མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་ལས་འགུལ་བས་ཨ་རིའི་མི་མང་ལ་བློ་སྤོབས་སྦྱིན་བྱུང་།

བོད་ཀྱི་དུས་བབ།
༢༠༡༩/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་གཞོན་པས་རྒྱ་ནག་སྐོར་ལ་གཏམ་བཤད་དང་འབྲེལ་ཐའེ་ཝན་གྱི་དམངས་གཙོ་ནི་རྒྱ་ནག་གི་ལམ་ཁ་ཡག་པོ་ཞིག་ཡིན་པའི་ལམ་སྟོན་བྱས་འདུག

ཁ་སང་ཕྱི་ཚེས་ ༢༤ ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རིའི་སྲིད་འཛིན་གཞོན་པ་མེག་པེན་སི་ (Mike Pence) མཆོག་གིས་རྒྱ་ནག་སྐོར་ལ་གཏམ་བཤད་དང་འབྲེལ། ཧོང་ཀོང་དང་ཐའེ་ཝན། ལྷོ་རྒྱ་ནག་རྒྱ་མཚོ་དང་ས་གནས་ཀྱི་བདེ་སྲུང་། འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་སོགས་ཀྱི་སྐོར་ནས་གླེང་སློང་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཐེ་བྱུས་སྔར་ལས་ཆེ་རུ་གཏོང་གི་ཡོད་པ་མ་ཟད། རྒྱལ་སྤྱིའི་སྲོལ་ཡིག་ལ་གསལ་པའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་སྐྱོན་བརྗོད་ཤུགས་ཆེར་བྱས་འདུག་

སྲིད་འཛིན་གཞོན་པ་མེག་པེན་སི་མཆོག་ནས། ཧོང་ཀོང་མི་མང་གིས་རང་ཉིད་ཀྱི་ཐོབ་ཐང་སྲུང་སྐྱོབ་ཆེད་ཞི་བའི་ཁྲོམ་སྐོར་བྱེད་བཞིན་པར་ཨ་རིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཧོང་ཀོང་ལས་འགུལ་བས་ཨ་རི་མི་མང་ལ་བློ་སྤོབས་སྦྱིན་པས་མུ་མཐུད་འཚེ་མེད་ཞི་བའི་ཐོག་སྐྱོད་དགོས་སྐོར་དང་འབྲེལ། འདས་པའི་ལོ་ཤས་ནས་པེ་ཅིན་ཕྱོགས་ནས་ཧོང་ཀོང་ནང་ཐེ་བྱུས་སྔར་ལྷག་བྱེད་བཞིན་པ་དང་། རྒྱལ་སྤྱིའི་སྲོལ་ཡིག་ལ་གསལ་པའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་འདུག་པ་མ་ཟད། ཐའེ་ཝན་གྱི་དམངས་གཙོ་ནི་རྒྱ་ནག་གི་ལམ་ཁ་ཡག་པོ་ཞིག་ཡིན་པའི་ལམ་སྟོན་དང་རྒྱ་ནག་གཞུང་གིས་ལྟ་ཞིབ་འཕྲུལ་རིགས་མང་པོ་བཙུགས་ཏེ་ཡུ་གུར་གཙོས་མི་མང་ལ་ལྟ་རྟོག་ནན་མོ་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག

ཡང་ཉེ་སྔོན་ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ (NBA) ཁོངས་སུ་ཡོད་པའི་ཧོ་སི་ཊོན་རོ་ཀེ་ཊི་ (Houston Rockets) རུ་ཁག་གི་སྤྱི་ཁྱབ་དོ་དམ་པ་ཌ་རིལ་མོ་རེ་ (Daryl Morey) ཡིས་རང་གི་ཊི་ཝི་ཊར་དྲ་ལམ་ཐོག ཧོང་ཀོང་གི་ཞི་བའི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་གྱི་གནས་ཚུལ་ཞིག་བཀོད་པར་རྒྱ་ནག་གཞུང་དང་རྒྱ་རིགས་སིལ་སྤོལ་ལ་དགའ་མོས་བྱེད་མཁན་གྱིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད། སིལ་སྤོལ་ལྷན་ཚོགས་ངོས་ནས་རྒྱ་རིགས་མི་མང་རྣམས་ལ་དགོངས་སེལ་ཞུས་པའི་སྐོར་ལ་ཁོང་གིས། རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱི་སྤོལ་རྩེད་བ་དང་སྦྱིན་བདག་ཁ་ཤས་ཀྱིས་རྒྱུན་དུ་རང་དབང་ཐོབ་ཐང་སྤྱད་དེ་རྒྱལ་ཁབ་ལ་སྐྱོན་བརྗོད་སོགས་བྱེད་ཀྱི་ཡོད་ནའང་། མི་གཞན་གྱི་ཐོབ་ཐང་དང་རང་དབང་གི་གནད་དོན་ལ་ཐུག་སྐབས་ཁ་ཁུ་སིམ་པོར་སྡོད་ཀྱི་ཡོད་པ་རེད། རང་དབང་གི་སྨྲ་བརྗོད་འགོག་གི་ཡོད་ནའང་རྒྱ་ནག་དམར་ཤོག་གཞུང་གི་ཕྱོགས་སུ་ལངས་བཞིན་ཡོད་པ་ནི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱིས་རང་ཉིད་ཀྱི་དབང་ཆ་ཡོད་ཚད་གཅིག་སྡུད་རིང་ལུགས་ཀྱི་རྒྱལ་ཁབ་ལ་ཡོད་པ་ལྟར་བྱེད་ཀྱི་འདུག་ཅེས་གསུངས་ཡོད་པ་མ་ཟད།  གནད་དོན་དེ་བྱུང་སྐབས་རྒྱ་ནག་ནང་གི་ཨ་རིའི་ནའེ་ཁེ་ (Nike) བཟོ་ཚོང་ཁང་གི་མཛོད་ཁང་ནས་ཧོ་སི་ཊོན་རོ་ཀེ་ཊི་ (Houston Rockets) རུ་ཁག་གི་ཚོང་ཟོང་ཆ་ཚང་བཀག་བསྡོམས་བྱས་པར་ཡང་སྐྱོན་བརྗོད་གནང་འདུག

ཨ་རིའི་སྲིད་འཛིན་གཞོན་པས་གཏམ་བཤད་དེ་སྤེལ་བ་དང་འབྲེལ། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཟེར་བའི་སྟེང་། མེག་པེན་སི་ཡིས་ཧོང་ཀོང་དང་ཐའེ་ཝན། རྒྱ་ནག་ལྷོ་རྒྱ་མཚོ་དང་ས་གནས་ཀྱི་བདེ་སྲུང་། འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱི་གནད་དོན་སོགས་དང་འབྲེལ་ནས་རྒྱ་ནག་ལ་སྐྱོན་འཛུགས་དང་རྒོལ་འཛིངས་དྲག་པོ་བྱས་ཡོད་པ་དེ་ནི་གསར་པ་ཞིག་མིན་པར། རྒྱ་ནག་ལ་སྐྱོན་བརྗོད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དྲང་བདེན་དང་བཏང་སྙོམས་མིན་པར་སྙད་དེ། ཁེ་བཟང་ཟ་བཞིན་པ་དང་གཅིག་མཚུངས་ཡིན་པ་མ་ཟད། ཧོང་ཀོང་ཁྲོམ་སྐོར་བའི་ལས་འགུལ་ལ་དྲག་སྤྱོད་ཆེ་རུ་འགྲོ་བཞིན་ཡོད་ནའང་ཨ་རིས་ཧོང་ཀོང་ཁྲོམ་སྐོར་བ་ཚོར་རྒྱབ་སྐྱོར་ཡོད་སྐོར་བརྗོད་ཡོད་པ་རེད། ཅེས་སྐྱོན་བརྗོད་བྱས་འདུག

ཨ་རིའི་སྲིད་འཛིན་གཞོན་པའི་གཏམ་བཤད་དང་འབྲེལ། གནས་ཚུལ་དབྱེ་ཞིབ་པ་ཚོས་ཨ་རྒྱའི་ཚོང་དོན་འབྲེལ་མོལ་གྱི་དཀྱིལ་ལ་སྲིད་འཛིན་གཞོན་པས་རྒྱ་ནག་དང་འབྲེལ་བའི་གནད་དོན་ཐོག་གཏམ་བཤད་སྤེལ་བ་དེ་ནི། ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་སྲིད་འཛིན་ཊོམ་ཕུ་མཆོག་ནས་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད་པའི་བརྡ་ལན་སྤྲོད་ཐབས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག་ལ། རྒྱལ་གནད་དོན་དབྱེ་ཞིབ་པ་སི་ཁོ་ཊི་(Scott Kennedy) ཡིས་གཏམ་བཤད་དེ་ནི་དེ་ཙམ་གཅིག་གྱུར་མིན་པའི་བདེ་སྲུང་དང་ཆབ་སྲིད། དཔལ་འབྱོར་སོགས་ཀྱི་སྲིད་བྱུས་ཚགས་ཚུད་དུ་གཏོང་ཐབས་ཆེད་སྤེལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༩ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

མཆན། 0

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    མེག་པན་སི་ mike pance ཧཧཧ

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    འཛམ་གླིང་འདིར་ཞི་བད་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་དགོས་ན་འཛམ་གླིང་གི་འགོ་འཁྲིད་ཚོའི་ཕྱོགས་གཏོགས་འགན་འཁུར་གྱི་སྲིད་ཇུས་ལ་སྐྱབས་བཅོལ་ནས་སྐྱོན་བརྗོད་དང་ཁ་དམག་ཆབ་སྲིད་ཕར་བཞག་ནས་ཞི་བདེ་དང་འཆམ་མཐུན་གྱི་ཆབ་སྲིད་ལ་འགན་འཁུར་ནས་མ་འགྲིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིག་པ་འགྲིག་པ་བཟོ་དགོས་པ་་དང་མ་འཆམ་པ་འཆམ་པ་བཟོ་དགོས་པ་དང་མ་མཐུན་པ་མཐུན་པ་བཟོ་དགོས་པ་ལས་མེ་འབར་བའི་སྟེང་ས་སྣུམ་ནམ་ཡང་གཏོར་མི་ཉན་ནོ།

    Reply
  3. རྟ་བདུན་དབང་བོ says:
    ལོ་ 7 སྔོན།

    ཨ་རིའི་སྲིད་འཛིན་གཞོན་པ། mike Pance མེག་པེན་སི་ཞེ་འབོད་ན་སྒྲ་གདངས་ཧ་ཅང་གི་མི་མཚུངས་པས། བོད་ཡིག་གིས་ལམ་ནས་ཕྱི་རྒྱལ་གྱི་མིང་སོགས་སྒྲ་གདངས་ཇི་མ་ཇི་བཞིན་ཐོན་དཀའ་ནའང་། ཕལ་མོ་ཆེས་ཤིག་བརྒྱ་ཆ་བརྒྱད་བཅུ་ནས་དགུ་་བཅུ་ལྷག་ཐོན་ཐུབ་པར་ངེས། དཔེར་ན། Mike Pance ལ། མད་ཀི་ཕན་སུ་ཞེས་འབོད་ན་སྒྲ་གདངས་ཧ་ཅང་མཚུངས་སོ། །

    Reply
  4. གནམ་ལྕགས་ཐོག་མདའ། says:
    ལོ་ 7 སྔོན།

    འཛམ་གླིང་རྒྱལ་པོ་དགྲ་གནོན་ཁྲོ་འབར་གྱི། །
    སྐུ་ཡི་སྐུ་ཚབ་གསུང་གི་གསུང་ཚབ་སྟེ། །
    མེ་འཁུར་འཕེན་སེང་ཁྲོས་པའི་ངར་སྐད་ཀྱིས། །
    གུང་ཁྲན་སྒྱིད་པ་སྙིང་དང་ལྷན་ད་འདར། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese