མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་།

བོད་ཀྱི་དུས་བབ།
༢༠༡༩/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་གནང་གྲུབ་རྗེས་མ་ན་ལི་ཧི་མ་ལ་ཡའི་སྔ་འགྱུར་རྙིང་དགོན་པདྨ་འོད་གླིང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་གནས་གཟིགས་མཛད་ཡོད་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག མ་ན་ལིའི་རྒྱ་གར་གཞུང་གི་སྨན་ཁང་ཉེ་འཁྲིས་ཀྱི་མདུན་ཐང་དུ། འོན་མངའ་རིས་གྲྭ་ཚང་གི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་གཙོ་བོ་དོན་གཉེར་དང་དད་པ་གཡོ་བ་མེད་པ་ཞིག་ཡོང་ན་ས་ཕྱོགས་ཉེ་རིང་གི་ཁྱད་པར་ཁྱོན་ནས་མེད་སྐོར་གསུངས་སོང་།

མཛད་རིམ་རྣམས་ཐད་གཏོང་ཞུ་ཡི་ཡོད་པས་བཀའ་དབང་གི་ཐོག་མར་༧གོང་ས་མཆོག་གིས། དེ་རིང་གི་དབང་དེ་ཡུལ་གྲུ་གཞན་དུ་ཡོད་པའི་དོན་གཉེར་ཅན་ཚོར་དབང་ཐོབ་ཀྱི་ཡོད་མེད་དྲིས་བྱུང་པར་ཐོབ་ཀྱི་རེད་ཅེས་བརྗོད་པ་ཡིན། གང་ཡིན་ཟེར་ན། སྔགས་འཆང་སོ་ཐར་ཟེར་པའི་སོ་ཐར་ཀྱི་ཕྱག་ལེན་དེ་ཏོག་ཙམ་དམ་པ་ལྟ་བུ་ཡོད་པ་རེད་དེ། བཅོན་ལྡན་འདས་ཀྱི་མངོན་རྫོགས་ཀྱི་ཆོ་གའི་ནང་ཁྲིད་ཀྱི་སྒོ་ནས་མངོན་པར་རྫོགས་ཟེར་པ་དེར་མངོན་རྫོགས་སྒྲུབ་མཁན་གྱི་མཁན་སློབ་ཚོ་ས་ཆ་གཅིག་ལ་བཞུགས་པ་དང་། ས་ཆ་དེར་དངོས་སུ་ཡོང་མ་ཐུབ་མཁན་གྱི་དོན་གཉེར་ཅན་ཚོ་ཕྱོགས་གཞན་ཞིག་ཏུ་བསྡད་དེ་ཁྲིད་ཀྱི་སྒོ་ནས་མི་གཅིག་གིས་ལན་ཕར་བསྐྱལ་ནས་མངོན་པར་རྫོགས་ཡ་ཡོད་པ་རེད། དེ་བས་ཕྱོགས་གཅིག་ནས་གསང་སྔགས་ཀྱི་ཆོས་འཁོར་དང་། དེའི་ནང་ནས་སྔགས་བླ་མའི་ཆོས་འཁོར་ཆགས་ཡོད་དུས་དྲ་ཐོག་ཏུ་ཉན་ཡོད་མཁན་ཚོར་ས་ཆ་ཐག་ཉེ་རིང་གི་ཁྱད་པར་ཡོད་པ་མ་རེད། གཙོ་པོ་དོན་གཉེར་དང་དད་པ་གཡོ་བ་མེད་པ་ཞིག་ཡོད་ན་ས་ཕྱོགས་ཉེ་རིང་གི་ཁྱད་པར་ཁྱོན་ནས་ཡོད་པ་མ་རེད། དེར་བརྟེན་ཁྱེད་རང་ཚོ་ས་ཆ་གང་དུ་ཡོད་ནའང་། རྒྱ་གར་གྱི་གནས་ཀུ་ལུ་མ་ན་ལིར་ཏཱ་ལའི་བླ་མས་དབང་བྱེད་ཀྱི་ཡོད་པ་རེད་བསམ་དེ། ངོས་ཀྱི་པར་ལ་ཁྱེད་རང་ཚོ་ཚང་མར་རྒྱུས་ཡོད་པ་རེད་ཨཱ། ངོས་ཀྱི་རྣམ་པ་བློ་ལ་ཤར་བ་བྱས་ཏེ་དབང་ཞུ་པའི་ངོ་སྤྲོད་སྐབས་སུ་དམིགས་པ་དེ་ཡག་པོ་བྱོས། ངོས་ཀྱིས་སྒྲིབ་བཤགས་བྱེད་རིང་འདིར་མ་ཎི་བགྲང་གི་ཡོད་པས་ཁྱེད་རང་ཚོ་ཕྱོགས་དང་མཚམས་སུ་ཡོད་མཁན་ཚོས་ཀྱང་མ་ཎི་བགྲང་ནས་སྡོད་ཨཱ། ཞེས་གསུངས་སོང་།ཡང་༧གོང་ས་མཆོག་གིས།  དེ་སྔ་བོད་ལ་གང་ཟག་དགོས་བཙན་གྱི་དབང་དུ་བྱས་པའི་རྒྱུད་སྡེའི་ཆོ་ག་ལ་དང་འདོད་ཞེ་པོ་གནང་ནས་དཀྱིལ་འཁོར་སྒྲུབ་མཆོད་ཚོགས་པ་སོགས་ཡོང་གི་ཡོད་པ་རེད། བསྟན་པ་སྤྱི་མཚན་གྱི་ཟབ་ལ་རྒྱ་ཆེ་བ་དེ་ལ་སློབ་སྦྱོང་བྱེད་པ་དེ་མ་འདང་པ་ལྟ་བུ་ཞིག་མཐོང་གི་ཡོད། རྒྱ་གར་ལ་བསླེབས་པའི་མགོ་སྟོད་ནས་རྒྱུད་གྲྭ་གཉིས་ཀྱི་མཚོན་པའི་སྔགས་ཀྱི་ཆོ་ག་རྐྱང་ལ་ལྟ་མཁན་ཚོར་གཞུང་ཆེན་ལ་ལྟ་དགོས་པའི་འབོད་སྐུལ་བྱས་པ་ཡིན། བསྟན་པ་སྤྱི་མཚན་གྱི་བསྟན་པ་སྤྱིའི་འགྲོ་སྟངས་དེ་ཚོ་ཡག་པོ་ཞིག་མ་ཤེས་ན་གང་ཟག་དགོས་བཙན་ལ་གསུངས་ཡོད་པ་དེའི་ཟབ་གནད་ཆ་ཚང་ཤེས་ཐུབ་ཀྱི་མ་རེད། དེ་རིང་ཆོས་འཁོར་དེ་གང་ཟག་དགོས་བཙན་ཟེར་བའི་སྔགས་ཀྱི་སྐོར་དེ་རེད། ཅེས་སོགས་གསུངས་སོང་།

དེ་རིང་ཉིན་གུང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མ་ན་ལི་ཧི་མ་ལ་ཡའི་སྔ་འགྱུར་རྙིང་དགོན་པདྨ་འོད་གླིང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་གནས་གཟིགས་མཛད་པ་དང་། ཉིན་གུང་གི་ལྗགས་སྨིན་མཛད་ཡོད་འདུགམཛད་འཆར་ལྟར་ན། སང་ཉིན་སྔ་དྲོར་མུ་མཐུད་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

The U.S. Agency for Global Media website is displayed on a phone with Voice of America branding in the background. Photo: Jonathan Raa/NurPhoto via Getty Images
Mobile App

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་སྤྲོད་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༢ སྔོན་ལ།
On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠

མཆན། 1

  1. དྲི་འཇམ། says:
    ལོ་ 6 སྔོན།

    ༡༽ བསྟན་པ་སྤྱི་བཙན་དང་གང་ཟག་སྒེར་བཙན་ཞེས་པ་ལས། སྤྱི་མཚན་དང་སྒེར་མཚན་རེད་མི་འདུག ༢) སྔགས་བྱང་སེམས་སོ་ཐར་ཞེས་སོ་ཐར་དེ་ཞེས་པ་ལས། སྔགས་འཆང་སོ་ཐར་ཞེས་པ་ནོར། ༣) འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་ཞེས་པ་ལས། ཁྲིད་ཀྱི་མངོན་རྫོགས་སོགས་ནོར། དེ་འདྲ་ཁ་ཤས་ཤིག་འདུག་པས་ནོར་བཅོས་ཡོང་བ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese