མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྷ་ས་ནས་མི་དྲུག་ལ་ལོ་ ༢ ནས་ ༡༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༠/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

བསྙད་བརྐོ་ཟིང་སློང་སོགས་ཀྱི་ཉེས་མིང་འོག་བོད་ཀྱི་རྒྱལ་ས་ལྷ་ས་ནས་བོད་མིང་ཅན་བཅས་མི་དྲུག་ལ་ལོ་ ༢ ནས་ ༡༧ བར་གྱི་བཙོན་འཇུག་ཁྲིམས་ཆད་དང་དངུལ་གྱི་ཉེས་ཆད་བཅད་ཡོད་པའི་གནས་ཚུལ་ཞིག་ལོ་གཅིག་ལྷག་གི་རྗེས་སུ་གཞི་ནས་རྒྱ་ནག་གི་གཞུང་འབྲེལ་དྲ་ལམ་དུ་སྤེལ་འདུགཁ་སང་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གི་ནག་སེལ་གཤེད་བཅོམ་གྱི་ལས་འགུལ་འོག ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༥ ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས། སྤྱི་ཚོགས་ནང་བརྐུ་འཕྲོག་དང་བསྙད་བརྐོ་ཟིང་སློང་། མི་ལ་རྨས་སྐྱོན་བཏང་ཡོད་ཚུལ་གྱི་ཉེས་མིང་གཡོགས་ཏེ། མི་ ༦ ལ་ལོ་ ༢ ནས་ ༡༧ བར་གྱི་བཙོན་འཇུག་དང་དངུལ་ཆད་ཀྱི་ཉེས་པ་བཏང་ཡོད་འདུག་ལ། ཁོང་ཚོར་ཁྲིམས་ཐག་བཅད་ནས་ལོ་གཅིག་ལྷག་འགྲོ་ཡི་ཡོད་ཀྱང་ཁོང་ཚོས་ནག་ཉེས་དྭང་ལེན་བྱས་ཡོད་མེད་དང་གོང་རིམ་ཁྲིམས་ཁང་ལ་བསྐྱར་ཞིབ་ཞུ་གཏུག་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་སྤེལ་མི་འདུག

རྒྱ་ནག་གི་གཞུང་འབྲེལ་གནས་ཚུལ་དེའི་ནང་། ཁྲིམས་ཆད་ཕོག་པའི་མི་དེ་དག་བོད་མི་ཡིན་མིན་གྱི་གསལ་ཁ་མི་འདུག་ཀྱང་། ལྷག་མིང་བ་ཞིག་གིས་གཏེ་པོ་བྱས་ཏེ་ཝུའུ་དང་ཏིང་། ཉི། ཚེ།  བློ། ལྷག་ཞེས་པའི་མིང་ཅན་དེ་དག་གིས། ལྷ་ས་ཁུལ་དུ་སྦག་སྦག་རུ་ཁག་གི་མིང་ཐོག་ནས་སྤྱང་ཀི་ཚོགས་པ་ཟེར་བའི་ནག་ཚོགས་ཤིག་བཙུགས་ཏེ། ལྷ་ས་གྲོང་ཁྱེར་དུ་གྲི་ཁྱེར་ནས་མི་གཞན་གྱི་ཁྱིམ་དུ་འཛུལ་ནས་འཕྲོག་བཅོམ་བྱས་པ་དང། གཡོ་ཁྲམ་ཤོད་པ། རྐང་བཙུགས་ནས་བསྙད་བརྐོ་བ། རྐང་བཙུགས་ནས་མི་གཞན་ལ་རྨས་སྐྱོན་བཅས་བཏང་ཡོད་ཚུལ་གྱི་ཉེས་མིང་གཡོགས་འདུག

མི་དྲུག་པོར་ཁྲིམས་ཐག་བཅད་པའི་ཁྲོད་ནས་ལྷག་མིང་བ་དེར་བཙོན་འཇུག་ལོ་ ༡༡ དང་། དངུལ་ཆད་རྒྱ་སྒོར་ཁྲི་ ༡།༡ དང་། ཝུའུ་མིང་ཅན་ལ་ལོ་ ༡༧ གྱི་བཙོན་འཇུག་དང་དངུལ་ཆད་རྒྱ་སྒོར་ཁྲི་ ༡།༦། དེ་བཞིན་ཏིང་མིང་ཅན་ལ་བཙོན་འཇུག་ལོ་ ༡༢ དང་ཟླ་བ་ ༥ ། དངུལ་ཆད་རྒྱ་སྒོར་ཁྲི་ ༡།༡།  གཞན་ཡང་ཉི་མིང་བ་བཙོན་འཇུག་ལོ་ ༡༠ དང་ཟླ་བ་ ༢། ཚེ་མིང་བ་རྒན་པ་བཙོན་འཇུག་ལོ་ ༩། ཚེ་མིང་བ་གཞོན་པ་བཙོན་འཇུག་ལོ་ ༥ དང་ཟླ་བ་ ༡། དེ་བཞིན་བློ་མིང་ཅན་དེ་བཙོན་འཇུག་ལོ་ ༢ དང་ཟླ་བ་ ༧ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

ནག་ཚོགས་ཤེད་བཅོམ་ནི་ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཚོར་ཚོགས་འདུ་ཚོགས་ཏེ། ཞི་ཅིན་ཕིན་གྱི་གཙང་སེལ་ལས་འགུལ་གཞི་རྩར་བཟུང་ནས་ཕྱི་ལོ་ ༢༠༢༡ བར་སྤྱི་ཚོགས་ཁྲོད་ཀྱི་ནག་ཚོགས་འབུར་འཇོམས་གཏོང་དགོས་སྐོར་གྱི་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་བ་དང་འབྲེལ་དངོས་སུ་མགོ་བཙུགས་ཡོད་པ་དང་། ལས་འགུལ་མགོ་འཛུགས་སྐབས་ས་གནས་སོ་སོའི་ནག་ཚོགས་ངོས་འཛིན་བྱེད་སྟངས་གཅིག་པ་མིན་པ་དང་། རྒྱ་ནག་ནང་ལོགས་སུ་སྲིད་གཞུང་ལ་སྐྱོན་འདོན་ཡར་ཞུ་དང་སྐུལ་སློང་བྱེད་མཁན་ཚོ་དམིགས་འབེན་གཙོ་བོ་ཡིན་པ་དང་། བོད་ཁུལ་དང་ཡུ་གུར་སོགས་ཀྱི་ནང་དུ་གཙོ་བོ་ཁ་བྲལ་ནག་ཚོགས་ལ་འབུར་འཇོམས་གཏོང་གི་ཡིན་ཞེས་གསལ་པོ་བརྗོད་ཡོད་པ་ལྟར། ལྷ་སའི་ནག་ཚོགས་འབུར་འཇོམས་གསལ་བསྒྲགས་ནང་། ནག་ཚོགས་ཀྱི་དམིགས་གཏད་གཙོ་བོ་དེ་ཏཱ་ལའི་ཁ་བྲལ་ཤོག་ཁག་དང་ཏཱ་ལའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག་ནས་ལས་འགུལ་སྤེལ་མཁན་རིགས་ཡིན་སྐོར་སོགས་ཡོངས་གྲགས་སུ་བསྒྲགས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist