མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིགས་རང་གི་སྐད་ཡིག་བེད་སྤྱོད་བཏང་ན་རྒྱ་ནག་གི་ཁྲིམས་དང་འགལ་ཡོད་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་རྒྱའི་སྐད་ཡིག་ཆེད་གཉེར་གྱི་ཐབས་ཇུས་དེ་ཞིང་ཆེན་དང་ཁུལ་རིམ་པར་གཅིག་གྱུར་ངང་དངོས་སུ་ལག་བསྟར་བྱེད་དགོས་པའི་སྙན་ཐོ་བཏོན།

དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་ལོའི་ཕྱི་ཟླ་ ༡ པོའི་ནང་རྒྱ་ནག་རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་ (Legislative Affairs Committee ) ཟེར་བས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ལ་ལས་དོན་སྙན་ཐོ་ཞིག་སྤྲད་པའི་ནང་། ས་གནས་མི་རིགས་སྐད་ཡིག་གི་ཁྲིམས་སྲོལ་དེ་དག་རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་དང་སློབ་གསོའི་བཅའ་ཁྲིམས་སོགས་དང་མི་མཐུན་ལུགས་དང་། གྲངས་ཉུང་མི་རིགས་ས་ཁུལ་དུ་མི་རིགས་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱ་ཡིག་རྒྱ་སྐད་སློབ་འཁྲིད་དགོས་སྐོར་བཤད་ཡོད་འདུག

སྤྱིར་ལས་དོན་སྙན་ཐོ་དེ་འདས་ལོར་རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོ་ཧྲིན་ཁྲུན་ཡཱོ་ (Shen Chunyao) ཡིས་དམངས་འཐུས་ཚོགས་ཆེན་ལ་སྤྲད་པ་ཞིག་ཡིན་ནའང་། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་སྐོང་ཚོགས་བྱས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྟེང་གླེང་སློང་བྱས་ཡོད་ཅིང་། སྙན་ཐོའི་ནང་ས་གནས་རིམ་པའི་སྐད་ཡིག་ཁྲིམས་སྲོལ་དེ་དག་རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་དང་མཐུན་གྱི་མེད་པ་མ་ཟད། གཅིག་གྱུར་དང་འོས་འཚམ་མིིན་པར་བཤད་ནས་གནས་རིམ་གོང་མའི་བཅའ་ཁྲིམས་དེ་དག་ཞིང་ཆེན་དང་ཁུལ་རིམ་པར་དངོས་སུ་ལག་བསྟར་བྱེད་དགོས་སྐོར་དང་། གཞན་ཡང་ས་གནས་རིམ་པའི་བཅའ་ཁྲིམས་ཁག་རྒྱལ་ཁབ་ཀྱི་གལ་ཆེའི་བཅོས་སྒྱུར་གྱི་ཁ་ཕྱོགས་དང་འགལ་གྱི་ཡོད་སྐོར་ཡང་བཀོད་འདུག

རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་ཟེར་བ་དེ་ཕྱི་ལོ་ ༢༠༠༠ ལོར་གཏན་འབེབ་བྱས་ཤིང་ཕྱི་ལོ་ ༢༠༠༡ དངོས་སུ་ལག་བསྟར་བྱས་པ་ཞིག་ཡིན་འདུག་ལ། དེའི་ནང་ས་གནས་སྲིད་གཞུང་དང་གྲངས་ཉུང་མི་རིགས་སློབ་གསོ་ཁག་ནང་རྒྱ་ཡིག་རྒྱ་སྐད་སྤྱོད་དགོས་པར་བཤད་ཅིང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དམ། ཡང་ན་འཕོ་འགྱུར་གཏོང་སྐབས། རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་ཀྱི་དམིགས་འབེན་གཙོ་བོ་རྒྱ་རིགས་སློབ་མ་ནང་བཞིན་གྲངས་ཉུང་མི་རིགས་ཀྱི་སློབ་མར་ཡང་རྒྱ་ཡིག་རྒྱ་སྐད་ཀྱིས་སློབ་ཁྲིད་བྱེད་དགོས་སྐོར་དང་། བཅའ་ཁྲིམས་དེའི་དོན་ཚན་ ༥ པར། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་ཉེར་སྤྱོད་བྱེད་པ་དེ། ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ཆེ་མཐོང་ལ་ཕན་པ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ཕན་པ། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་སྤེལ་བ་དང་བསམ་པའི་དཔལ་ཡོན་སྤེལ་བར་ཕན་དགོས། ཞེས་བཀོད་ཡོད་པ་རེད།

ཕྱི་ལོ་ ༡༩༨༤ ལོར་རྒྱ་ནག་གི་ཞིང་ཆེན་ ༦ ནང་སྐད་ཡིག་སློབ་གསོའི་ཐོབ་ཐང་དང་འབྲེལ་བའི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་བཏོན་ཡོད་ཅིང་། དེའི་དོན་ཚན་ ༡༠ པ་དང་། ༢༡། ༣༦། ༤༧། ༤༩། ༥༣། བཅས་ནང་། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྲུང་སྐྱོབས་དང་རྒྱུན་འཛིན་བྱ་རྒྱུ་དང་། སྐད་ཡིག་རིགས་དུ་མ་མཉམ་དུ་སྤྱད་ནས་ལས་འགན་སྒྲུབ་པའི་ས་གནས་སུ་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྐད་ཡིག་དེ་གཙོ་བོ་བྱ་ཆོག་པ། དེ་བཞིན་རྒྱ་རིགས་ལས་བྱེད་པས་གནས་དེ་གའི་མི་རིགས་གྲངས་ཉུང་གི་སྐད་ཡིག་སློབ་དགོས་པ་དང་། མི་རིགས་གྲངས་ཉུང་གི་ལས་བྱེད་པས་མི་རིགས་རང་ཉིད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་དགོས་སྐོར་སོགས་བཀོད་ཡོད་པ་རེད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ལ་སྤྲད་པའི་ལས་དོན་སྙན་ཐོ་དང་འབྲེལ་ནས་བོད་ཀྱིའགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་ཟེར་བ་དེས། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་གྱིས་འགན་སྲུང་བྱས་པའི་གྲངས་ཉུང་མི་རིགས་སྐད་ཡིག་ཐད་ཀྱི་ས་གནས་རིམ་པའི་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་པ་དེ་ནི། མི་རིགས་ས་ཁོངས་རང་སྐྱོང་ནང་གསལ་རང་ཐག་རང་གཅོད་ཀྱི་དབང་ཆ་དང་ཐོབ་ཐང་ཧམ་འཕྲོག་བྱས་པ་ཞིག་རེད། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོབ་ཐང་ནི་འགྲོ་བ་མིའི་སྐད་རིགས་ཀྱི་ཐོབ་ཐང་ཡིན་པར་ནམ་ཡང་ངོས་འཛིན་བྱས་མེད་ཁར་ལག་བསྟར་ཡང་བྱས་མེད། ཅེས་ཁྲིམས་སྒྲིག་སྲིད་ཇུས་དེ་དག་གིས་ཐད་ཀར་བོད་སྐག་ཡིག་དང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་ཤན་ཤུགས་ཚབས་ཆེན་ཐེབས་ཡོད་པའི་བསྐྱོན་བརྗོད་དང་། རྒྱ་གཞུང་གིས་ད་ལྟའི་ལག་བསྟར་ཁྲིམས་སྒྲིག་དང་སྲིད་ཇུས་ཁག་ཚང་མ་མེད་པར་བཟོ་དགོས་པ་དང་། ངེས་པར་དུ་བོད་མིའི་རིག་གཞུང་དང་འབྲེལ་བའི་སློབ་གསོ་དང་། བོད་སྐད་ཡིག་གཙོ་བོར་བཟུང་ནས་རང་མི་རིགས་ཀྱི་རིག་གཞུང་དར་རྒྱས་གཏོང་ཐབས་ཀྱི་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་དགོས་སྐོར། དེ་བཞིན་རྒྱལ་སྤྱིའི་གཞུང་དང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་རྒྱ་གཞུང་ལ། རྒྱལ་ཚོགས་སམ་འབྲེལ་ཡོད་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པ་ཁག་རང་དབང་གི་ཐོག་ནས་བོད་ནང་ལོགས་ལ་དངོས་ཡོད་གནས་སྟངས་ཞིབ་འཇུག་བྱ་ཆེད་འགྲོ་ཆོག་པའི་གནོན་ཤུགས་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་འདུག

འདས་ལོའི་ཕྱི་ཟླ་ ༣ ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ (Human Rights Watch) གིས་བོད་ནང་གི་བོད་མིར་བཅར་འདྲི་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་རྗོད་བཞིན་པའི་སྐད་གཉིས་སློབ་གསོའི་སྲིད་ཇུས་འོག བོད་སྐད་ཡིག་གི་བསླབ་གཞི་ཉེན་ཁའི་ནང་དུ་ཡོད་ཅེས་པའི་སྙན་ཐོ་ཤོག་གྲངས་ ༩༡ ཅན་ཞིག་བཏོན་ཡོད་པ་དང་། དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བུ་བཅོལ་ཁང་གི་བྱིས་པ་ལོ་ ༣ ཙམ་ལོན་པ་ཚོ་ལའང་མི་རིགས་མཐུན་སྒྲིལ་ཁ་ལ་ཁྱེར་ཏེ། བཙན་གྱིས་སྐད་གཉིས་སློབ་གསོ་ཟེར་བ་ལག་བསྟར་བྱེད་མགོ་བཙུགས་ཡོད་སྐོར་དང་། འདས་པའི་ལོ་བཅུའི་རིང་བོད་ནང་སློབ་གྲྭ་མང་དུ་ཕྱིན་པ་དང་བསྟུན། བོད་ཡིག་ཆེད་སྦྱོང་བྱེད་ས་མ་གཏོགས་སློབ་གྲྭ་གཞན་ཁག་གི་ནང་རྒྱའི་སྐད་ཡིག་གི་བསླབ་གཞི་གཙོར་བཟུང་གི་སློབ་ཁྲིད་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་ཕྱིན་ཏེ། བོད་སྐད་ཡིག་གི་བསླབ་གཞི་ཉེན་ཁའི་ནང་ལྷུང་ཡོད་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese