མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ལོའི་སྐོར་ལ་འཆད་ཁྲིད་ཐེངས་གཅིག

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྫ་ཚེ་རིང་བཀྲ་ཤིས། ཨོ་གླིང་རི་སྔོན་པོ།

འོ་རེད། ཡང་ངས་སྐད་ཆ་ཞིག་བཤད། མ་གཞི་ད་ལོའི་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་ད་དུང་བལྟས་མ་ཚར། སྔོན་རྩིས་ཀྱི་སྐོར་རགས་རིམ་ཞིག་མཐོང་བྱུང་། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་འགའ་སྤྱི་མོས་མ་བྱུང་བ་དེ་ཅུང་ཡག་པོ་བྱུང་མ་སོང་ཞེས་ཁ་སང་གྲོགས་པོ་ཞིག་གིས་ལམ་ཁ་ཞིག་ནས་བསམ་ཚུལ་བཤད་བྱུང་། ཨ་ལེ་རེད་པས་ལབ་པ་ཡིན། དེ་ཙམ་རེད། ད་ནངས་ཚང་མས་ཚ་ཚ་འུར་འུར་གྱིས་སྤྱི་འཐུས་ཨ་ཅག་ལགས་ཤིག་གི་གཏམ་བཤད་དུམ་བུ་ཞིག་དྲ་ལམ་དུ་གཏོང་གིན་འདུག ཚང་མས་སེམས་ཚོར་ཆེན་པོས་༼བོད་རྒྱལ་ལོ་༽༼བོད་རྒྱལ་ལོ་༽ལབ་ཀྱི་འདུག དེ་ནས་ཡར་ལངས་ཞོར་དུ་མོའི་སྐད་ཆར་མཉན་པ་ཡིན།

ལར་ང་ལ་བཀུར་འོས་སྤྱི་འཐུས་ཁོང་ལམ་དབུ་མ་ཡིན་དང་རང་བཙན་ཡིན་ཁྱད་པར་གང་ཡང་མེད། མོས་སུ་ལ་བདག་གཞན་མཉམ་བརྗེ་སྒོམ་མིན་ལའང་བསམ་ཚུལ་མེད། ཡིན་ན་ཡང་། བོད་མི་མང་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས། དུས་ཡུན་རིང་པོར་རྐུབ་སྟེགས་དེའི་ཐོག་འདུག་མཁན་ཞིག་གི་ངོས་ནས། ༼བོད་རྒྱལ་ལོ་༽ཞེས་པའི་ཚིག་དེའི་དོན་གཏན་ནས་རྟོགས་མེད་པ་མཐོང་དུས་ཞེ་བློ་མ་བདེ་བ་ཆེན་པོ་བྱུང་། ད་དུང་། མ་མཐའི་ཆབ་སྲིད་རྒྱུན་ཤེས་དང་། ༧གོང་ས་མཆོག་གིས་ང་ཚོས་རྒྱ་ལ་དགྲ་བོའི་འདུ་ཤེས་འཛིན་གྱི་མེད་གསུངས་པ་སོགས་ལ་གོ་བ་ལེན་སྟངས་རྦད་དེ་ཀྱོག་ཀྱོག་ཆགས་བསྡད་ཡོད་པའི་ཚོར་བ་ཞིག་བྱུང་།

མ་གཞི་༼བོད་རྒྱལ་ལོ་༽ལབ་ན་བོད་པ་རྣམས་ཀྱིས་རང་གི་མངོན་འདོད་མངོན་འགྱུར་ཡོང་བའི་རེ་འདུན་ཙམ་རེད། རང་ཉིད་ཀྱི་ཁ་ལས་རླུང་རྟ། ཚེ་བསོད་ནམས། དབང་ཐང་སྙན་གྲགས་སོགས་མཐོར་འདེགས་ཡོང་བའི་སྨོན་འདུན་ཙམ་ཞིག་རེད། ༼བོད་རྒྱལ་ལོ༽འི་ཁྱབ་ཁོངས་དངོས་གནས་རྒྱ་ཆེན་པོ་ཞིག་རེད། ནམ་རྒྱུན་རི་བསང་ཕུད་དུས་བོད་པ་ཚོ་རྒུ་རུའི་ཟམ་ཆེན་ཕར་སྟེགས་ཀྱི་རི་མགོ་དང་ལྷ་རྒྱལ་རིའི་བསང་ཁྲིའི་འགྲམ། ཡང་ན་འདམ་གྱི་གཉན་ཆེན་ཐང་ལྷའི་མདུན་དུ་འདུས་ནས་ལྷ་རྒྱལ་ལོ་ཞེས་འབོད་པ་དང་འདྲ་པོ་རེད།

དེ་ཡང་ཚུལ་དང་མི་མཐུན་པའི་རང་རྒྱལ་གཞན་ཕན་དང་ཀུན་སློང་ངན་པ་དེ་འདྲ་ཞིག་སྔོན་འགྲོའི་ཆ་རྐྱེན་དུ་ཡོད་དགོས་པ་མ་རེད། བདེན་པ་དང་འཚེ་བ་མེད་པ། ཡང་དག་པ་འཇིག་རྟེན་ཡོངས་ཁྱབ་ཀྱི་རིག་གཞུང་གི་རིན་ཐང་དང་བསམ་བློས་ཕྱུག་པའི་བོད་ཀྱི་སྲིད་འབྱོར་རིག་བསམ་གྱི་བསྟན་པ་དར་དགོས་ན་༼བོད་རྒྱལ་ལོ་༽ལབ་ཆོག་པ་རེད།

གཞི་བྱེས་མཉམ་འཛོམས་དང་༧གོང་ས་མཆོག་ཕོ་བྲང་རི་བོ་གྲུ་འཛིན་དུ་ཞབས་སོར་འཁོད་དགོས་ན་༼བོད་རྒྱལ་ལོ་༽ལབ་ཆོག་པ་རེད། མདོར་ན། ༼བོད་རྒྱལ་ལོ་༽ནི་ང་ཚོའི་རྨི་ལམ་ཞིག་གི་བསྡུས་གཟུགས་རེད། ༧གོང་ས་མཆོག་སྐུ་ཚེ་རིང་པོར་བཞུགས་ནས་མཛད་འཕྲིན་དར་ཞིང་རྒྱལ་པའང་༼བོད་རྒྱལ་ལོ༽འི་སྨོན་འདུན་གྱི་གོ་དོན་གཙོ་བོ་ཞིག་རེད།

ཡང་བོད་ནང་དུ་སྐད་འབོད་བྱེད་མཁན་མང་ཆེ་བས་༼བོད་རྒྱལ་ལོ་༽ལབ་པ་དེ་སེམས་ཀྱི་ན་ཟུག་དང་ལོག་པའི་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་སྟོན་པ་ཞིག་རེད། དེའང་རྒྱ་སྡུག་པོ་ཡོང་བར་ཤོག་ལབ་པའི་དོན་མ་རེད། རང་ལ་གང་ཡོད་འོས་པའི་གཞི་རྩའི་ཐོབ་ཐང་དང་མངོན་འདོད་ལ་རེ་སྨོན་དང་དགའ་ཞེན་བྱེད་པ་ཞིག་རེད། དེས་ན་འདི་ནི་རྒྱ་ནག་གཞུང་ལ་དམོད་མོ་བྱེད་པའི་ཁ་གཏད་ཀྱི་ཚིག་ཡན་གར་བ་དེ་འདྲ་ཞིག་གཏན་ནས་མ་རེད། སྐུ་ཚེ་རིང་། ད་གོ་ཨེ་སོང་།

ད་ཐེངས་མི་མང་པོ་ཞིག་ལ་ཚོར་བ་ཤུགས་ཆེན་པོ་འཕར་དོན་ཡང་། ཁོང་ཚོ་ཆུང་ཆུང་ཡིན་དུས་ནས་ཁོང་ཚོའི་སློབ་དེབ་ཀྱི་ནང་ཚུན་ཆད་ནས་རང་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས། རང་གི་རྩ་དོན་དང་འབྱུང་འགྱུར་གྱི་རེ་སྨོན་ཡོད་ཚད་༼བོད་རྒྱལ་ལོ་༽ཞེས་པའི་བརྡ་རྟགས་འདི་ཁོ་ན་མཚོན་དོན་དུ་སྤྱད་ན་ཁ་ནས་བོས་ཤིང་། རིང་ནས་ཞེ་ལ་མནགས་ནས་ཡོང་བ་ཡིན་སྟབས་ཁོང་ཚོའི་སེམས་སུ་ཟུག་པོ་བྱུང་བ་རེད་དྲན་གྱི་འདུག

མ་གཞི་བོད་པའི་རྩ་དོན་རྩོད་མཁན་ཞིག་ཡིན་ན་རང་རྒྱལ་གཞན་ཕམ་གྱི་བློ་དགོས། རང་རྒྱལ་གཞན་ཕམ་འདི་ལ་ཚུལ་མཐུན་ལུགས་མཐུན་གྱི་རང་རྒྱལ་གཞན་ཕམ་ཞིག་དང་། ཚུལ་མཐུན་ལུགས་མཐུན་མ་ཡིན་པ་གཉིས་སུ་ཕྱེ་དགོས། འདི་གལ་ཆེན་པོ་ཞེ་དྲག་ཡིན། དེ་རིང་ངས་ཁྱོད་ལ་རིན་མེད་ཀྱི་སློབ་ཚན་ཞིག་ཁྲིད།

དཔེར་ན། འཁྲིག་སྤྱོད་ཀྱི་གནོད་འཚེ་ཕོག་པའི་བུད་མེད་ཅིག་གིས་ཁྲིམས་ཁང་ནས་རང་ཉིད་ལ་ཐོབ་འོས་པའི་གུན་གསབ་དང་། ཉེས་ཅན་པར་འོས་འཚམས་ཀྱི་ཁྲིམས་ཆད་གཅོད་དགོས་པའི་དངོས་འདུན་བཏོན་ཏེ་ཁྲིམས་གཏུགས་བྱས་ན་དེ་ལ་རྒྱལ་ཁ་ཐོབ་དགོས་པ་དེ་ཚུལ་མཐུན་ལུགས་མཐུན་གྱི་རང་རྒྱལ་གཞན་ཕམ་ལ་བརྩོན་ལེན་བྱེད་པ་རེད།

འགའ་རེས་སྟོབས་ཤུགས་དང་དབང་ཆ། ཡང་ན་རྒྱུ་དང་འབྲེལ་ལམ་སོགས་གཡོ་སྒྱུ་ཁྲམ་གསུམ་ཏེ། མདོར་ན་དྲང་བདེན་མིན་པའི་ལམ་རང་ལ་རྒྱལ་ཁ་ཐོབ་ཐབས་བྱེད་པ་དང་གཞན་ཕམ་པར་བྱེད་པ་ན་དེ་ཚུལ་མཐུན་ལུགས་མཐུན་མིན་པའི་རང་རྒྱལ་གཞན་ཕམ་གྱི་བསམ་བློ་ཁུར་སྟངས་རེད། ༧གོང་ས་མཆོག་གིས་ང་ཚོས་རང་རྒྱལ་གཞན་ཕམ་གྱི་འདུ་ཤེས་ཁོ་ནས་རྩ་དོན་མི་རྩོད་གསུངས་པ་དེའི་གོ་དོན་ཡང་ལུགས་མཐུན་དང་ཚུལ་མཐུན་མིན་པའི་ལམ་ནས་ཆབ་སྲིད་ཁོ་ན་རྩོད་ཀྱི་མེད་ཅེས་པའི་དོན་རེད། ད་གོ་ཨེ་ཐལ།

དེས་ན། བདེན་པ་དང་འཚེ་བ་མེད་པ་གཞི་ལ་བཅོལ་བའི་རང་རྒྱལ་ཞིག་ཀྱང་མ་དགོས་ན། ཆབ་སྲིད་ལྟ་ཅི་སྤྱིར་བཏང་གི་འཇིག་རྟེན་གྱི་འཚོ་བ་ཙམ་ཡང་སྐྱེལ་ཐུབ་ཐབས་མེད་པ་རེད། དེ་ལ་དགོངས་ནས་འཇམ་མགོན་མི་ཕམ་པས་ལུགས་གཉིས་ཀྱི་བསྟན་བཅོས་རིན་པོ་ཆེ་ལས་ཀྱང་། ཕན་མེད་གནོད་མེད་རྒྱ་མཚོའི་རྡོ། །འདི་ཡང་བག་མེད་པ་ཡི་སྐྱོན། །ཞེས་བསམ་ཚུལ་འདི་ནི་བག་མེད་ཀྱི་ཆ་ཤས་ཤིག་ཡིན་པར་གསུངས་ཡོད།

མདོར་ན། ༧གོང་ས་མཆོག་གི་དགོངས་དོན་ནི།  རང་རྒྱལ་གཞན་ཕམ་འབའ་ཞིག་གི་ཚོར་བའི་དབང་དུ་མ་སོང་བར། རྒྱལ་སྤྱིའི་དང་འཛམ་གླིང་གི་གནས་བབ། བོད་མིའི་རྩ་དོན་གྱི་དགོས་འདུན་སོགས་ཕྱོགས་ཡོངས་ལ་བསམ་བློ་བཏང་ནས་ཕྱོགས་གཉིས་ཆར་ལ་ཁེ་ཕན་ཡོད་པ་དང་ལག་ལེན་དུ་ཁེལ་ཐུབ་སྲིད་པའི་ལམ་ཁ་ཞིག་འཚོལ་དགོས་པ་དེ་རེད། དེ་དང་མཉམ་དུ་བདེན་པ་རྒྱལ་ནས་བདེན་པའི་མཐའ་གསལ་བ་ནི་ཅིས་ཀྱང་བརྩོན་ལེན་འོས་པའི་རླབས་ཆེན་གྱི་ཕུགས་འདུན་ཞིག་ལ་ངོས་འཛིན་གནང་གིན་ཡོད།

དེ་ཡང་ཆེ་ས་ནས་བཤད་ན། ༼བོད་རྒྱལ་ལོ་༽ཁྱབ་ཁོངས་ཀྱི་བོད་ཀྱི་རྒྱལ་ཁ་ནི་རྒྱ་ནག་ལ་ཚུལ་མིན་གྱི་སྡུག་པོ་བྱེད་པའི་དོན་མ་རེད་ལ། ༼བོད་རྒྱལ་ལོ་༽ནི་བོད་གཅིག་པུའི་རྒྱལ་ཁ་ཙམ་མིན་པར་བོད་ཀྱི་ཆུའི་ཐོན་ཁུངས་དང་བྱམས་བརྩེའི་རིག་གཞུང་། ནང་ཆོས་ཀྱི་ཉམས་ལེན་བཅས་འཛམ་གླིང་གི་སྤྱི་ནོར་ཡིན་པའི་ཆ་ནས་བོད་ཀྱི་རྒྱལ་ཁ་དེ་དོན་ལ་འཛམ་གླིང་གི་རྒྱལ་ཁ་ཞིག་ཡིན་པའི་ངོས་འཛིན་ཡོད་དགོས།

དེ་ཙམ་མ་ཟད། བོད་ཀྱི་རྩ་དོན་ནི་བདེན་པའི་འཐབ་རྩོད་ཅིག་ཡིན་པ་དང་། དབུ་མ་དང་རང་བཙན་གང་ཡིན་ཡང་ཚད་གཞི་མི་འདྲ་བའི་ཐོག་ནས་བདེན་པའི་ལམ་ནས་བདེན་པའི་རྒྱལ་ཁ་རྩོད་པ་ཞིག་ཡིན་པའི་ཆ་ནས་༼བོད་རྒྱལ་ལོ་༽ནི་དྲང་བདེན་གྱི་འབོད་སྒྲ་ཞིག་ཏུ་ངོས་འཛིན་ཐུབ་དགོས།

དེའི་རྒྱུ་མཚན་གྱིས། སྔར་དྲངས་པའི་ལུགས་ཀྱི་བསྟན་བཅོས་སུ་ཡང་། སྔར་བྱས་ལས་ཀྱི་རྟིང་གཅོད་དང༌། ། ད་ལྟའི་བྱ་བ་ལེགས་ཉེས་ལ། ། ཇི་བཞིན་གསལ་ཤན་མི་བྱེད་པ། ། མི་དྲང་གཡོ་སྒྱུ་ཅན་གྱི་རྟགས། །ཞེས་གསུངས་པ་རེད། འདི་ནི་ནོར་འཁྲུལ་ལ་བདའ་འདེད་དང་ལེགས་ཉེས་ལ་རྒྱལ་ཕམ་གྱི་ལ་ཤན་འབྱེད་དགོས་པ་དེ་འགྲོ་བ་མའི་ཀུན་སྤྱོད་ཀྱི་འོས་འགན་ཞིག་ཡིན་ཞེས་པའི་དོན་རེད།

སངས་རྒྱས་ཀྱིས། ལྷ་རྣམས་རྒྱལ། ལྷ་མ་ཡིན་རྣམས་ཕམ། ཞེས་པའི་གོ་དོན་ཡང་དེ་རེད། ད་དུང་ཅུང་ཟད་གཏིང་ཟབ་སར་འཛུལ་ནས་ཞུས་ན་ཨ་མ་ལགས་ཀྱིས་གོ་ས་མ་རེད། གནས་སྐབས་དེ་ཙམ་གྱིས་ཆོག་པ་བྱེད།

གང་ལྟར། གཅིག་ན་ད་ལྟའི་ཆར་རྒྱལ་སྤྱིའི་དང་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཀྱི་ཆ་ནས་ཁོར་ཡུག་བསྐྲུན་པ་སོགས་ཀྱི་སྐད་ཆ་དག་རང་བཞིན་གྱིས་མེད་པ་ཞིག་རེད། ཁྱད་པར་དུ། ཆབ་སྲིད་ཀྱི་གསང་གནད་ངོ་མའང་། རང་གི་ནུས་པ་མཐོར་འདེགས་བཏང་ནས་འཁྲེག་ཙམ་བྱས་ན་ཕ་རོལ་པོས་གཞི་ནས་ཡ་བྱེད་པ་དང་། འདྲ་མཉམ་གྱི་གླེང་སྟེགས་ཤིག་ཡོང་སྲིད་པ་དེ་རེད། སྤྱི་འཐུས་ཤིག་གི་ངོས་ནས་ངོས་འདི་དག་ཡེ་མ་མཐོང་བ་དེ་བསམ་བློའི་ཡུལ་ལས་འདས་པ་རེད། དེའི་ཆ་ནས་ང་ཡང་སྐད་ཆ་དེ་ལ་ཅུང་ཟད་ཧང་སང་སོང་བ་ལས། གཞན་ང་ལ་ཆབ་སྲིད་ཀྱི་སེམས་ཤུགས་ཆེ་འདོག་དང་། ༼བོད་རྒྱལ་ལོ་༽མ་ལབ་ན་ཞེད་པོ་ཞིག་རེད་ཅེས་གང་ཡང་ལབ་ཀྱི་མེད།

ད་ཐེངས་མོས་༼བོད་རྒྱལ་ལོ་༽ལབ་པ་དེ་རང་རྒྱལ་གཞན་ཕམ་གྱི་བསམ་བློ་ཡིན་པ་དང་། དེ་དབུ་མའི་ལམ་གྱི་འགོག་རྐྱེན་ཡིན་པ། དེ་ལབ་ན་མི་འགྲིག་པའི་སྐད་ཆ་དེས་གཞོན་སྐྱེས་ལར་ཞེན་ཅན་རྣམས་ཀྱི་སེམས་ལ་ཕོག་ཐུག་བཏང་ཡོད་པ་དངོས་ཡོད་ཆགས་པ་རེད། ད་དུང་སྐད་ཆ་འདིས་དབུ་མའི་ལམ་གྱི་གོ་དོན་ལ་འགྲེལ་ལོག་དང་བརྡ་ལན་ལོག་པ་སྤྲད་ཡོད།

གལ་ཏེ་དེ་ཚང་མ་བཅོས་དགོས་ན། ལྷ་རྒྱལ་རི་ལ་ལྷ་རྒྱལ་ལོའི་གོ་དོན་ཡོད་པས་བདུད་ཕམ་དུ་བཅུག་ན་རང་རྒྱལ་གཞན་ཕམ་དུ་འགྱུར་བས་དེ་ཡང་བཅོས། བདེན་པ་ཉིད་རྒྱལ་གྱུར་ཅིག་ལབ་ན་རྫུན་མ་དང་རྫུན་མའི་སྲིད་གཞུང་ལ་ཟུར་ཟ་ཡིན་སྲིད་པས་དེ་ཡང་བཅོས། ད་དུང་ཚད་མེད་ཡོན་ཏན་མའི་ཚིག  ནག་ཕྱོགས་དང་ཀླ་ཀློ་རང་དབང་སོགས་རེ་རེ་ནས་བཅོས།  ནམ་ཞིག་༧རྒྱལ་བ་རིན་པོ་ཆེའི་མཚན་གྱི་དབུ་ན་ཡོད་པའི་བདུད་བཞི་ལས་རྒྱལ་བའི་གོ་དོན་ཡོད་པའི་༧རྒྱལ་བ་ལའང་རང་རྒྱལ་གཞན་ཕམ་གྱི་གོ་དོན་ཡོད་མེད་གླེང་སློང་བྱ་རྒྱུ་ཁེལ་ས་རེད། མཐར་བཤད་གྲྭ་པའི་བཤད་སྟངས་བྱས་ན་ཤེས་བྱ་ཁྲ་ལེབ་ཏུ་འགྱུར་རྒྱུ་ལས་མེད་པ་ཞིག་ཆགས་ས་རེད། ཡག་ཤོས་བྱུང་ན་གྲོས་ཚོགས་ར་བ་ནས་སྐད་ཆ་དེ་ཕྱིར་འཐེན་ཐུབ་ཙམ་བྱུང་ན་མོ་རང་ལ་དེ་ལས་ཁེ་བཟང་ཆེ་བ་ཡོད་ས་མ་རེད།

གཞན་དུ། ད་ལྟ་དང་མ་འོངས་པར་གྲོས་ཚོགས་ཚོགས་དུས་འདིའི་ནང་དུ་སྐད་ཆ་དེ་དང་གནས་ཚད་མཉམ་པའི་སྐད་ཆ་སུས་བཤད་བྱུང་ན། དེ་ཆབ་སྲིད་དང་རིག་གཞུང་། བོད་རང་གི་རིག་ཐུན་མོང་མ་ཡིན་པའི་བསམ་བློའི་འཁྱེར་སོ་བཅས་ཀྱི་གོ་རྟོགས་དང་ལ་ཡིག་ཚད་བརྒྱ་ཆ་བདུན་ཅུ་མན་དུ་ཟག་པ་ཞིག་ཏུ་ངོས་འཛིན་འོས་པ་ཞིག་རེད།

མི་དེ་རིགས་འདི་ལོའི་འོས་འདེམས་དངོས་གཞིའི་སྐབས་སུ་འོས་ཁོངས་སུ་ཡོད་པ་ཞིག་ཡིན་ན། ཆོལ་ཁོངས་སམ་ཆོས་བརྒྱུད་ཀྱི་འོས་འཕེན་པ་དག་གིས་སོ་སོའི་འོས་ཤོག་རྐང་གཅིག་པོ་དེ་སྤྱད་ནས་བཀུར་འོས་སྐུ་ངོ་སྤྱི་འཐུས་དེ་དང་དེ་འདྲ་བ་དག་ལ་བརྡ་ལན་ཡག་པོ་ཞིག་འབྱོར་བ་བྱས་ན་ཡིད་ཚིམ་པོ་ཡོང་ས་རེད། དེ་ནི་ཐག་རིང་ས་ནས་བཤད་ན། སྤྱི་འཐུས་ཀྱི་སྡིངས་ཆ་འདི་གང་དྲན་དྲན་བཤད་ས་ཞིག་མིན་པ་དང་། སྡིངས་ཆ་འདིར་བརྩོན་ལེན་བྱེད་པོ་དག་ལའང་བསམ་བློ་དང་ཤེས་ཡོན་གྱི་རྨང་གཞི་ངེས་ཅན་ཞིག་དགོས་པའི་བརྡ་ལན་ཞིག་ཏུའང་འགྱུར་སྲིད། ང་ཚོས་རང་ལ་དབང་བའི་འོས་ཤོག་རྡོག་མ་གཅིག་པོ་དེ་སྤྱད་ནས་བརྗིད་ཉམས་སྟངས་འཛིན་གྱི་ལག་ལེན་དུས་ལས་མ་ཡོལ་བ་ཞིག་བྱུང་ན་ཡག་པོ་ཡོད་ས་རེད་ཨང་སྙམ་པ་ཞིག་ཀྱང་བྱུང་།

ཕྱོགས་གཞན་ཞིག་ནས་མོའི་སྐད་ཆ་འདིའི་རྐྱེན་གྱིས་རྒན་གཞོན་མང་པོ་ཞིག་ལ་༼བོད་རྒྱལ་ལོ་༽དང་༼བོད་རྒྱལ་ལོ༽འི་གོ་དོན་ལ་དྲན་གསོ་བྱས་པ་རེད། ༼བོད་རྒྱལ་ལོ་༽ཞེས་པ་འདི་གྲོས་ཚོགས་ཚོགས་དུས་འདིའི་མཚོན་རྟགས་ཀྱི་ཚིག་ཏུ་གྱུར་པ་རེད། མ་མཐའ་ཡང་། དེ་ནི་རྟེན་འབྲེལ་ཡག་པོ་ཞིག་ཏུ་རྩི་ཆོག་པ་ཞིག་རེད། ངས་ཀྱང་རྩོམ་ཡིག་འདྲི་འདྲ་ཞིག་འབྲི་ཐུབ་པ་བྱུང་བ་རེད། དེའི་ཆ་ནས་ཁོང་ལ་ཡང་བཀའ་དྲིན་ཞུའོ།།

ཞོགས་ཇ་འཐུང་ཞོར་བསམ་ཚུལ་ཡི་གེར་བྲིས་པ་ཡིན། ཀུན་སློང་གཞན་པ་ནི་གང་ཡང་མེད། ཚོར་བ་ཙམ་ཞིག་ཀྱང་མིན། དྲ་འབུ་བྱེད་འདོད་པའང་མིན། དོ་བདག་སྤྱི་འཐུས་ཁོང་ལ་སྒེར་ངོས་ནས་ནི་འགལ་འབྲེལ་གང་ཡང་མེད་ཀྱང་། བཀའ་མོལ་དེ་སྐད་ཆའི་ངོས་ནས་༼ཁ་ཚོད་ཡོད་ཀྱི་ནང་གི་ཚིག་ཚོད་མེད་༽ཡིན་པ་ཙམ་དུ་མ་ཟད། བསམ་བློ་དང་གོ་རྟོགས་ཀྱི་གནས་ཚད་ཀྱིས་དེ་བས་ཀྱང་བློ་ཅུང་ཟད་ཕམ་དུ་བཅུག་བྱུང་བས་སྐད་ཆ་འདི་འདྲ་ཞིག་བཤད་ཤོར་སོང་ངོ་། ངོ་མ་ཡིན། ང་ནོར་ཡོད་ན་དགོངས་དག་ཞུ།

རྫོགས་སོ།།

མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༡༩ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 5

  1. ཚེ་རིང་ཕུན་ཚོགས says:
    ལོ་ 5 སྔོན།

    བོད་གཞུང་གི་ལང་ཕྱོགས་ལམ་དབུ་མ་རེད་་་དེང་སང་བློ་བཟང་སངས་རྒྱས་ཕྱོགས་གཏོགས་དང་བཅས་པ་ལྷག་པར་ཨ་རོགས་ཚོས་༧ གོང་ས་མཆོག་གི་དཀའ་ལས་བྱེ་བ་དུ་མས་བསྐྲུན་པའི་བོད་གཞུང་དེ་ཨ་རོགས་ཚོས་གཏོར་ཕམ་གཏོང་འདོད་སྙིང་ལ་བརྣག་ནས་བསྡད་ཡོད་པ་མངོན་གསལ་རེད་་་་བཀུར་འོས་སྤྱི་འཐུས་སྒྲོལ་མ་ཚེ་རིང་ནས་དྲི་བ་ག་རེད་བཏང་འདུག་་་་བོད་རྒྱལ་ལོ་དང་རྒྱ་དམར་བོད་མཐར་བསྐྲོད་གཏོང་དགོས་ལབ་ན་་་ལམ་དབུ་མའི་ལང་ཕྱོགས་དང་འགལ་གྱི་མ་རེད་བས་ཞེས་་་དྲི་བ་བཏང་འདུག་མ་གཏོགས་བོད་རྒྱལ་ལོ་ཞེས་ལབ་མི་ཆོག་ཟེར་བ་གང་ན་འདུག་་་་་རང་གི་ཁྲིམས་ཁང་ལ་གཏུག་ན་ཧ་ཅང་ལེགས་་་་་ཉ་དང་ཉུང་མ་བསྲེགས་ནས་སྤྱི་ཚོགས་དཀྲུག་ཡས་དེ་ཨ་རོགས་ཚོས་ལས་ངན་ཡིན་པ་འདྲ་་་་བོད་སོག་ལས་ཁུངས་ཀྱི་་ཕོག་བཟའ་ནས་རང་ཚོས་དྲུག་ཅུ་རེ་གྲངས་ནང་གོ་མིན་གཏང་ལ་སྐྱབས་བཅོལ་ཡིན་པ་་་་དེ་དུས་བོད་རྒྱལ་ལོ་དྲན་པ་བརྗེད་ཚར་བ་རེད་བས་་་་་དོལ་རྒྱལ་དང་གུང་ཕྲན་གཏང་ལ་སྐྱབས་བཅོལ་ནས་རྙོགས་འདྲ་ག་ཚོད་བཟོས་ཡིན་དེ་དུས་བོད་རྒྱལ་ལོ་་དྲན་པ་བརྗེད་པ་རེད་དམ་་་་དྲུག་ཅུ་རེ་གྲངས་ནས་ད་བར་དུ་ཨ་རོགས་མང་ཆེ་བས་སྤྱི་ཚོགས་ནང་རྙོགས་འདྲ་མ་གཏོགས་ག་རེད་བྱས་བཞག་ཡོད་་་་དེ་དུས་བོད་རྒྱལ་ལོ་དྲན་པ་བརྗེད་པ་རེད་དམ་་་་

    Reply
  2. lobsang says:
    ལོ་ 5 སྔོན།

    སྔོན་མ་སྤྲུལ་རྫུན་ཨུ་རྒྱན་སྟོབས་རྒྱལ་གྱིས་གང་བྱུང་མང་བྱུང་བཤད་དུས་ཁྱེད་རང་གིས་རྩོམ་ཡིག་རྙོག་རིང་ཞིག་བྲིས་ནས། བོད་མི་ཚོས་ཨུ་རྒྱན་སྟོབས་རྒྱལ་གྱི་ཚིག་དུམ་ཁྱེར་ནས་གོ་ལོག་ལེན་འདུག་ཟེར་ནས་སྐད་ཅོར་རྒྱག དེ་དུས་ཁྱེད་ཀྱིས་སྤྲལ་རྫུན་དེའི་སྐྱོན་འགེབས་ཐབས་བྱས་སོང་ཨ། ད་རེས་ག་འདྲ་རེད། རྫ་ཚེ་རིང་བཀྲ་ཤིས་ཁྱེད་རང་མི་གཡོ་ཆེན་མགོ་བདེ་ཞིག་རེད་འདུག་གོ

    Reply
  3. རྣམ་རྒྱལ་ says:
    ལོ་ 5 སྔོན།

    ཧ་ཧ། སྔོན་མ་སྤྲུལ་རྫུན་ཨུ་རྒྱན་སྟོབས་རྒྱལ་གྱིས་གང་བྱུང་མང་བྱུང་བཤད་དུས་ཁྱེད་རང་གིས་རྩོམ་ཡིག་རྙོག་རིང་ཞིག་བྲིས་ནས། བོད་མི་ཚོས་ཨུ་རྒྱན་སྟོབས་རྒྱལ་གྱི་ཚིག་དུམ་ཁྱེར་ནས་གོ་ལོག་ལེན་འདུག་ཟེར་ནས་སྐད་ཅོར་རྒྱག དེ་དུས་ཁྱེད་ཀྱིས་སྤྲལ་རྫུན་དེའི་སྐྱོན་འགེབས་ཐབས་བྱས་སོང་ཨ། ད་རེས་ག་འདྲ་རེད། རྫ་ཚེ་རིང་བཀྲ་ཤིས་ཁྱེད་རང་མི་གཡོ་ཆེན་མགོ་བདེ་ཞིག་རེད་འདུག་གོ

    Reply
  4. བོད་ཀྱི་བུ། says:
    ལོ་ 5 སྔོན།

    ད་གད་མོ་སློང་གི་འདུག

    Reply
  5. འཇམ་དཔལ་རིག་བཟང་། says:
    ལོ་ 5 སྔོན།

    སྤྱི་འཐུས་ཤིག་གིས་སྤྱི་འཐུས་ཡིན་པའི་འགན་ཁྱེར་ནས་འཛིན་སྐྱོང་བཀའ་ཤག་ལ་ “རྒྱ་དམར་བོད་ནས་མཐར་སྤྲོད་གཏོང་། བོད་རྒྱལ་ལོ།” ཞེས་པ་འདི་བཀའ་ཤག་གི་སྲིད་བྱུས་དང་འགལ་མིན་བཀའ་འདྲི་ཞུས་པ་ལས་བོད་རྒྱལ་ལོ་ལབ་ཆོག་གི་མ་རེད་ཟེར་བ་འདི་འདྲ་གང་དུའང་གསུངས་མེད། འདི་མི་ཁ་ཤས་ཀྱིས་ཡར་དྲུད་མར་དྲུད་མང་པོ་བྱས་ནས་དོན་མེད་གླེང་ཕྱོགས་བཟོ་གི་འདུག
    དྲི་བ་དེ་ལ་ལན་རྒྱག་མཁན་ཆབ་སྲིད་ཀྱི་འགན་འཁུར་མཁན་སྲིད་སྐྱོང་ཡོད་པ་རེད་ལ་སྲིད་སྐྱོང་གིས་ལན་བརྒྱབ་པ་རེད། དེར་བརྟེན་དངོས་ཡོད་ཀྱི་གནས་ཚུལ་ཤེས་པ་དང་དངོས་ཡོད་ཀྱི་གནས་ཚུལ་བཤད་དགོས་པ་གལ་ཆེན་པོ་རེད། ཚོར་བ་གླེང་ནས་བོད་དོན་སེལ་ཐུབ་པ་མ་རེད། འདི་སྲིད་བྱུས་དང་འབྲེལ་བའི་གནད་དོན་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese