མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཐའེ་ཝན་ནང་ཏོག་དབྱིབས་འགོས་ཁྱབ་ཀྱི་ཉེན་ཁ་བསླེབས།

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཐའེ་ཝན་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་ནད་པ་གསར་པ་ ༢༠༦ ཐོན་པར་བརྟེན་བཀག་སྡོམ་བྱེད་པའི་མགོ་བཙུགས་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན་ཐའེ་ཝན་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་ནད་པ་གསར་པ་ ༢༠༦ ཐོན་པ་དང་བསྟུན། སྲིད་འཛིན་ཚའེ་ཡེན་ཝུན་མཆོག་གིས་སྣེ་ཁྲིད་པའི་ཐའེ་ཝན་གཞུང་ངོས་ནས་ཟླ་འདིའི་ཕྱི་ཚེས་ ༢༨ བར། ཡུལ་དེའི་གློག་བརྙན་ཁང་དང་སྤྲོ་སྐྱིད་ཁང་རྣམས་སྒོ་བརྒྱབ་ཡོད་པ་མ་ཟད། ཁྱིམ་གྱི་ཕྱི་ནང་གཉིས་ཀར་གྲངས་ཚད་ངེས་ཅན་གྱི་ཐོག་ནས་མི་མང་འདུ་འཛོམས་རིགས་བཀག་སྡོམ་བྱས་ཡོད་འདུག

ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་གཙོས་པའི་གྲོང་ཁྱེར་ཁག་ནང་གི་གནས་སྟངས་ཅུང་ཛ་དྲག་ལྟ་བུ་ཆགས་བཞིན་པ་མ་ཟད། གཞུང་ངོས་ནས་རྒྱལ་ས་ཐའེ་པེ་ལ་རིམ་པ་གསུམ་པའི་གཉན་རིམས་ཀྱི་ཉེན་བརྡ་བཏང་བ་མ་ཟད། མི་མང་ངོས་ནས་རང་ཁྱིམ་ནས་ལས་ཀ་བྱེད་དགོས་པ་དང་། ཁྱིམ་ནང་མི་ལྔ་ལས་མང་བ་འཛོམས་མི་ཆོག་པ་དང་། ཕྱི་རོལ་དུ་མི་ ༡༠ ལས་མང་བ་འདུ་འཛོམས་མི་ཆོག་པའི་ལམ་སྟོན་བྱས་ཡོད་འདུག

རྒྱལ་སྤྱི་དང་རྒྱལ་ཁབ་གཞན་གྱི་གནས་སྟངས་དང་བསྡུར་ན། མི་འབོར་ས་ཡ་ ༢༣ ལྷག་ཡོད་པའི་གླིང་ཕྲན་རྒྱལ་ཁབ་ཆུང་ཆུང་འདིའི་གནས་སྟངས་ཛ་དྲག་པོ་མིན་ཡང་། གཉན་རིམས་འདི་འགོས་ཁྱབ་སོང་བ་ནས་བཟུང་ཐའེ་ཝན་ནང་ད་ཐེངས་ལྟ་བུའི་ནད་པ་ཐོན་མྱོང་མེད་སྟབས། མང་ཚོགས་ནང་རང་བཞིན་གྱིས་སེམས་འཚབ་སྐྱེ་བཞིན་ཡོད་ལ། གནས་སྟངས་ཡར་རྒྱས་མ་སོང་ཚེ་རྒྱལ་ཡོངས་ནང་སྒོ་རྒྱ་བསྡམ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་སྟབས། ཁ་སང་མང་ཚོགས་ཀྱིས་སྐམ་ཟས་རིགས་སྡེབ་ཉོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་། དེར་བསྟུན་གཞུང་ངོས་ནས་མང་ཚོགས་ཀྱིས་ཅ་དངོས་རེ་འགའ་རྐང་གཉིས་མ་གཏོགས་ཉོ་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་འདུག་ལ། སྲིད་འཛིན་ཚའེ་ཡེན་ཝུན་མཆོག་གིས་མང་ཚོགས་ལ་དངངས་སྐྲག་གིས་ཅ་དངོས་སྡེབ་ཉོ་བྱེད་པ་དེས་གནས་སྟངས་སྡུག་ཏུ་གཏོང་ངེས་ཡིན་སྐོར་གསུངས་ཡོད་འདུག

འདས་ལོར་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་དེ་ཕྱིའི་རྒྱལ་ཁབ་ཁག་ཏུ་ཁྱབ་མགོ་བརྩམས་པ་དང་བསྟུན། ཐའེ་ཝན་གྱིས་རྒྱ་ནག་ནས་ཕར་འགྲོ་ཚུར་འོག་གི་འགྲིམ་འགྲུལ་རིགས་ཆ་ཚང་བཀག་ཡོད་པ་མ་ཟད། གཉན་རིམས་ཕོག་མཁན་དང་ཁོ་ཚོར་འབྲེལ་འདྲིས་འབྱུང་མཁན་ཚོ་ཟུར་བཀག་སོགས་ཚགས་ཚུད་བྱས་རྐྱེན། ད་བར་ཐའེ་ཝན་ནང་གཉན་རིམས་ཀྱི་དཀའ་ངལ་ཆེན་པོ་ཕྲད་མེད་ལ། གཞུང་ངོས་ནས་ད་བར་ཐེམ་སྤང་ (Curfew)དང་སྒོ་རྒྱ་བསྡམ་རྒྱུའི་བཀའ་རྒྱ་བསྒྲགས་མྱོང་མེད་པ་རེད།

ད་བར་ཐའེ་ཝན་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་མི་གྲངས་ ༡༦༨༢ ལས་བྱུང་མེད་ཅིང་། དེའི་ཁྲོད་ནས་ཀྱང་མི་གྲངས་ ༡༢ མ་གཏོགས་རྐྱེན་འདས་སུ་ཕྱིན་མེད་པ་རེད། འདས་པའི་ལོ་གཅིག་ནང་ཐའེ་ཝན་གྱི་གཉན་རིམས་འགོག་རྒོལ་ཐད་ལེགས་གྲུབ་ཆེན་པོ་བྱུང་བ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་མཐོན་པོ་ཐོབ་ཡོད་པ་མ་ཟད། རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་ཐའེ་ཝན་བསྐྱར་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཟུར་ཉན་པའི་ཁོངས་སུ་འཇུག་དགོས་པའི་དགོངས་ཚུལ་ཤུགས་ཆེན་པོ་བྱུང་ཡོད་ལ། ཐའེ་ཝན་ངོས་ནས་རྒྱ་གར་གཙོས་པའི་གཉན་རིམས་ཀྱིས་དོ་ཕོག་ཤུགས་ཆེར་ཕོག་པའི་རྒྱལ་ཁབ་མི་ཉུང་བར་ཁ་རས་སོགས་ཞལ་འདེབས་ཕུལ་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist