མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༢༠ ལོའི་བོད་ཀྱི་དུས་བབ་ཀྱི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བཅུ།

བོད་ཀྱི་དུས་བབ།
༢༠༢༠/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཝུ་ཧན་ནས་འཛམ་གླིང་གང་སར་རྒྱ་ཁྱབ་ཏུ་ཕྱིན་པའི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ཧྲིལ་པོའི་སྲིད་འབྱོར་རིག་གསུམ་ལ་ཁ་ལོ་བསྒྱུར་ཞིང་། གཅེས་པའི་ཚེ་སྲོག་མང་པོ་གློ་བུར་སྡེབ་གཅིག་ཏུ་འཕྲོག་སྟེ་མིའི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཕྱི་ལོ་ ༢༠༢༠ ཞེས་འབོད་ཀྱིན་པའི་ལོ་འདིར། འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དང་མི་མང་ནང་རྒྱ་ནག་གཞུང་ལ་སྔར་མེད་ཀྱི་འཁོན་སེམས་དང་འགལ་ཟླ་ཆེན་པོ་བསླངས།

༡ ཏོག་དབྱིབས་ཀྱིས་མི་ཁྲི་ ༡༧ ལྷག་འཆི་ལམ་དུ་དེད།ཕྱི་ལོ་ ༢༠༡༩ ཟླ་ ༡༢ པའི་ནང་ཙམ་ནས་བཟུང་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་གློ་ཚད་གཉན་རིམས་ཀྱི་འགོས་ནད་ཅིག་འཛམ་གླིང་གང་སར་ཁྱབ་ཡོད་པ་དང་། ཕྱི་ཟླ་ ༢ ཚེས་ ༡༡ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ནས་འགོས་ནད་དེར་ Covid-19 ཞེས་ཕྱི་ལོ་ ༢༠༡༩ བྱུང་ཞིང་ Corona འབུ་ཕྲའི་རིགས་ཡིན་པར་བརྟེན་དེ་ལྟར་ཞེས་བཏགས་ཏེ། ཕྱི་ཟླ་དང་པོའི་ཚེས་ ༣༠ ཉིན་གློ་བའི་གཉན་རིམས་དེ་འཛམ་གླིང་རང་བཞིན་གྱི་ཐོག་ནས་བློ་འཚབ་སྐྱེ་དགོས་པའི་ཛ་དྲག་འཕྲོད་བསྟེན་གནད་དོན་ཞིག་ཏུ་གྱུར་ཡོད་པ་ཡོངས་བསྒྲགས་བྱས། ཕྱི་ཟླ་ ༡༢ ཚེས་ ༣༡ བར་དུ་འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་ ༡༩༡ ནང་ཁྱབ་སྟེ། མི་གྲངས་ས་ཡ་ ༧༨  ལྷག་ལ་ཏོག་དབྱིབས་གཉན་རིམས་འགོས་པ་དང་། མི་ཁྲི་ ༡༧ ལྷག་རྐྱེན་འདས་སུ་ཕྱིན། འཛམ་གླིང་སྤྱིའི་དཔལ་འབྱོར་བརྒྱ་ཆའི་ ༣ གྱི་གྱོང་གུད་ཕོག་གི་ཡོད་པའི་གནས་ཚུལ་ཐོན། ད་ལྟ་སྔོན་འགོག་སྨན་ཁབ་ཁག་ཅིག་ཛ་དྲག་གི་ཐོག་ནས་བཟོས་ཏེ་བེད་སྤྱོད་གཏོང་གི་ཡོད་པ་དང་། སྨན་ཁབ་གྲགས་ཆེ་ཤོས་ཤིག་ནི་ Pfizer དང་ BioNTech ཡི་འགོག་ཁབ་དང་། ཨ་རིའི་མོ་ཌིར་ནཱ་ moderna ཡི་འགོག་ཁབ་དེ་ཕྱི་ཟླ་ ༡༢ པ་ནས་ཨ་རི་དང་དབྱིན་ཡུལ་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་གི་ནང་བེད་སྤྱོད་གཏོང་མགོ་བཙུགས་ཡོད་པ་དང་། དབྱིན་ཡུལ་སོགས་ཡུ་རོབ་རྒྱལ་ཁབ་རེ་ཟུང་ནང་ཏོག་དབྱིབས་ནད་འབུའི་རྣམ་པ་འགྱུར་བའམ་ཏོག་དབྱིབས་ནད་འབུ་གསར་པ་ཞིག་ཐོན་ཡོད་པའི་གནས་ཚུལ་ཡོང་གི་ཡོད་ཀྱང་། ད་ལྟའི་ཆར་ནད་འབུ་དེའི་འགྱུར་བ་དང་འགོག་ཐབས་སོགས་ཀྱི་ཐོག་ངེས་གཏན་གྱི་ཞིབ་འཇུག་གྲུབ་དོན་ཐོན་མེད་པ་རེད།

༢།  ཁྲིམས་གསར་གཏན་འབེབ་ཀྱིས་རྙོང་ཟིང་བསླངས།འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༨ ཉིན་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྟེང་། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཆར་ཟེར་བ་ཞིག་བཏོན་ཏེ། དམངས་འཐུས་རྒྱུན་ལས་ལྷན་ཚོགས་ནས་གཏན་འབེབ་བྱས་ཏེ་ཕྱི་ཟླ་ ༧ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱས་ཡོད་པར་བརྟེན། ཀོང་ཧོང་ནང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིམ་པར་བྱུང་ཡོད་པ་དང་། ཉེན་རྟོག་པས་ཉུང་མཐར་ལས་འགུལ་བ་ ༡༢༠ འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། དམངས་གཙོའི་ལས་འགུལ་བ་མང་པོ་དབྱིན་ཡུལ་དང་ཐའེ་ཝན་སོགས་ཀྱི་ནང་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད་སྟབས།  ཨ་རིའི་གཙོས་དབྱིན་ཡུལ་དང་ཨོ་གླིང་། ཡུ་རོབ་མཐུན་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གི་བཙན་བཟུང་དམ་དྲག་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད། ཨ་རི་གཞུང་གིས་ཧོང་ཀོང་གི་རང་སྐྱོང་གནས་བབ་ལ་དོ་ཕོག་གཏོང་མཁན་གྱི་མི་སྒེར་དང་སྒྲིག་འཛུགས་ལ་དཔལ་འབྱོར་ཉེས་ཆད་གཅོད་རྒྱུའི་ཁྲིམས་ཡིག་གཏན་འབེབ་གནང་བ་དང་། ད་བར་ཨ་རིས་ཧོང་ཀོང་ལ་རྒྱ་ནག་སྐམ་ས་ཆེན་མོ་དང་མི་འདྲ་བར་དམིགས་བསལ་རྒྱལ་སྤྱིའི་ཚོང་འབྲེལ་གནས་བབ་སྤྲད་པ་དེ་ཕྱིར་འཐེན་བྱས་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་མང་པོས་ཁྲིམས་གསར་དེ་ནི་ཧོང་ཀོང་གི་རང་སྐྱོང་གནས་བབ་རྩ་བརླག་ཏུ་གཏོང་ཆེད་དང་། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཟེར་བའི་སྲིད་ཇུས་ཀྱི་མཐའ་མ་ཡིན་པ། ཧོང་ཀོང་ནང་གི་དམངས་གཙོའི་གཞུང་རྒོལ་ལས་འགུལ་དང་། སྨྲ་བརྗོད་རང་དབང་ལ་སོགས་པའི་འགྲོ་བ་མིའི་ཐོབ་ཐང་རྣམས་རྡོག་རོལ་གཏོང་ཆེད་གཏན་འབེབ་བྱས་པ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

༣།  ནོ་བྷེལ་གཟེངས་རྟགས་མི་མང་པོར་བགོས།ནོ་བྷེལ་དངོས་ཁམས་ཚན་རིག་གཟེངས་རྟགས་དེ་དབྱིན་ཡུལ་གྱི་གྲངས་རིག་དངོས་ཁམས་ཚན་རིག་པ་དང་གྲངས་རིག་ལྟ་གྲུབ་སྨྲ་བ་སྐུ་ཞབས་རའོ་གྷེར་པན་རའོ་སི་ (Roger Penrose) ལགས་དང་། འཇར་མན་གྱི་གནམ་རིག་སྐར་དཔྱད་རིག་པ་བ་སྐུ་ཞབས་རེན་ཧར་སྒྲི་གྷན་ཛིལ་ (Reinhard Genzel) ལགས། ཨ་རིའི་གནམ་རིག་སྐར་དཔྱད་རིག་པ་བ་དང་དངོས་ཁམས་རིག་པའི་སློབ་དཔོན་ལྕམ་ཨན་དྷི་རཱ་ (Andrea M. Ghez) ལགས་བཅས་གསུམ་ལ་གནང་བ་དང་། སྨན་རྫས་རིག་པའི་གཟེངས་རྟགས་དེ། ཨ་རིའི་སྨན་བཅོས་ཆེད་མཁས་པ་སྐུ་ཞབས་ཧར་ཝེ་ (Harvey J. Alter) ལགས་དང། ཨ་རིའི་ནད་འབུ་རིག་པ་བ་སྐུ་ཞབས་ཆཱར་ལེ་སི་ (Charles M. Rice) ལགས། དེ་བཞིན་དབྱིན་ཡུལ་གྱི་ཚན་རིག་པ་སྐུ་ཞབས་མཱ་ཁིལ་ (Michael Houghton) བཅས་གསུམ་ལ་གནང་། དཔལ་འབྱོར་རིག་པའི་གཟེངས་རྟགས་དེ། ཨ་རིའི་དཔལ་འབྱོར་རིག་པ་བ་དང་ཁཱལ་ལི་ཧྥོ་ནེའུ་ཡ་མངའ་སྡེའི་སི་ཊན་ཧྥོར་ཊི་ (Stanford University) གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སྐུ་ཞབས་པོལ་མྰེལ་གྷི་རོམ་ (Paul Milgrom) ལགས་དང་། རའོ་བྷིར་ཊི་ཝལ་སོན་(Robert B. Wilson)ལགས་གཉིས་ལ་གནང་། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ལ་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་དེང་རབས་སྙན་ངག་མ་ལྕམ་ལོའུ་སི་གྷུ་ལིག་ (Louise Glück) ལགས་ལ་རྩོམ་རིག་གཟེངས་རྟགས་གནང་ཡོད་པ་རེད།

༤། ཐའེ་ཝན་གྱི་མདུན་ལམ་གསར་པ།ཕྱི་ཟླ་ ༨ ཚེས་ ༡༠ ཉིན་ཨ་རིའི་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨེ་ལེག་སི་ཨ་ཛར་ (Alex Azar) ལགས་ཀྱི་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐའེ་ཝན་ཏུ་ཕེབས་ཏེ། སྲིད་འཛིན་ཚའེ་ཡེན་ཝུན་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཡུལ་གཉིས་ཀྱི་དཔལ་འབྱོར་ཡར་རྒྱས་དང་འཕྲོད་བསྟེན་གྱི་མཉམ་འབྲེལ་གོང་མཐོར་གཏོང་ཐབས་སྐོར་གྲོས་བསྡུར་གནང་བ་དང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཐའེ་ཝན་གྱི་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱེད་པའི་ནུས་པར་རྒྱབ་སྐྱོར་དང་བསྔགས་བརྗོད་གནང་ཡོད་པ་མ་ཟད། ཡུལ་གཉིས་བར་འཕྲོད་བསྟེན་མཉམ་འབྲེལ་གྱི་རྒྱུས་ལོན་གན་ཡིག་ཞིག་ལ་མཚན་རྟགས་བརྒྱབ་ཡོད་འདུག གཟིགས་སྐོར་དེ་ནི་ཕྱི་ལོ་ ༡༩༧༩ ལོར་ཨ་རི་དང་ཐའེ་ཝན་གྱི་ཕྱི་འབྲེལ་སྒོ་བརྒྱབ་རྗེས་ཀྱི་གཞུང་འབྲེལ་སྐོར་སྐྱོད་གནས་རིམ་མཐོ་ཤོས་དེ་ཆགས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ཐད་སྔར་མེད་ཀྱི་ལོ་རྒྱུས་གསར་པ་ཞིག་གི་མགོ་བརྩམས་ཡོད་པར་བཤད་པ་དང་། ཐའེ་ཝན་གྱིས་རྒྱལ་ཁབ་གཞན་དང་དཔུང་པ་མཉམ་གཤིབ་ཀྱི་གོམ་པ་སྤོ་བའི་ཆབ་སྲིད་ཀྱི་ལེའུ་གསར་པ་ཞིག་གི་ཁ་རིམ་གྱིས་འབྱེད་ཀྱི་ཡོད་པར་མངོན།

༥། གསར་འགོད་རང་དབང་སྡུག་ཤོས།ཕྱི་ཟླ་ ༤ ཚེས་ ༢༡ ཉིན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ (Reporters Without Border ) ཀྱིས་ཕྱི་ལོ་ ༢༠༢༠ ལོའི་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་མི་འདྲ་བ་ ༡༨༠ ཡི་གསར་འགོད་རང་དབང་གི་གནས་སྟངས་སྐོར་གྱི་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་སྔར་རྒྱུན་བཞིན་འཛམ་གླིང་ནང་གི་གསར་འགོད་རང་དབང་སྡུག་ཤོས་ཀྱི་རྒྱལ་ཁབ་བཞི་པར་ངོས་འཛིན་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་རང་ཁོངས་ཀྱི་གནས་ཚུལ་ལ་དམ་དྲག་ཤུགས་ཆེན་བྱས་པའི་རྐྱེན་གྱིས། འདི་ལོར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དཀའ་རྙོག་ཚབས་ཆེན་འཕྲད་བཞིན་ཡོད་སྐོར་དང་། རྒྱ་ནག་དེ་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་མཁན་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། དྲ་ལམ་གནས་ཚུལ་བཀག་སྡོམ་བྱེད་མཁན་ཤུགས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱས་འདུག

༦། དབྱིན་ཡུལ་གྱི་ཁེར་འབུད་རེ་འདོད་གྲུབ།ཕྱི་ཟླ་ ༡ ཚེས་ ༣༠ ཉིན། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གྲོས་ཚོགས་ནང་། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་ནས་ཕྱིར་ཐོན་གྱི་གྲོས་ཆོད་ཐོག་ཆེས་མཐའ་མའི་འོས་བསྡུ་བྱས་པ་བརྒྱུད། གྲོས་ཚོགས་འཐུས་མི་ ༦༢༡  གིས་མོས་མཐུན་བྱས་པ་དང་འཐུས་མི་ ༤༩ ཡིས་རྒྱབ་སྐྱོར་བྱས་མེད་པ། དེ་བཞིན་འཐུས་མི་ ༡༣ གྱིས་འོས་བླུགས་མེད་པ་བཅས་མང་མོས་ཐོག་ནས་ཕྱིར་ཐོན་ཐག་གཅོད་བྱུང་བར་བརྟེན། ཕྱི་ཟླ་ ༡ ཚེས་ ༣༡ ཉིན་ནས་དངོས་སུ་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་ནས་ཕྱིར་ཐོན་མགོ་འཛུགས་བྱས་ཏེ། ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་བར་དུ་ཕྱིར་ཐོན་གྱི་ལས་དོན་ཡོངས་སུ་གྲུབ་ཡོད་པ་རེད། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཁེར་རྐྱང་དུ་འབུད་རྒྱུའི་བསམ་འཆར་དེ་ནི་ཕྱི་ལོ་ ༢༠༡༦ ཟླ་ ༦ ནང་དབྱིན་ཡུལ་མི་མང་གིས་མང་མོས་འོས་བསྡུའི་ལམ་ནས་བྱུང་ཡོད་ཀྱང་། འདས་པའི་ལོ་ ༣ དང་ལོ་ཕྱེད་རིང་གྲོས་ཚོགས་ནང་མང་མོས་བྱུང་མེད་པ་རེད། དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ནང་མི་ལོ་ ༤༧ ལྷག་རིང་བསྡད་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་བྱེད་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་ལ། འཛམ་གླིང་གཅིག་གྱུར་མཉམ་གནས་ཀྱི་རེ་འདོད་ཅན་མང་པོས་དབྱིན་ཡུལ་གྱི་ཁེར་འབུད་ཐག་གཅོད་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།

༧། ཨ་རིས་སྲིད་འཛིན་གསར་པ་ཞིག་བདམས།ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོའི་ཁྲོད། སྤྱི་མཐུན་ཚོགས་པས་སྲིད་འཛིན་འོས་མིར་སྲིད་འཛིན་ལས་ཐོག་ཊོམ་ཕུ་མཆོག་དང་། སྲིད་འཛིན་གཞོན་པའི་འོས་མིར་ལས་ཐོག་སྲིད་འཛིན་གཞོན་པ་མེག་པེན་སི་ (Mike Pence) མཆོག་མཚན་འདོན་གནང་ཡོད་པ་དང་། དམངས་གཙོ་ཚོགས་པས་སྲིད་འཛིན་འོས་མིར་སྲིད་འཛིན་གཞོན་པ་ཟུར་པ་ཇོ་བྷའེ་ཌིན་མཆོག་དང་། སྲིད་འཛིན་གཞོན་པའི་འོས་མིར་གོང་མའི་འཐུས་མི་ཀ་མ་ལ་ཧ་རི་སི་ (Kamala Harris)མཚན་འདོན་གནང་ཡོད་པ་རེད། ཕྱི་ཟླ་ ༡༡ ཚེས་ ༣ ཉིན་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱས་པ་བརྒྱུད། ཨ་རིའི་འོས་འདེམས་ལྷན་ཚོགས་ཀྱི་ཞབས་བཀྱག་ཁྱོན་ ༥༣༨ ཁྲོད་ནས་ཇོ་བྷའེ་ཌིན་མཆོག་ལ་ ༣༠༦ དང་། སྲིད་འཛིན་ཊོམ་ཕུ་མཆོག་ལ་ ༢༣༢ ཐོབ་ཡོད་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད། སྲིད་འཛིན་ལས་ཐོག་ཊོམ་ཕུ་མཆོག་གིས་འོས་ཐོབ་སྲིད་འཛིན་ཇོ་བྷའེ་ཌིན་ཕྱོགས་ནས་འོས་ཤོག་ཐད་ཁྲིམས་འགལ་བྱས་ཡོད་པའི་ཉེས་འཛུགས་ཁག་ཅིག་བྱས་ཡོད་ཀྱང་། ཁྲིམས་ཁང་མང་ཆེ་བ་ནས་ཞུ་གཏུག་རྩིས་མེད་བཏང་སྟེ། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༠ ཉིན་ནས་སྲིད་གཞུང་གསར་པས་ལས་མགོ་འཛུགས་འཆར་ཡོད་འདུག

༨།  འབར་གས་ཧ་ཅང་ཚབས་ཆེན་བྱུང་།ཕྱི་ཟླ་ ༨ ཚེས་ ༤ ཉིན། དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ལེ་བྷེ་ནོན་ (lebanon) གྱི་རྒྱལ་ས་བྷེ་རུཌ་ནང་། འདས་པའི་ལོ་ངོ་ ༦ གི་རིང་གསོག་འཇོག་བྱས་པའི་འགད་རིགས་རྫས་འགྱུར་ (ammonium nitrate) ཊོན་ ༢༧༥༠ གསོག་འཇོག་བྱས་ཡོད་པའི་མཛོད་ཁང་ཞིག་ལ་འབར་གས་དོན་རྐྱེན་ཤུགས་ཆེན་བྱུང་སྟེ། ཉུང་མཐར་མི་གྲངས་ ༢༠༤ རྐྱེན་འདས་དང་། མི་གྲངས་ ༦༥༠༠ ལྷག་ལ་རྨས་སྐྱོན། དེ་བཞིན་མི་གྲངས་འབུམ་གསུམ་ཙམ་ཁྱིམ་མེད་དུ་བཏང་ཡོད་པ་མ་ཟད། ཨ་སྒོར་ཐེར་འབུམ་ ༡༥ ཙམ་གྱི་རྒྱུ་དངོས་ལ་གཏོར་སྐྱོན་ཐེབས་ཡོད་པ་རེད། དེ་ནི་རྡུལ་ཕྲན་མཚོན་ཆ་ཕུད་པའི་མིས་བཟོས་པའི་འཛམ་གླིང་གི་འབར་གས་ཆེ་ཤོས་ལ་ངོས་འཛིན་བྱེད་ཀྱི་འདུག

༩། ལག་རྩེད་སྤོ་ལོའི་སྐར་ཆེན་རྐྱེན་འདས་སུ་ཕྱིན།ཕྱི་ཟླ་ ༡ ཚེས་ ༢༦ ཉིན་སྙན་གྲགས་ཆེ་བའི་ལག་རྩེད་སྤོ་ལོའི་སྐར་ཆེན་དུ་གྲགས་པ། རང་ལོ་ ༤༡ ཡིན་པའི་ཁོ་བྷི་བྷེར་ཡན་ཊི་ (Kobe Bryant) ལགས་སྒེར་སྤྱོད་ཐད་འཕུར་གནམ་གྲུ་ཞིག་ལ་བསྡད་དེ། ཨ་རིའི་གྷར་མི་ (Grammy)གློ ག་བརྙན་དང་རོལ་དབྱངས་ཀྱི་གཟེངས་རྟགས་མཛད་སྒོ་ཞིག་གི་ཐོག་འགྲོ་སྐབས། གློ་བུར་བརྡབ་སྐྱོན་བྱུང་སྟེ་ཁོང་དང་ཁོང་གི་བུ་མོ་གྷེ་ནཱ་ (Gianna) བཅས་གནམ་གྲུ་དེའི་ནང་ཡོད་པའི་མི་ ༩ ཚང་མ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༡༩༩༦ ལོར་ཁོང་ཨ་རིའི་ལག་སྤོལ་ཆེད་ལས་པའི་རུ་ཁག་ (Lakers) ནང་ཞུགས་ཏེ། རྩེད་འགྲན་ཁྲོད་ལཱ་ཁར་སི་རུ་ཁག་ལ་ཐེངས་ ༥ རིང་རྒྱལ་ཁ་ཐོབ་པ་དང་། ཕྱི་ལོ་ ༢༠༠༦ ལོར་ (Toronto Raptors) རུ་ཁག་དང་རྩེད་འགྲན་སྐབས། ཁོ་བྷི་ལགས་ཀྱིས་ཁྱོན་སྤོ་ལོ་ ༨༡ བླུགས་ཏེ། ལག་སྤོལ་རྩེད་འགྲན་གྱི་ལོ་རྒྱུས་ཁྲོད་མི་སྒེར་ཞིག་ནས་སྤོལ་བླུགས་པའི་གྲངས་འབོར་མང་ཤོས་ཨང་ ༢ པ་དེ་ཆགས། ཕྱི་ལོ་ ༢༠༠༨ རྗེས་ནས་ཐེངས་ ༢ རིང་ཨ་རིའི་རྒྱལ་ཡོངས་རྩེད་འགྲན་པ་ཡག་ཤོས་དང་། རྒྱ་ནག་པེ་ཅིན་དང་དབྱིན་ཡུལ་དུ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སོགས་ཀྱི་ཐོག་གསེར་གྱི་རྟགས་མ་མང་པོ་ཐོབ། ཕྱི་ལོ་ ༢༠༠༨ ལོར་ཁོང་འཛམ་གླིང་གི་རིན་གོང་ཆེ་ཤོས་ཀྱི་ལག་སྤོལ་རྩེད་འགྲན་པར་གྱུར་ཡོད་པ་རེད།

༡༠། རྐང་སྤོལ་བ་གྲགས་ཅན་འདས་གྲོངས་སུ་ཕྱིན། ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨར་ཇེན་ཊི་ན་ (Argentina) ནས་ཡིན་པའི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་ཌི་གོ་མེ་རེ་ཌོ་ན་ (Diego Maradona) སྙིང་རྩ་འགག་པའི་རྐྱེན་གྱིས། དགུང་ལོ་ ༦༠ ཐོག་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། འཛམ་གླིང་ཡོངས་སུ་སྙན་གྲགས་རྒྱས་པའི་རྐང་སྤོལ་རྩེད་མོ་བ་དང་རྐང་སྤོལ་ལ་དགའ་མོས་བྱེད་མཁན་ཁྲི་ཕྲག་མང་པོས་མྱ་ངན་ཞུས། རྐང་སྤོལ་བ་གྲགས་ཅན་མེ་རེ་ཌོ་ན་ལགས་ཀྱིས་ཕྱི་ལོ་ ༡༩༨༦ ལོར་ཨར་ཇེན་ཊིའི་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་སྣེ་འཁྲིད་དེ། གོ་ལའི་རྐང་སྤོལ་རྩེད་འགྲན་ཁྲོད་རྒྱལ་ཁ་ཆེན་པོ་བླངས་བར་བརྟེན། ཁོང་གི་མཚན་སྙན་འཛམ་གླིང་ཡོངས་སུ་ཁྱབ་ཡོད་པ་དང་། ཕྱི་ལོ་ ༢༠༠༠ ལོར་ཧྥི་ཧྥ་རྩེད་འགྲན་ལྷན་ཚོགས་ཀྱིས་དུས་རབས་ ༢༠ པའི་ཕུལ་བྱུང་རྩེད་འགྲན་པའི་གཟེངས་རྟགས་སོགས་ཕུལ་ཡོད་པ་རེད།

གསར་འགྱུར་ཕྱོགས་སྒྲིག་པ་ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༩ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese