མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མགོ་ལོག་ནས་འཛིན་བཟུང་བྱས་པའི་བོད་མི་གཉིས་རྨ་ཆེན་རྫོང་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་བཅུ་དྲུག་ཉིན་འཛིན་བཟུང་བྱས་པའི་བོད་མི་བསམ་གཏན་བཟང་པོ་དང་ཚུལ་ཁྲིམས་ལགས་གཉིས་དེ་རིང་ཕྱིར་རྨ་ཆེན་རྫོང་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་པ་རེད།

འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༦ ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དབྱུག་ཞོང་སྡེ་བ་ནས་ཡིན་པའི་བསམ་གཏན་བཟང་པོ་དང་ཚུལ་ཁྲིམས་ཟེར་བའི་བོད་མི་གཉིས་ནས་སྐད་འཕྲིན་བརྒྱུད་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པའི་ཉེས་མིང་འོག ཁྲི་འདུ་རྫོང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་། དེ་རིང་ཁྲི་འདུ་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་མི་གཉིས་རྨ་ཆེན་རྫོང་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། ཁོ་གཉིས་ཀྱིས་ཕྱི་ཕྱོགས་སུ་ཡོད་པའི་ངོ་ཤེས་པར་སྐད་ཆ་བཤད་ཡོད་ན་མ་གཏོགས། གཞན་སྤུན་མཆེད་དེ་འདྲ་ཡོད་པ་ཤེས་མ་སོང་། ཁོང་གཉིས་འཛིན་བཟུང་བྱེད་དོན་ནི་དེང་སང་མཚོ་སྔོན་དང་མགོ་ལོག་སོགས་ས་ཁུལ་གང་སར་ཕྱིའི་རྒྱལ་ཁབ་དུ་སྤུན་མཆེད་ཡོད་མཁན་ཚོར་དམིགས་བསལ་གྱི་དམ་དྲག་ཤུགས་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། སྡེ་བ་སོ་སོའི་ནང་དེའི་སྐོར་ཚོགས་འདུ་ཚོགས་པ་དང་ནང་ཁུལ་དུ་སོ་ཉུལ་བྱེད་མཁན་མི་སྣ་མང་པོ་ཆེད་དུ་བཙུགས་ཏེ། སྐད་འཕྲིན་ནང་སྐད་ཆ་ག་རེ་བཤད་ཀྱི་ཡོད་མེད་དང་པར་རིས་སོགས་གང་དང་གང་སྐུར་གྱི་ཡོད་མེད་དུས་ཐོག་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པར་ལན་སྤྲོད་དགོས་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཚོར་དངུལ་དང་རོགས་རམ་ཐོབ་ཀྱི་ཡོད་སྟབས། ད་རེས་བསམ་གཏན་བཟང་པོ་དང་ཚུལ་ཁྲིམས་ལགས་གཉིས་འཛིན་བཟུང་བྱས་ཡོད་པ་རེད། ཅེས་བརྗོད་སོང་།

འཛིན་བཟུང་བྱས་པའི་བོད་མི་དེ་གཉིས་ལས་ཚུལ་ཁྲིམས་ནི་བསམ་གཏན་བཟང་པོའི་ཁྱིམ་གྱི་མག་པ་ཡིན་པ་དང་། ཁོ་གཉིས་ནི་ལོ་༣༥ནས་༤༠བར་ཡིན་འདུག་ལ། ད་ལྟ་ཁོ་གཉིས་འཛིན་བཟུང་བྱས་ཏེ་རྨ་ཆེན་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་འོག་ཡོད་ཚུལ་ཙམ་ལས་ད་ལྟའི་ཆར་ཁོང་གཉིས་ཀྱི་ཞིབ་ཕྲའི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གཞན་ཡང་འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། དེང་སང་མགོ་ལོག་ཁུལ་གྱི་རྫོང་ཁག་ལྔའི་ཞིང་གྲོང་གཉིས་ཀྱི་སློབ་གྲྭ་ཁག་དང་སྡེ་བ་སོ་སོའི་མི་མང་ཆེད་སྐོང་གིས་ཕྱི་ཕྱོགས་ཀྱི་བོད་མིར་འབྲེལ་འདྲིས་བྱེད་མི་ཆོག་པ་དང་། སྐད་འཕྲིན་དང་སྤྱི་ཚོགས་བརྒྱུད་ཁག་ཏུ་བོད་ཀྱི་རྩ་དོན་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྐུལ་དང་རྒྱ་ནག་གཞུང་ལ་གནོད་པའི་ལས་རིགས་སྤེལ་ཚེ། བོད་མི་ནང་ཁུལ་དུ་སོ་ཉུལ་བ་བཞག་སྟེ་དམ་བསྒྲགས་སྔར་ལྷག་བྱེད་ཀྱི་ཡོད་འདུག

ཉེ་སྔོན་མགོ་ལོག་ཁུལ་གྱི་རྨ་སྟོད་རྫོང་དང་དགའ་སྡེ་རྫོང་། རྨ་ཆེན་རྫོང་། གཅིག་སྒྲིལ་རྫོང་བཅས་རྫོང་ཁག་བཞིའི་ཏང་གི་འཐུས་མི་དང་གནད་ཡོད་མི་སྣ་ ༥༠ ལྷག་མཉམ་འཛོམས་ཀྱིས་ཚོགས་ཆེན་ཞིག་བསྡུས་ཏེ། ཚོགས་འདུའི་ཐོག་དམིགས་བསལ་བུད་མེད་ཚོགས་པ་ཞིག་ཆེད་འཛུགས་ཀྱིས། དེའི་ལས་འགན་ནི་ཟླ་གཅིག་རིང་རྫོང་ཁག་དེ་དག་གི་ཞིང་འབྲོག་མང་ཚོགས་ཀྱི་སར་ཉུང་མཐར་སྐོར་སྐྱོད་ཐེངས་གཉིས་ཙམ་བྱས་ཏེ། སྣང་ཆེན་བཞི་དང་དགའ་ཞེན་བཞི། ཏང་ལ་སེམས་དཀར་དང་བློ་སེམས་བརྟན་པོའི་མདུན་སྐྱོད་ཟེར་བའི་ལས་འགུལ་འོག མང་ཚོགས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་ཁྲིམས་ལུགས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་དགོས་པ་སོགས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ཀྱིས་མི་མང་གི་སེམས་ཁམས་སྒྱུར་བཅོས་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist