མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བསྟན་དགེ་རྩ་སློབ་ཆུང་གི་བསླབ་གཞི་རྒྱ་ཡིག་ཏུ་མ་བསྒྱུར་ན་སྒོ་བརྒྱག་རྒྱུ་ཡིན་པའི་བཀའ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཁམས་ཏྲེ་ཧོར་དར་རྒྱས་ཡུལ་ཚོའི་རྒྱལ་བསྟན་དགེ་རྩའི་བསླབ་གཞི་དང་ཁྲིད་གཞི་ཚང་མ་རྒྱ་ཡིག་རྒྱ་སྐད་ནང་བསྒྱུར་ཏེ་ལོ་འཁོར་ཡིག་རྒྱུགས་ཀྱང་རྒྱ་ཡིག་ནང་གཏོང་དགོས་པ་དང་དེ་ལྟར་མ་བྱས་ཚེ་སློབ་གྲྭ་སྒོ་བརྒྱག་རྒྱུ་ཡིན་པའི་བཙན་བཀའ་བཏང་ཡོད་འདུག

Tibetan Jiadeng Charity School in Ganzi Prefecture, Sichuan Province being forced to shut down.

འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་མགོ་ཙམ་ལ་རྒྱ་ནག་ས་གནས་སྲིད་གཞུང་གིས་མདོ་ཁམས་ཏྲེ་ཧོར་དར་རྒྱས་ཡུལ་གྱི་རྒྱལ་བསྟན་དགེ་རྩ་སློབ་གྲྭའི་བསླབ་གཞི་དང་ཁྲིད་གཞི་ཚང་མ་རྒྱ་ཡིག་རྒྱ་སྐད་ནང་བསྒྱུར་དགོས་པ་མ་ཟད། ལོ་འཁོར་ཡིག་རྒྱུགས་ཀྱང་རྒྱ་ཡིག་ནང་གཏོང་དགོས་པ་དང་། དེ་ལྟར་མ་བྱས་ཚེ་སློབ་གྲྭ་སྒོ་བརྒྱག་རྒྱུ་ཡིན་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། ད་ལྟ་ས་གནས་སུ་རྒྱ་གཞུང་གིས་ཞིབ་བཤེར་དང་དམ་དྲག་ཤུགས་ཆེན་བྱས་པའི་རྐྱེན་གྱིས། ས་གནས་སྲིད་གཞུང་གི་བཀོད་ཁྱབ་ཡིག་ཆ་དེ་ཕྱིར་བསྐུར་ཐུབ་ཀྱི་མེད་པ་རེད།

གནས་ཚུལ་མཁོ་སྤྲོད་པས། བོད་མི་རིགས་རྩ་མེད་གཏོང་བར་བོད་ཀྱི་སྐད་དང་ཡི་གེ་བེད་མེད་གཏོང་དགོས་པའི་སྲིད་ཇུས་ངན་པ་སྤེལ་ནས། བོད་ཡུལ་གྱི་སློབ་གྲྭ་ཁག་ནང་བོད་སྐད་ཡིག་སློབ་ཁྲིད་ལ་དམ་དྲག་བྱས་དང་བྱེད་བཞིན་པ་རེད། ཅེས་དང་། གནད་དོན་དེའི་ཐད་ལ་ས་གནས་མི་མང་གིས་བོད་སྐད་ཡིག་བེད་མེད་བཏང་ནས། བོད་རིགས་རྒྱ་རིགས་ལ་བསྒྱུར་བའི་སྲིད་ཇུས་ཡིན་པར་བློ་འཚབ་བྱེད་བཞིན་འདུག ཅེས་ཡིག་ཐོག་ནས་འགྲེལ་བརྗོད་གནང་སོང་།

འདི་གའི་གསར་འགོད་པས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། རྒྱལ་བསྟན་དགེ་རྩ་སློབ་གྲྭ་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁོངས་ཀྱི་མདོ་ཁམས་ཏྲེ་ཧོར་རོང་པ་ཚ་ཡུལ་ཚོའི་བཀྲ་ཤིས་དར་རྒྱས་དགོན་པའི་མཆོག་སྤྲུལ་རྒྱལ་བསྟན་བློ་བཟང་བྱམས་པ་མཆོག་གིས། ཕྱི་ལོ་ ༡༩༩༤ ཟླ་ ༡༠ བའི་ཚེས་ ༡ ཉིན་གསར་འཛུགས་གནང་བའི་སྒེར་གཉེར་སློབ་ཆུང་ཞིག་ཡིན་པ་དང་། སློབ་གྲྭ་དེར་འཛིན་རིམ་དང་པོ་ནས་དྲུག་པའི་བར་དང་། ལོ་རིམ་བརྒྱད་པའི་འཛིན་གྲྭ་གཅིག་དང་། སློབ་སྔོན་འཛིན་གྲྭ་གཅིག་བཅས་ཡོད་པར་སློབ་ཡོན་སྤྲོད་མི་དགོས་པ་དང་། བོད་སྐད་ཡིག་གཙོས་པའི་དབྱིན་ཡིག་དང་རྒྱ་ཡིག རྩིས་རིག་དང་གསོ་རིག ལག་ཤེས་སོགས་བོད་ཀྱི་གནའ་དེང་གི་ཤེས་བྱ་སྣ་ཚོགས་ཀྱི་སློབ་གསོ་སྒྲུབ་ཀྱི་ཡོད་ཅིང་། ཕྱི་ལོ་༢༠༢༠ ལོར་སློབ་གྲྭར་སློབ་མ་གྲངས་ ༣༧༧ དང་དགེ་ལས་ ༣༥ དང་། ད་བར་དུ་མཐར་ཕྱིན་སློབ་མ་ ༦༤༢ དང་ལས་རིགས་ལག་རྩལ་སློབ་གསོར་ཞུགས་མཁན་ ༡༧༠ བཅས་ཁྱོན་སློབ་ཕྲུག་ཆིག་སྟོང་ལྷག་སྐྱེད་སྲིང་གནང་ཡོད་འདུག

རྒྱལ་བསྟན་དགེ་རྩ་སློབ་ཆུང་བཙུགས་ནས་ད་བར་དུ་ས་གནས་མང་ཚོགས་ཀྱི་ངོས་ནས་རྒྱབ་སྐྱོར་དང་དགའ་བསུ་ཆེན་པོ་ཐོབ་ཡོད་པར་མ་ཟད། སྔ་རྗེས་སུ་ཟི་ཁྲོན་ཞིང་ཆེན་སྤྱི་ཚོགས་ནུས་པ་ལྡན་པའི་སློབ་འཛུགས་སྔོན་ཐོན་ཚོགས་པའི་བྱ་དགའ་དང་ཟི་ཁྲོན་ཞིང་ཆེན་སྤྱི་ཚོགས་ནུས་པ་ལྡན་པའི་སློབ་འཛུགས་སྔོན་ཐོན་མི་སྣའི་བྱ་དགའ་སོགས་ཐོབ་ཡོད་འདུག

རྒྱལ་བསྟན་དགེ་རྩ་སློབ་ཆུང་གསར་འཛུགས་གནང་མཁན་མཆོག་སྤྲུལ་བརྒྱལ་བསྟན་བློ་བཟང་བྱམས་པ་མཆོག་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁོངས་ཀྱི་འབྲོག་ཁྱིམ་ཕལ་བ་ཞིག་ནས་འཁྲུངས་ཤིང་། ཕྱི་ལོ་༡༩༤༩ ལོར་རང་ལོ་གསུམ་གྱི་སྟེང་བཀྲ་ཤིས་དར་རྒྱས་དགོན་གྱི་མཆོག་སྤྲུལ་རྒྱལ་བསྟན་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་འཛིན་གནང་ནས་ཁྲི་སར་འཁོད་ཡོད་པ་དང་། ད་ལྟའི་ཆར་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཟི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་ཁུར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese