མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉམ་ཐག་ཁྱིམ་ཚང་འབུམ་གཅིག་ལ་རོགས་རམ་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

སེར་བྱེས་ཐང་གསག་སྒོ་མོ་རིན་པོ་ཆེ་མཆོག་གིས་རྒྱ་གར་ཡུལ་མི་དང་བཙན་བྱོལ་བོད་མི་བཅས་ཉམ་ཐག་ཁྱིམ་ཚང་འབུམ་གཅིག་ལ་བཟའ་ཆས་སོགས་ཀྱིས་རོགས་རམ་གནང་སྟེ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་བཞིན་འདུགདེ་ཡང་འདི་ལོ་ཕྱི་ཟླ་༣ པ་ནས་བཟུང་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཁྱབ་པའི་རྐྱེན་གྱིས་དཔལ་འབྱོར་གྱི་གནས་སྟངས་ཞན་པའི་མི་རྣམས་ཀྱི་འཚོ་བ་དང་འཕྲོད་བསྟེན་སོགས་གང་ཅིར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། རྒྱ་གར་ལྷོ་ཕྱོགས་ཀྱི་དགོན་སྡེ་ཁག་དང་བོད་མིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གར་ཡུལ་མི་ཉམ་ཐག་ཚོར་འཚོ་བའི་ཐད་རོགས་རམ་གནང་བཞིན་ཡོད་པ་ལྟར། ཉེ་སྔོན་སེར་བྱེས་ཧར་གདོང་ཐང་གསག་སྒོ་མོ་རིན་པོ་ཆེ་མཆོག་གི་བླ་བྲང་དང་I Save A life ངས་ཚེ་སྲོག་བསྐྱབས། ཞེས་པའི་སྤྱི་ཚོགས་བདེ་རྩའི་ཚོགས་པ་མཉམ་འབྲེལ་ཐོག སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་ནས་འགོ་བཙུགས་ཏེ། རྒྱ་གར་རྒྱལ་ཡོངས་ཀྱི་བོད་མི་གནས་ཡུལ་ས་གནས་ཡོངས་ལ་བོད་མི་ཚུད་པའི་རྒྱ་གར་ཡུལ་མི་ཉམ་ཐག་ཁྱིམ་ཚང་འབུམ་གཅིག་ལ་འཚོ་བའི་རོགས་རམ་གནང་རྒྱུའི་གཞི་རྒྱ་ཆེ་བའི་སྤྱི་ཚོགས་ཕན་བདེའི་ལས་འགུལ་ཞིག་འགོ་འཛུགས་གནང་འདུག

ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་བོད་མི་དང་རྒྱ་གར་ཡུལ་མི་བཅས་ཁྱིམ་ཚང་ཆིག་སྟོང་ལ་རོགས་རམ་གནང་རྒྱུའི་འཆར་གཞི་ཡོད་པ་ནས་ད་བར་རྒྱ་གར་ཡུལ་མི་ཁྱིམ་ཚང་བཞི་བརྒྱ་བརྒལ་བར་བར་ཟླ་བ་གཅིག་ཙམ་གདེང་པའི་སྤུས་ཀ་ལེགས་པའི་འབྲས་དང་ཨ་བྲ་སྣུམ་སོགས་སྣ་ཁ་༡༢ ཡོད་པའི་བཟའ་ཆས་རོགས་རམ་གནང་ཟིན་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་༢༨ ཉིན་སྦེལ་ཀོབ་གཞིས་ཆགས་གཉིས་ནང་གི་འཚོ་བའི་གནས་སྟངས་ཅུང་ཞན་པའི་བོད་མིའི་ཁྱིམ་ཚང་༨༠ ལ་ཟླ་བ་གཅིག་ལ་འདང་ངེས་ཀྱི་བཟའ་ཆས་སྣ་ཁ་༡༠ རོགས་རམ་གནང་བ་དང་།  ད་དུང་མུ་མཐུད་སྦེལ་ཀོབ་གཞིས་ཆགས་ཉེ་ཁུལ་རྒྱ་གར་ཡུལ་མི་ཉམ་ཐག་ཚོར་རོགས་རམ་གནང་བཞིན་འདུག

དེའི་སྐོར་ལ་སེར་བྱེས་ཐང་གསག་སྒོ་མོ་རིན་པོ་ཆེར་རྒྱ་གར་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་རོགས་རམ་གྱི་ལས་འགུལ་དེ་སྤེལ་དགོས་དོན་སྐོར་བཅར་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས། དེ་ནི་གཙོ་བོ་རྒྱ་གར་གཞུང་མང་གིས་ང་ཚོ་བོད་མི་སྐྱབས་བཅོལ་བ་ཚོར་མི་ལོ་༦༠ ལྷག་རིང་གནས་ཚང་གཡར་བ་དང་རོགས་རམ་གནང་བ་བཅས་ལ་བརྟེན་ནས་ད་ལྟ་ང་ཚོ་བོད་པའི་སྤྱི་ཚོགས་དེ་ཧྲ་ཐག་ཐག་ཆགས་ཐུབ་པ་རེད། བྱས་ཙང་ད་ལྟ་ནད་ཡམས་དེའི་རྐྱེན་པས་རྒྱ་གར་ཡུལ་མི་ཚོར་དཀའ་ངལ་འཕྲད་སྐབས་གང་ཐུབ་རོགས་རམ་ཞིག་བྱས་ཏེ། ཁོང་ཚོའི་བཀའ་དྲིན་དྲན་པའི་སྒོ་ནས་ཐུགས་རྗེ་ཆེ་ཞུའི་བྱེད་སྒོ་དེ་སྤེལ་བ་ཞིག་ཡིན། སྤྱིར་བཏང་ལོ་མང་པོའི་གོང་ང་རང་སེ་རར་སློབ་གཉེར་བྱེད་སྐབས་གང་ཅིར་གནས་སྟངས་སྐྱོ་པོ་ཡིན་པ་དང་། དེ་བཞིན་ཉེ་འཁོར་རྒྱ་གར་ཡུལ་མི་ཚོ་ཡང་ཧ་ཅང་སྐྱོ་པོ་རེད། བྱས་ཙང་ང་རང་གིས་ག་དུས་ཡིན་ཡང་མ་འོངས་པར་ངས་ཁོ་ཚོར་རོགས་པ་ཞིག་བྱེད་ཐུབ་ན་བསམ་པའི་བསམ་བློ་མང་པོ་འཁོར་མྱོང་། ཕྱིས་སུ་ང་རང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆོས་བཤད་དང་ཆབས་ཅིག་ངས་ཚེ་སྲོག་བསྐྱབས་ཞེས་པའི་ཚོགས་པ་དེ་བཙུགས་པ་ཡིན། ད་རེས་རྒྱ་གར་ཡུལ་མི་འབུམ་གཅིག་ལ་བཟའ་ཆས་རོགས་རམ་གྱིི་ལས་གཞི་དེ་ཚོགས་པ་དེའི་ལས་གཞི་ཆེ་ཤོས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད། ཅེས་གསུངས་བྱུང་།དེ་བཞིན་འདི་ལོར་ཏོག་དབྱིབས་ནད་ཡམས་ཁྱབ་ཏེ་སེ་ར་ཐེག་ཆེན་གླིང་ཕྱི་ནང་ལ་འགྲོ་འོང་བཀག་བརྒྱ་བསྡམས་པའི་དུས་ཡུན་ནང་སྔ་རྗེས་ཐེངས་བཞི་ལ་དགེ་འདུན་པ་ཡོངས་ལ་ཚལ་རིགས་དང་། ཤིང་འབྲས། བཟའ་ཆས། སྤུས་ཀ་ལེགས་པའི་ཁ་རས་དང་དུག་སེལ་སྨན་ཆུ། སོ་བཀྲུ་སོ་སྨན་འདག་རྫས་སོགས་འཕྲོད་བསྟེན་གྱི་འཁྲུས་རྫས་བགོ་འགྲེམས་དང་ལྷན་དུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཁང་ནས་འགྲེམས་སྤེལ་གནང་བའི་ཏོག་དབྱིབས་ནད་ཡམས་སྔོན་འགོག་བྱེད་ཐབས་ཀྱི་ལམ་སྟོན་ཡིག་ཆ་དེ་ཡང་བོད་ཡིག་ནང་ཕབ་བསྒྱུར་བྱས་ཏེ། དགེ་འདུན་པ་དང་གཞིས་ཆགས་མང་ཚོགས་ཚོར་འགྲེམས་སྤེལ་གནང་ཡོད་པ་དང་། འདི་ལོའི་སྤྱི་ལོའི་ལོ་གསར་རྗེས་སུ་རྒྱ་གར་རྒྱལ་ཡོངས་ཀྱི་བོད་མིའི་གཞིས་ཆགས་གཞན་ཁག་ནང་གི་རྒྱ་གར་ཡུལ་མི་ཉམ་ཐག་ལ་རོགས་རམ་གནང་གཏན་ཁེལ་ཡོད་པ་གསུང་གི་འདུག

སེར་བྱེས་ཧར་གདོང་ཚང་གསག་སྒོ་མོ་མཆོག་སྤྲུལ་རིན་པོ་ཆེས་ཆེད་བཙུགས་གནང་བའི་ངས་ཚེ་སྲོག་ཞིག་བསྐྱབས་ཞེས་པའི་སྤྱི་ཚོགས་བདེ་རྩའི་ཚོགས་པ་དེ་ནི་ཕྱི་ལོ་༢༠༡༧ ལོར་ཨི་ཀྲ་ལིར་བཙུགས་པ་དང་། སྒོ་མོ་རིན་པོ་ཆེས་ཐུགས་འགན་བཞེས་བའི་ཐོག་ལས་བྱེད་ ༥ ཙམ་ཡོད་པ་དང་། ཚོགས་པ་དེ་འཛུགས་དགོན་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བཙན་བྱོལ་བོད་མི་ཚོར་རོགས་རམ་གནང་བའི་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་ཚོགས་པ་དེས་མ་འོངས་པར་འཛམ་གླིང་གི་ཉམ་ཐག་སྐྱབས་བཅོལ་བ་གཞན་ཚོར་ཡང་རོགས་རམ་གནང་འཆར་ཡོད་པ་གསུང་གིི་འདུག

སྤྱིར་སེར་བྱེས་ཧར་གདོང་ཁང་ཚན་གྱི་ཐང་གསག་སྒོ་མོ་རིན་པོ་ཆེ་སྐུ་ཕྲེང་༢༣ པ་ནི་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྒོ་མོ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་གནང་བ་དང་། ལོ་མང་རིང་འཕགས་ཡུལ་སེར་བྱེས་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་གསན་བསམ་མཛད་རྗེས། དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་ནས་ཕྱི་རྒྱལ་མི་སྣ་ཚོར་སེམས་ཀྱི་དཀའ་ངལ་སེལ་ཐབས་ཐད་སློབ་སྟོན་གནང་བཞིན་པ་དང་ཆབས་ཅིག ངས་ཚེ་སྲོག་བསྐྱབས་ཞེས་པའི་སྤྱི་ཚོགས་བདེ་རྩ་ཚོགས་པར་ཐུགས་འགན་བཞེས་བཞིན་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 1

  1. asanga says:
    ལོ་ 5 སྔོན།

    སྤྱིར་སེར་བྱེས་ཧར་གདོང་ཁང་ཚན་གྱི་ཚང་གསག་སྒོ་མོ་རིན་པོ་ཆེ་སྐུ་ཕྲེང་༢༣ པ་ནི་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྒོ་མོ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་གནང་བ་དང་། ལོ་མང་རིང་འཕགས་ཡུལ་སེར་བྱེས་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་གསན་བསམ་མཛད་རྗེས། དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་ནས་ཕྱི་རྒྱལ་མི་སྣ་ཚོར་སེམས་ཀྱི་དཀའ་ངལ་སེལ་ཐབས་ཐད་སློབ་སྟོན་གནང་བཞིན་པ་དང་ཆབས་ཅིག ངས་ཚེ་སྲོག་བསྐྱབས་ཞེས་པའི་སྤྱི་ཚོགས་བདེ་རྩ་ཚོགས་པར་ཐུགས་འགན་བཞེས་བཞིན་ཡོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese