཁོང་གི་གློག་བརྙན་ལག་དམར་ལ་འཁྲབ་གཞུང་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་ཡོད་པ་རེད།

དུས་ཡུན་སྐར་མ་ ༡༠༢ ཅན་གྱི་དབུགས་ལྒང་ཞེས་པའི་གློག་བརྙན་དེའི་བརྗོད་བྱ་ནི། རྣམ་ཤེས་དང་དངོས་ཡོད་བར་གྱི་ཛ་དྲག་ཆེ་བའི་འབྲེལ་བ་ཞིག་ཡིན་འདུག་པ་དང་། མི་སྣ་གཙོ་བོ་དར་རྒྱས་ཀྱི་ཁྱིམ་མི་གང་བོར་སྤྱིར་བཏང་གི་སྦྲུམ་འགོག་སྲུང་ཤུབས་ཤིག་གི་དབང་གིས་ཅི་བྱ་གཏོལ་བྲལ་དང་། དངོས་ཡོད་ཀྱིས་རྣམ་ཤེས་ལ་འགྲན་སློང་དུས། གདམ་ཀ་བྱེད་དཀའ་བའི་དོན་དག་རབ་དང་རིམ་པར་འཕྲད་པར་བརྟེན། སྤྱིར་ན་ལྷིང་འཇགས་སུ་གནས་པའི་ཁོ་ཚོའི་འཚོ་བ་རྦད་དེ་དཀྲོགས་པ་ཞིག་ཡིན་འདུག་ལ། དབུགས་སྒང་གི་འཁྲབ་སྟོན་པ་གཙོ་བོ་ནི་བསོད་ནམས་དབང་མོ་དང་སྦྱིན་པ། གླུ་མ་གཡང་ཕྱུག་མཚོ་བཅས་ཡིན་འདུག་ལ། ཞི་བདེ་ཉི་མ་ལགས་ཀྱིས་ཀྱང་འཁྲབ་སྟོན་གནང་ཡོད་འདུག

དབུགས་ལྒང་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས། གློག་བརྙན་གྱི་སྤྱིའི་རྣམ་པའི་ཆ་ནས་ཕྱི་དངོས་ཡོད་རིང་ལུགས་ཀྱི་སྟེང་དུ་ལོག་ཡོད་མོད། འོན་ཀྱང་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་འཚོལ། ཁྱི་རྒན་སོགས་ཡར་སྔོན་གྱི་བརྩམས་ཆོས་དག་དང་མི་འདྲ་བར།  ཐེངས་འདིའི་དབུགས་ལྒང་ཞེས་པས་དངོས་བྲིས་ཀྱི་རྣམ་པ་འཚོལ་སྙེག་བྱེད་པའི་རྨང་གཞིའི་སྟེང་། ད་དུང་རྨི་ལམ་དང་རྟོག་བཟོའི་གྲུབ་ཆའང་མང་པོ་ཞིག་ཁ་སྣོན་བྱས་ཡོད། ཅེས་དང་། རྒྱལ་སྤྱིའི་གར་སྟེགས་དེ་འདྲ་ཞིག་གི་ཐོག་མི་མང་པོར་རང་ཉིད་ཀྱི་གློག་བརྙན་བརྩམས་ཆོས་གསར་པར་བལྟ་རུ་འཇུག་རྒྱུ་ནི་དོན་དག་བཟང་པོ་ཞིག་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༥ ལོའི་སྐབས་བཅུ་པའི་ཧོང་ཀོང་ཡ་གླིང་གློག་བརྙན་དངུལ་གཏོང་ཚོགས་འདུའི་ཐོག འཛམ་གླིང་རྒྱལ་ཁབ་ ༤༥ དང་ས་ཁུལ་མི་འདྲ་བ་ ༢༠༠ ལྷག་གི་གློག་བརྙན་འཆར་འགོད་ཐད་དཔྱད་བསྡུར་གནང་སྟེ། རྒྱལ་ཁབ་ ༡༥ ལྷག་གི་གློག་བརྙན་ ༣༢ འདེམས་ཐོན་བྱུང་བའི་ཁྲོད། དབུགས་ལྒང་ཞེས་པའི་གློག་བརྙན་དེར་རྒྱལ་ཁབ་ཕྱིའི་ཁྱབ་ཁོངས་ཀྱི་བྱ་དགའ་ཐོབ་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

རྩམ་པ་རང་གིས་བཟས་ནས་ལག་པ་གཞན་ལ་ཕྱིས།

༢༠༢༣/༡༠/༠༢
Mobile App

རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་བཅུགས་ཟིན་པ།

༢༠༢༣/༡༠/༠༢
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

༢༠༢༣/༠༩/༣༠
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

༢༠༢༣/༠༩/༣༠
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

༢༠༢༣/༠༩/༢༩
Mobile App

སྲིད་སྐྱོང་མཆོག་ནས་བོད་ཀྱི་བདེན་མཐའ་གསལ་ན་བོད་ཀྱིས་རྒྱ་དཀར་ནག་བར་གྱི་ཟམ་པ་ལྟ་བུ་བྱེད་ཐུབ་སྐོར་གསུངས།

༢༠༢༣/༠༩/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist