མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བར་དོའི་དབྱངས་རྒྱལ་སྤྱིའི་རོལ་དབྱངས་གཟེངས་རྟགས་ཀྱི་འོས་ཁོངས་སུ་ཚུད།

བོད་ཀྱི་དུས་བབ།
༢༠༢༠/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་བརྩམས་ཆོས་གསར་པ་བར་དོའི་དབྱངས་ (Songs From the Bardo) ཞེས་པ་དེ་རྒྱལ་སྤྱིའི་གྷི་ར་མི་གཟེངས་རྟགས་ཀྱི་འོས་ཁོངས་སུ་ཚུད།ཁ་སང་ཕྱི་ཚེས་ ༢༤ ཉིན་རྒྱལ་སྤྱིའི་གྷི་ར་མི་གཟེངས་རྟགས་ (Grammy Awards) ཀྱི་དྲ་རྒྱའི་ཐོག་ཕྱི་ལོ་ ༢༠༢༡ ལོའི་སྒྱུ་རྩལ་བའི་འོས་གཞི་རྣམས་ཁྱབ་བསྒྲགས་བྱས་ཡོད་པའི་ནང་། བོད་རིགས་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་བརྩམས་ཆོས་གསར་པ་བར་དོའི་དབྱངས་ (Songs From the Bardo) ཞེས་པ་གཟེངས་རྟགས་དེའི་ལོ་རབས་གསར་པའི་ཆེད་སྒྲིག་ཡག་ཤོས་གྲས་ཀྱི་འོས་གཞིའི་ནང་ཚུད་ཡོད་འདུག་ལ། ཁོང་གིས་འཁྲབ་སྟོན་སྐབས་ག་དུས་ཡིན་ནའང་སེམས་སུ་རང་ལུས་མེར་སྲེག་གནང་མཁན་རྣམ་ཤར་ཐུབ་པ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ལ་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་གཟེངས་རྟགས་དེའི་འོས་གཞིའི་ཁོངས་སུ་ཚུད་པར་ཚོར་སྣང་ཅི་བྱུང་སྐད་ཆ་འདྲི་སྐབས་ཁོང་གིས། དེ་རིང་ཞོགས་པར་ཨ་རི་ནས་བར་དོའི་དབྱངས་གཟེངས་རྟགས་དེའི་འོས་གཞིའི་ཁོངས་སུ་ཚུད་ཡོད་པའི་བརྡ་ལན་འབྱོར་བྱུང་བས། ཧ་ཅང་དགའ་པོ་བྱུང་། ང་རང་ཆུང་དུས་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། དེ་ནས་ནང་མི་ཡོངས་བཙན་བྱོལ་ལ་ཡོང་། ཕ་དམ་པ་བལ་ཡུལ་དུ་གྲོངས་བ་དང་། ཨ་མ་དམ་པ་རྒྱ་གར་ནང་གྲོངས་རྗེས་ང་བོད་ཁྱིམ་སློབ་གྲྭར་བསྐྱལ་བ་རེད། ང་རང་དབྱངས་ལ་དགའ་མོས་ཡོད་ནའང་། འཛམ་གླིང་སྡིངས་ཆ་ཆེན་པོ་གྷི་ར་མི་གཟེངས་རྟགས་ཀྱི་འོས་ཁོངས་སུ་སླེབས་པ་ཞིག་བསམ་ཡུལ་ལའང་མེད། དེ་བས་སོ་སོའི་མི་རབས་རྒན་པ་རྣམས་རང་ཉིད་ཀྱི་མདུན་དུ་འཁྲིད་ཡོང་བའི་ཚོར་བ་ཞིག་དང་། རང་ཉིད་ཀྱི་ཕ་མ་དམ་པ་གཉིས་ད་ལྟ་འཚོ་བཞུགས་ཡོད་ཚེ་གང་འདྲ་ཞིག་བསམ་གྱི་ཡོད་ན་བསམ་པ་ཞིག་བྱུང་། ཅེས་དང་། ཡང་ཁོང་གིས། ཨོ་གླིང་དུ་ཐེངས་ཤིག་གླུ་དབྱངས་ཀྱི་དགོང་ཚོགས་ཤིག་གི་སྐབས་གཞས་གཏོང་རྒྱུ་བྱུང་བ་དང་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕེབས་ཡོད་རེད། གཞས་བཏང་རྗེས་སྡིངས་ཆའི་རྒྱབ་དུ་༧གོང་ས་མཆོག་ལ་མཇལ་རྒྱུའི་གོ་སྐབས་བྱུང་། སྐབས་དེར་༧གོང་ས་མཆོག་གིས། ངའི་འགྲམ་པར་བྱིལ་བྱིལ་གནང་ཞོར་ཁྱེད་རང་སྐད་ཡག་པོ་འདུག  བོད་མིའི་ཚབ་བྱེད་ཀྱི་ཡོད་པ་རེད། ཡག་པོ་བྱོས་ཨང་གསུངས་བྱུང་། དེ་ག་དུས་ཡིན་ནའང་སེམས་སུ་དྲན་སྡོད་པ་ཞིག་འདུག་ལ། དེ་ཡིས་ང་ལ་སེམས་ཤུགས་སྤར་གྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

བར་དོའི་དབྱངས་བཟོ་སྐྲུན་བྱེད་པའི་བརྒྱུད་རིམ་སྐོར་ལ་ཁོང་གིས།  ང་རང་གི་ཕ་མ་གཉིས་འདས་གྲོངས་སུ་འགྲོ་སྐབས་ཁོང་གཉིས་ལ་ཕྱག་དང་མཆོད་འབུལ་བྱེད་རྒྱུའི་གོ་སྐབས་གཅིག་ཀྱང་རག་མ་སོང་། དེ་འདྲ་མ་རག་པའི་དུས་སྐབས་སུ་རང་ཉིད་ཀྱི་དགེ་རྒན་ཞིག་གིས་འདས་གྲོངས་སུ་སོང་པ་སུ་ཡིན་ཡང་དམིགས་པ་བྱས་ནས་སོ་སོའི་མདུན་ལ་བཞག་སྟེ་བར་དོའི་དཔེ་ཆ་ཀློག་གནང་པ་ཡིན་ན་འདས་པོ་དང་གཞན་ལ་ཕན་ཡོན་རྒྱ་ཆེན་ཡོད་པ་གསུངས་མྱོང་། ད་ལྟ་ནས་རྩིས་པའི་ལོ་བཅོ་ལྔ་ཉི་ཤུའི་གོང་ནས་བར་དོའི་དཔེ་ཆ་ཀློག་མགོ་བརྩམས་པ་ཡིན། ཤོག་གྲངས་གཅིག་བཀླགས། གཉིས་བཀླགས། སེམས་པ་དཔེ་ཆའི་ཐོག་གནས་ཀྱི་མི་འདུག དེ་བས་ཐབས་ཤེས་གཞན་ག་རེ་ཡོད་མེད་ལ་བསམ་བློ་གཏོང་སྐབས། རང་ཉིད་དབྱངས་ལ་དགའ་པོ་ཡོད་པར་བརྟེན། བར་དོའི་ཚིག་བཅད་དེ་དག་དབྱངས་ཀྱི་ནང་དུ་འཐེན་གྱིན་འཐེན་གྱིན་བྱས་ན་རྒྱུན་རིང་པོར་ཀློག་ཐུབ་ཀྱི་རེད་བསམ་ནས་ཚོད་ལྟ་བྱས་པ་ཡིན། ད་ལྟའི་བར་དོའི་དབྱངས་དེ་བརྒྱུད་རིམ་དེ་འདྲ་ཞིག་གི་འོག་བྱུང་བ་ཞིག་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཆུང་དུས་ནས་རོལ་མོ་ལ་དགའ་མོས་ཡོད་པ་ལས་ད་ལྟ་བར་དུ་རོལ་མོའི་སློབ་གཉེར་ཆེད་སློབ་གྲྭ་སོགས་ཞུགས་མྱོང་མི་འདུག་པ་དང་། ཁོང་གི་ཨ་མ་དམ་པ་འབྲོག་གླུ་དང་དབྱངས་ལ་དགའ་མོས་ཡོད་སྟབས། དུས་རྒྱུན་ཨ་མ་དམ་པས་གླུ་དབྱངས་བླངས་པ་ཡི་བག་ཆགས་སོགས་ལ་བརྟེན། ཁོང་ཆུང་དུས་ནས་གླུ་དབྱངས་ལ་དགའ་མོས་ཆེན་པོ་ཡོད་པ་དང་། སློབ་གྲྭའི་གླུ་གཞས་འགྲན་བསྡུར་སོགས་ཀྱི་ནང་ཞུགས་རྒྱུར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག

ཡང་ཁོང་གིས། ང་རང་ལོ་ངོ་ ༣༠ ཙམ་གྱི་རིང་དབྱངས་ཀྱི་ཐོག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཞས་གཏོང་དུ་ཕྱིན་རེད། སྐབས་དེར་རང་ཉིད་བོད་མི་ཡིན་པའི་ཚོར་སྣང་དང་བོད་ནང་གི་གནས་སྟངས་དེ་ལྟད་མོ་བར་བཤད་པའི་གོ་སྐབས་ཡག་པོ་རག་གི་འདུག དམིགས་བསལ་གྱི་བར་དོའི་འཁྲབ་སྟོན་བྱེད་སྐབས། ག་དུས་ཡིན་ནའང་སེམས་སུ་རང་ལུས་མེར་སྲེག་གནང་མཁན་རྣམ་ཤར་ཐུབ་པ་བྱེད་ཀྱི་ཡོད། ངའི་གྲོགས་པོ་གཉིས་ཀྱིས་རི་མོའི་སྒྱུ་རྩལ་གྱི་ཐོག་ནས་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་མཚན་ཆ་ཚང་དེར་བཀོད་པ་ཞིག་ཡོད་པ་དེར་བསམ་བློ་བཏང་སྟེ་སྨོན་ལམ་རྒྱག་གི་ཡོད། དེ་ཁོང་ཚོར་ཕན་ཡོང་ངམ་སྙམ་པའི་སེམས་པ་ཙམ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།རྒྱལ་སྤྱིའི་གྷི་ར་མི་གཟེངས་རྟགས་ (Grammy Awards) ནི་འཛམ་གླིང་གི་རོལ་མོའི་གཟེངས་རྟགས་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ལོ་ལྟར་རོལ་མོའི་ཐད་བྱས་རྗེས་འཇོག་མཁན་སྒྱུ་རྩལ་བ་རྣམས་ལ་ངོས་འཛིན་དང་གུས་བརྩི་མཚོན་ཕྱིར་གཟེངས་རྟགས་དེ་སྤྲོད་ཀྱི་ཡོད་འདུག གཟེངས་རྟགས་དེ་སྡེ་ཚན་ ༨༤ ལ་ཆ་བགོས་བྱས་ཡོད་པ་དང་། རོལ་མོའི་སྡེ་ཚན་གང་རུང་གི་འོས་གཞིའི་ཁོངས་སུ་འདེམས་ཚར་རྗེས། རོལ་མོའི་ཆེད་ལས་མི་སྣས་གསང་བའི་ངང་འོས་འདེམས་བྱས་ཏེ། འོས་མང་ཤོས་ཐོབ་མཁན་ལ་གྷི་ར་མི་གཟེངས་རྟགས་ (Grammy Awards) སྤྲོད་པ་དང་། འོས་གཞིའི་ཁོངས་སུ་ཚུད་པ་རྣམས་ལ་འོས་གཞིའི་ཁོངས་སུ་ཚུད་པའི་རྟགས་མ་སྤྲོད་ཀྱི་ཡོད་འདུག

བརྩམས་ཆོས་བར་དོའི་དབྱངས་ནི་བསྟན་འཛིན་ཆོས་རྒྱལ་ལགས་དང་ (Laurie Anderson) ། དེ་བཞིན་ (Jesse Paris Smith) བཅས་ཀྱིས། འདི་ལོའི་ཆེད་སྒྲིག་བརྩམས་ཆོས་གསར་པ་ཞིག་ཡིན་འདུག་པ་དང་། དེར་ལེའུ་ ༡༤ ཙམ་ཡོད་འདུག དེ་ནི་གཟེངས་རྟགས་དེའི་ལོ་རབས་གསར་པའི་ཆེད་སྒྲིག་ཡག་ཤོས་ (Best New Age Album) ཀྱི་སྡེ་ཚན་ནང་ཚུད་ཡོད་པ་དང་། སྡེ་ཚན་དེའི་ནང་ཆེད་སྒྲིག་གཞན་སྒྱུ་རྩལ་བ་ (Priya Darshini) ཡི་བརྩམས་ཆོས་ཆེད་སྒྲིག་ (PERIPHERY) དང་། (Superposition) ཡི་བརྩམས་ཆོས་ཆེད་སྒྲིག་ (FORM//LESS) དང་། (Jim “Kimo” West) ཡི་བརྩམས་ཆོས་ཆེད་སྒྲིག་ (MORE GUITAR STORIES) དང་། (Cory Wong & Jon Batiste) གཉིས་ཀྱི་བརྩམས་ཆོས་ཆེད་སྒྲིག་ (MEDITATIONS) བཅས་བཞི་ཚུད་ཡོད་འདུག

སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ནི་གཞས་པ་དང་རོལ་དབྱངས་བ། དབྱངས་རྩོམ་པ་པོ་བཅས་ཡིན་འདུག་ལ། རོལ་དབྱངས་ཆེད་སྒྲིག་གྲངས་ ༨ ཡོད་པ་འདུག ཁོང་ནི་བོད་མངའ་རིས་ཁུལ་གྱི་ས་མ་འབྲོག་གི་གཞི་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཕྱི་ལོ་ ༡༩༧༠ དོན་གྲངས་ནང་རྒྱ་གར་ནང་བཙན་བྱོལ་དུ་སླེབས་ཏེ་བཞུགས་སྒར་དྷ་སའི་ཁུལ་གྱི་བོད་ཁྱིམ་སློབ་གྲྭའི་ནང་འཚར་ལོངས་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ལོར་ཨོ་གླིང་དུ་གཞིས་སྤོས་བྱས་རྗེས་རྐྱང་གཞས་དང་ཕྱིའི་རོགས་ཚོགས་གཞན་དང་མཉམ་གླུ་གཞས་སྣ་ཚོགས་བཏང་དང་གཏོང་བཞིན་ཡོད་འདུག་ལ། ཨོ་གླིང་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་དང་ཨོ་གླིང་དུ་བོད་མིའི་གནད་ཡོད་མི་སྣ་གདན་ཞུ་སོགས་ཞུས་ཏེ་བོད་དོན་ལས་འགུལ་སྤེལ་བ་སོགས་གནང་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

ཆུ་ཚོད་ ༡ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese