མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མཆོག་གི་ཐུག་འཕྲད་ལ་སྐྱོན་བརྗོད་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀྲའོ་ལི་ཅེན་ཟེར་བ་དེས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་ (Antony Blinken)མཆོག་གིས་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་ཐུག་འཕྲད་གནང་བ་དེ་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྡོག་རོལ་བཏང་བ་ཞིག་ཡིན་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་་རྒྱ་ནག་གཞུང་གི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་སྟེང་། རྒྱ་ནག་གཞུང་གི་མགྲིན་ཚབ་པ་ཀྲའོ་ལི་ཅེན་ཟེར་བ་དེས། རྒྱ་ནག་ངོས་ནས་ཕྱིའི་མགོ་འཁྲིད་དང་ཏཱ་ལའི་བླ་མ་བར་ཐུག་འཕྲད་བྱེད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཨ་རི་དང་ཏཱ་ལའི་རུ་ཚོགས་དབར་འབྲེལ་གཏུག་བྱེད་པ་དེ། ཨ་རིས་བོད་རང་བཙན་དང་རྒྱ་ནག་ཁ་བྲལ་གཏོང་ཐབས་ལ་རྒྱབ་སྐྱོར་མི་བྱ་རྒྱུའི་ཁས་ལེན་དེ་དང་འགལ་ཡོད། ཨ་རིའི་ཕྱོགས་ནས་རང་གི་དམ་བཅའ་ལ་བརྩི་སྲུང་གིས་བོད་དོན་ཁ་ལ་ཁྱེར་ཏེ་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་དགོས་པ་མ་ཟད། བོད་རང་བཙན་ཤོག་ཁག་གི་རྒྱ་ནག་ཁ་བྲལ་གཏོང་བའི་བྱ་འགུལ་ལ་རྒྱབ་སྐྱོར་མི་བྱ་རྒྱུའི་སྐུལ་མ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ནི་ཆོས་ལུགས་ཀྱི་མི་སྣ་ཙམ་མིན་པར། ཆབ་སྲིད་ཀྱིི་བཙན་བྱོལ་བ་ཞིག་ཡིན་པའི་ཐོག་ནས་འདས་པའི་དུས་ཡུན་རིང་པོ་ནས་བོད་དེ་རྒྱ་ནག་ནས་ཁ་བྲལ་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

ཁེ་ཉིན་ཕྱི་ཚེས་ ༢༨ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཀན་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་བ་དང་བསྟུན། ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་དང་འཁྱུག་ཙམ་རིང་ཐུག་འཕྲད་གནང་ཡོད་སྐོར་གྱི་གནས་ཚུལ་རུ་ཊར་ (Reuters) གྱིས་མཚོན་པའི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་ཡོད་ཅིང་། ཚོར་ཤུགས་སྐྱེན་པའི་ཆབ་སྲིད་ཀྱི་གནས་ཚུལ་ཞིག་ཡིན་པའི་ཆ་ནས་ད་ལྟའི་ཆར་ཨ་རིའི་གཞུང་དང་བོད་མིའི་སྒྲིག་འཛུགས་ངོས་ནས་ཐུག་འཕྲད་སྐོར་གྱི་གནས་ཚུལ་འགྲེལ་བརྗོད་གནང་གི་མེད་པ་རེད།

ཕྱི་ལོ་ ༢༠༡༦ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་སྲིད་འཛིན་ལས་ཐོག་ཨོ་བྷ་མ་ལ་མཇལ་འཕྲད་གནང་བ་དང་། ཡང་འདས་ལོའི་ཕྱི་ཟླ་ ༡༡ ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕེབས་ཏེ་ཨ་རིའི་ཆེས་མཐོའི་མགོ་འཁྲིད་རྣམས་དང་ཐུག་འཕྲད་གནང་བའི་རྗེས། ད་ལན་གྱི་ཐུག་འཕྲད་དེ་ནི་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ད་དུང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་བྷི་ལིན་ཀན་མཆོག་གི་རྒྱ་གར་གྱི་འཚམས་གཟིགས་དང་པོ་དེའི་སྐབས། ཆོས་ལུགས་ཀྱི་སྐུ་ཚབ་རྣམ་པའི་ལྷན་འཛོམས་དང་འབྲེལ་ནས་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་དང་ལྷན་དུའང་ཐུག་འཕྲད་གནང་ཡོད་པ་རེད།

ཐེངས་འདིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་རྒྱ་གར་ནང་གི་གཟིགས་སྐོར་དང་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་ལ་ཐུག་འཕྲད་གནང་བ་དེའི་ཐོག་ནས་སྲིད་འཛིན་བྷའེ་ཌིན་གཞུང་ནས་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྲིད་ཇུས་མཁྲེགས་པོ་འཛིན་གྱི་ཡོད་པ་གསལ་པོ་ཆགས་ཀྱི་ཡོད་པ་མ་ཟད། ཨ་རིའི་གཞུང་ངོས་ནས་སྔར་བཞིན་བོད་དོན་ལ་རྒྱབ་སྐྱོར་དང་། རྒྱ་དཀར་ནག་གི་རྩོད་རྙོག་རྒྱུན་མཐུད་བཞིན་པའི་སྐབས་འདིར་ཨ་རི་དང་རྒྱ་གར་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བའི་སྲིད་ཇུས་འཛིན་བཞིན་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་འདུག

འདས་པའི་བདུན་ཕྲག་འགའ་ཤས་ནང་བོད་དོན་དང་འབྲེལ་བའི་གནས་ཚུལ་བསྟུད་མར་བྱུང་བའི་ཁྲོད་ནས། ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་སྲིད་བློན་གྱི་ལས་ཡུན་རིང་ཐེངས་དང་པོར་སྐུའི་འཁྲུངས་སྐར་ལ་ཡོངས་ཁྱབ་ཀྱི་ཐོག་ནས་འཚམས་འདྲི་ཞུས་པ་དང་། ཡང་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གསལ་བསྒྲགས་སོགས་གང་ཡང་མེད་པར་བོད་ཀྱི་རྒྱལ་ས་ལྷ་ས་དང་། བོད་འཕགས་ཀྱི་ས་མཚམས་ཉིང་ཁྲིའི་ཁུལ་དུ་སྐོར་སྐྱོད་བྱས་པ་། དེ་བཞིན་ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཝེན་ཌི་ཤེར་མན་ (Wendy Sherman) ལགས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་ཐུག་འཕྲད་བྱེད་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་བ་བཅས་ནི། ཆབ་སྲིད་དབྱེ་ཞིབ་པ་རྣམས་ཀྱིས་བོད་དོན་དང་འབྲེལ་བའི་གནས་དོན་གནད་འགག་ཅན་དུ་རྩི་བཞིན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 5

  1. བསྟན་ཆོས། says:
    ལོ་ 5 སྔོན།

    གསར་ལམ་ལ་སླེབས་ཚད་བདེན་པར་མ་ངེས་ཤིང་། དབང་ཆ་ཁོ་ན་གཙོ་འདོན་བྱེད་པའི་གཡོ་ཅན་མགོ་འཁྲིད་ཚོའི་སྐད་ཆ། ལྷག་ཏུ་འོས་བསྡུའི་སྐབས་སུ་བཤད་པ་དག་དེ་བཞིན་ཡིན་པར་སུས་ཡིས་ཤེས་སམ། ཕོ་བྲད་དཀར་པོར་ཕྱིན་ཞེས་སོ་སོས་བསྒྲག་པ་དང་། ཕོ་བྲང་དཀར་བོ་ལར་ཕྱིན་པ་མ་རེད་ཅེས་ཁྲོའུ་ཁྲར་བཀོད་ཡོད། ལན་འབུལ་ནུས་མེད། མ་གཞི་ནས་ཕོ་བྲ་དཀར་བོར་ཕེབ་ན་སྲིད་འཛིན་ལས་གཞན་མེད་པ་རེད། སྲིད་འཛིན་ལས་ཁུངས་སུ་སྲིད་འཛིན་མེད་སྐབས་དང་བསྟུན་ནས་འཛུལ་བ་ཡིན་ནམ།། ཧཧཧ། ད་དུང་༧གོང་ས་མཆོག་ཕེབས་པ་དག་ཆོས་ཕྱོགས་ལས་ཆབ་སྲིད་ཐད་ནས་ངོས་ལེན་ནམ་ཡང་ཡོད་པ་མ་རེད་ཟེར། དེ་བཞིན་རེད་དམ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 5 སྔོན།

    རྒྱ་ནག་གཞུང་གི་ཕྱི་སྲིད་མགྲིན་ཚབ་ལ་ལས་ཀ་དེ་ལས་གཞན་ཡོད་ས་མ་རེད་།
    ཧཧཧ་།

    Reply
  3. བདེན་པའི་རྒྱབ་ལངས། says:
    ལོ་ 5 སྔོན།

    སྔ་ནས་ཡོད་པའི་ཐ་སྙད་འཕགས་བོད་ས་མཚམས་ཅེས་བྲིས་ན་བརྗོད་པ་བ་ཡོད།
    གསར་གཏོད་ཡིན་ཁུལ་ཡིན་གྱི་རེད་དེ་སྙན་པོ་མེད་ཁར་བརྗོད་བདེ་དེ་བས་མི་འདུགཔས་རྗེས་སོར་ཐ་སྙད་བེད་སྤྱོད་བྱེད་སྐབས་བསམ་བློ་རྒྱ་ཆེ་ཙམ་གཏོང་དང་། སྤྱི་པར་ཕན་པ་ཞིག་གྱིས་དང་།

    Reply
    • བདེན་པའི་རྒྱབ་ལངས། says:
      ལོ་ 5 སྔོན།

      1 second སྔོན།
      སྔ་ནས་ཡོད་པའི་ཐ་སྙད་འཕགས་བོད་ས་མཚམས་ཅེས་བྲིས་ན་བརྗོད་པ་བ་ཡོད། བོད་འཕགས་ས་མཚམས་ཅེས་བྲིས་པ་ནི་གསར་གཏོད་ཡིན་ཁུལ་ཡིན་གྱི་རེད་དེ་སྙན་པོ་མེད་ཁར་བརྗོད་བདེ་དེ་བས་མི་འདུགཔས་རྗེས་སོར་ཐ་སྙད་བེད་སྤྱོད་བྱེད་སྐབས་བསམ་བློ་རྒྱ་ཆེ་ཙམ་གཏོང་དང་། སྤྱི་པར་ཕན་པ་ཞིག་གྱིས་དང་།

      Reply
    • བདེན་པའི་རྒྱབ་ལངས། says:
      ལོ་ 5 སྔོན།

      བོད་འཕགས་ས་མཚམས་ཅེས་བྲིས་པ་ནི་

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese