མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རིགས་ལས་བྱེད་དང་ཁོང་ཚོའི་ནང་མི་རྣམས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཙན་བཀའ་བཏང་། 

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་རྫོང་གི་བོད་རིགས་ལས་བྱེད་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱ་མི་ཆོག་པ་མ་ཟད་ཁོང་ཚོའི་བཟའ་ཟླ་བུ་ཕྲུག་ཚོས་ཀྱང་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་མཉམ་ཞུགས་བྱ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་རྗེས་སུ་འབྲང་དགོས་པའི་དྲིལ་བསྒྲགས། རྩོམ་པ་པོ་ཚེ་རིང་འོད་ཟེར་གྱི་པར།

ཁ་སང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་རྒྱ་ནག་གཞུང་གིས་དབྱེ་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་བོད་རིགས་ལས་བྱེད་རྣམས་ཀྱིས། ལག་ཏུ་འཕྲེང་བ་འཛིན་མི་ཆོག་པ་དང་། ཕྱག་འཚལ་བ། ཆོས་ཞུ་བ་སོགས་སུ་འགྲོ་མི་ཆོག་པ་མ་ཟད། ཁུལ་དེའི་བོད་རིགས་ལས་བྱེད་རྣམས་ཀྱི་ཁྱིམ་སོགས་ལ་སྔོག་བཤེར་ནན་མོ་བྱས་ཡོད་པ་མ་ཟད། ལྐོག་ཏུ་སོ་ཉུལ་བ་བཏང་སྟེ་ལས་བྱེད་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་དང་ཉུལ་ཞིབ་ནན་མོ་བྱེད་ཀྱི་ཡོད་འདུག

ཉེ་སྔོན་ཟླ ༩ ཚེས་ ༢༥ ཉིན་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཇེ་ཅིན་གྱིས། ཟླ་ ༩ ཚེས་ ༡༣ ཉིན་པེ་ཅིང་དུ་འཚོགས་པའི་རྒྱ་ནག་གི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་སྐབས་དྲུག་པའི་ཚོགས་འདུར་བཞག་པའི་གྲོས་ཆོད་འོག་མཚོ་སྔོན་ཞིང་ཆེན་ཁུལ་དུ་སློབ་གསོ་དག་ཐེར་གྱི་ལས་འགུལ་ལག་བསྟར་བྱ་དགོས་སྐོར་བཤད་ཡོད་འདུག  དེ་བཞིན་རྒྱ་གཞུང་གིས་ལས་བྱེད་ཚོས་སློབ་གསོ་དག་ཐེར་གྱི་ལས་འགུལ་གཉིས་པར་འཁོད་པའི་དོན་ཚན་དག་ལག་བསྟར་ཐུབ་པར་བྱ་དགོས་ཤིང་། ས་ཁུལ་གནད་འགག་ཅན་ཚོར་རྒྱལ་ཁབ་བརྟན་བརླིང་གི་ནུས་པ་སྔར་ལས་ཇེ་ཆེར་བཏང་སྟེ། ལུག་ནག་པོ་དང་མཁྲེགས་འཛིན་ཅན་རྣམས་མ་ལུས་པར་རྩ་མེད་དུ་གཏོང་དགོས་སྐོར་བརྗོད་ཡོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་སུ། རྒྱ་ནག་གཞུང་གིས་བོད་ནང་གི་ལས་བྱེད་ཚོར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་མི་ཆོག་པའི་སྲིད་ཇུས་སོགས་ཀྱི་སྐོར་དྲིས་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག བོད་ནང་གི་དགོན་སྡེ་རྣམས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་བོད་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་མང་པོ་ཞིག་རྒྱུན་གནས་ཐུབ་ཡོད་པ་དང་།  བོད་ཀྱི་རིག་གཞུང་གི་གཞི་རྩ་ནི་ཆོས་དང་རིག་གཞུང་ཡིན་སྟབས། ཆོས་ལུགས་ཀྱི་བྱེད་སྒོ་སོགས་ཀྱིས་བོད་ཀྱི་རིག་གཞུང་མུ་མཐུད་དུ་གནས་ཐུབ་པ་དང་། བོད་མི་རིགས་ཀྱི་ངོ་བོ་རྒྱུན་གནས་ཐུབ་པར་རོགས་འདེགས་ཆེན་པོ་བྱེད་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་གི་གཞི་རྩར་གྱུར་བའི་ཆོས་ཕྱོགས་ཀྱི་ལས་རིགས་མང་པོ་ཞིག་རྩ་མེད་གཏོང་ཐབས་དང་། རྒྱ་ནག་ལས་ལོགས་སུ་ཡོད་པའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དག་རྩ་མེད་བཏང་སྟེ། བོད་རྒྱ་འགྱུར་གྱི་སྲིད་ཇུས་བཏིང་ནས་ལག་བསྟར་བྱེད་མུས་ཡིན་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་། འདི་ལོའི་ལོ་མགོར་རྒྱ་ནག་གཞུང་གིས་བོད་རང་ལྗོངས་ཟེར་བའི་ནང་དུ་དོན་ཚན་དྲུག་ཅན་གྱི་ཡིག་ཆ་ཞིག་བཀྲམ་སྟེ། བོད་རང་ལྗོངས་ལྗོངས་ཟེར་བའི་ནང་དུ་ཡོད་པའི་བོད་རིགས་ལས་བྱེད་དང་ལས་ཟུར་རྣམས་ཀྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་བྱེད་མི་ཆོག་མ་ཟད། བོད་རིགས་ལས་བྱེད་དང་ལས་ཟུར་རྣམས་ཀྱི་ཁྱིམ་མིའང་ཆོས་ཕྱོགས་ཀྱི་ལས་རིགས་ལ་མཉམ་ཞུགས་དང་ཁྱིམ་དུ་ཞབས་རིམ་སོགས་འཚོག་མི་ཆོག་པ་དང་། ཁོང་ཅག་གི་བཟའ་ཟླ་བུ་ཕྲུག་རྣམས་ཀྱིས་མ་ཁུ་སི་རིང་ལུགས་བསམ་བློའི་གཞི་རྟེན་བྱས་ནས་རྒྱ་ནག་གཞུང་ལ་ཁ་ཞེ་གཉིས་མེད་ཀྱིས་དགའ་ཞེན་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་ཞབས་འབྲང་བ་རྣམས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས་པའི་བཙན་སྐུལ་མུ་མཐུད་བྱེད་བཞིན་ཡོད་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

ཆུ་ཚོད་ ༥ སྔོན་ལ།
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

ཆུ་ཚོད་ ༥ སྔོན་ལ།
པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist