མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པཱ་ཀི་སི་ཐན་ནང་མེ་འཁོར་གདོང་ཐུག་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

པཱ་ཀི་སི་ཐན་གྱི་ལྷོ་མའི་གྲོང་སྡེ་ཞིག་ཏུ་མེ་འཁོར་གདོང་ཐུག་བྱུང་སྟེ་འགྲུལ་བ་མང་པོར་ཤི་རྨས་བྱུང་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་བཞིན་པར་ལྟར་ན། དེ་རིང་ཞོགས་པ་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་པཱ་ཀི་སི་ཐན་གྱི་ལྷོ་མའི་གྲོང་སྡེ་དྷར་ཀི་(Dharki) ཉེ་ཁུལ་དུ། སྤྱི་དམངས་འགྲིམ་འགྲུལ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་སྟེ་ད་བར་ཉུང་མཐར་འགྲུལ་བ་ ༣༣ རྐྱེན་འདས་དང་། མི་གྲངས་ ༡༢༠ ལས་མང་བར་རྨས་སྐྱོན་ཚབས་ཆེན་བཏང་འདུག་ཅིང་། ད་ལྟའང་གོད་ཆག་བྱུང་ཡུལ་དུ་མྱུར་སྐྱོབ་ཉེན་སྲུང་གི་བྱ་འགུལ་སྤེལ་མུས་ཡིན་འདུག

ཐེངས་འདིའི་མེ་འཁོར་གོད་ཆག་དང་འབྲེལ་ནས་ཡུལ་དེའི་སྲིད་བློན་ཨིམ་རཱན་ཁཱན་(Imram Khan) གྱིས་རང་གི་ཊུ་ཝི་ཊར་དྲ་ལམ་སྟེང་། དེ་རིང་ཞོགས་པ་གྷོཌ་ཀི་ཁུལ་དུ་མེ་འཁོར་བརྡབ་སྐྱོན་ཚབས་ཆེན་ཞིག་བྱུང་སྟེ་འགྲུལ་བ་ ༣༠ རྐྱེན་འདས་སོང་བའི་གནས་ཚུལ་དེར་བློ་འཚབ་བྱུང་། ངས་མེ་འཁོར་བློན་ཆེན་ཡུལ་དངོས་སུ་བསྐྱོད་དེ་འདས་པོའི་ནང་མི་དང་རྨས་སྐྱོན་ཐེབས་པ་རྣམས་ལ་རོགས་འདེགས་དགོས་སྐོར་ཞུས་ཡོད། དེ་བཞིན་མེ་འཁོར་བདེ་འཇགས་ཐད་ཀྱི་ནོར་འཛོལ་ལ་ཞིབ་འཇུག་དགོས་པའི་བཀའ་བཏང་ཡོད། ཅེས་བརྗོད་འདུག་ལ། ཡུལ་དེའི་དམག་གིས་མེ་འཁོར་བརྡབ་སྐྱོན་བྱུང་སར་དམག་མིའི་ཉེན་སྐྱོབ་ཐད་འཕུར་གནམ་གྲུ་དང་། ཆེད་ལས་མྱུར་སྐྱོབ་མི་སྣང་ཆེད་གཏོང་བྱས་ཡོད་སྐོར་བསྒྲགས་འདུག

ད་ལན་གྱི་མེ་འཁོར་བརྡབ་སྐྱོན་གྱི་རྐྱེན་རྩ་གང་ཡིན་ད་ལྟ་ཤེས་རྟོགས་བྱུང་མེད་ནའང་། ས་གནས་ཀྱི་མགོ་འཁྲིད་ཚོས་བཤད་པ་ལྟར་ན། དེ་རིང་ཞོགས་པ་པཱ་ཀི་སི་ཐན་གྱི་གྲོང་ཁྱེར་ཆེ་གྲས་ཀ་ར་ཆི་ (Karachi) ནས་སིན་དྷི་མངའ་ཁུལ་དུ་སྐྱོན་བཞིན་པའི་མེ་འཁོར་ Millat Express ཟེར་བའི་ལྕགས་ལམ་འཆུས་ཏེ་ལྕགས་ལམ་གཞན་ཐོག་མར་ཟགས་པ་དང་། ཡུལ་དེའི་གྲོང་ཁྱེར་ར་ཝ་པིན་དྷི་ (Rawalpindi) ཕྱོགས་ནས་ཡོང་བཞིན་པའི་མེ་འཁོར་ The Sir Syed Express ཟེར་བའི་མེ་འཁོར་དེ་མར་ཟགས་པའི་མེ་འཁོར་དེར་གདོང་ཐུང་བརྒྱབ་སྟེ་མགོ་རྟིང་ལོག་ཡོད་འདུག

སྤྱིར་པཱ་ཀི་སི་ཐན་ནང་རྒྱུན་ལྡན་དུ་མེ་འཁོར་བརྡབ་སྐྱོན་གྱི་གནས་ཚུལ་མང་པོ་ཐོན་གྱི་ཡོད་ཅིང་། དེ་དག་གི་རྐྱེན་རྩ་གཙོ་བོ་ནི་ལྕགས་ལམ་ལ་དོ་དམ་སྟངས་འཛིན་ནན་པོ་བྱེད་ཀྱི་མེད་པ་དང་། ལྕགས་ལམ་གྱི་བརྡ་གཏོང་འཕྲུལ་རིག་གི་གནད་དོན། དེ་བཞིན་མེ་འཁོར་གྱི་མ་ལག་རྣམས་རྙིང་པ་ཡིན་པ་བཅས་ལ་བརྟེན་ནས་འབྱུང་གི་ཡོད་སྐོར་བརྗོད་འདུག པཱ་ཀི་སི་ཐན་ནང་གི་མེ་འཁོར་གོད་ཆག་གི་དོན་རྐྱེན་མི་ཉུང་བའི་ཁྲོད་ནས། ཕྱི་ལོ་ ༢༠༡༩ ལོར་མེ་འཁོར་ཞིག་ནང་མེ་སྐྱོན་ཤོར་བའི་རྐྱེན་གྱིས་འགྲུལ་བ་ ༧༣ རྐྱེན་འདས་ཕྱིན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༡ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese