མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་བདུན་གཅིག་ནང་བོད་མི་ ༤༤ ལ་ཏོག་དབྱིབས་འགོས་ཁྱབ་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་བདུན་ཕྲག་གཅིག་རིང་བོད་མི་ ༤༤ ཙམ་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་དང་བོད་མི་ ༡ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད་འདུག

ཁ་སང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསར་བསྒྲགས་ཐེངས་ ༨༦ སྤེལ་བ་ལྟར་ན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་ ༩  དང་བལ་ཡུལ་གྱི་ས་གནས་གྲངས་ ༡ ནང་རང་ཁྱིམ་ལ་ཟུར་བཀག་ཏུ་སྡོད་མཁན་བོད་མི་ ༦༤  དང་། ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་ ༡༢༨ བཅས་ཁྱོན་བསྡོམས་ཟུར་བཀག་ཏུ་སྡོད་མཁན་མི་གྲངས་ ༡༩༢ ཡོད་པ་དང་། འདས་པའི་བདུན་ཕྲག་ནང་མི་གྲངས ༤༤ ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་གཞི་གསར་བ་འགོས་ཡོད་པ་དང་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག

གསར་འགོད་གསལ་བསྒྲགས་སྐབས་སྨན་པ་མཚམས་གཅོད་ལགས་ཀྱིས། འདས་པའི་བདུན་ཕྲག་ནང་གཞི་རིམ་འོག་མ་དང་བར་མའི་སློབ་གྲྭ་ཁག་མགོ་བཙུགས་ཡོད་སྟབས། སློབ་གྲྭ་ཁག་གི་འཛིན་སྐྱོང་དང་། དགེ་རྒན། ཕ་མ་རྣམས་ཀྱིས་འགན་ཁུར་དང་ལེན་གྱི་ཐོག་ནས། ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བར་དོགས་གཟབ་དང་དོ་སྣང་བྱ་དགོས་པ་དང་། ཉེ་ལམ་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་ཟས་རིགས་བསྟེན་སྟངས་ནོར་ནས། གཅིན་ཉི་ནད་པ་མང་པོ་ཞིག་བྱུང་གི་ཡོད་སྟབས། འབྲུ་རིགས་ཀྱི་ཟས་རིགས་དང་། ཚལ་གྱི་རིགས་སོགས་ཟས་བཅུད་ལ་བསྟེན་ཏེ། ཟས་རིགས་བཅུད་ལྡན་ལ་བསྟེན་དགོས་པ་ལས།  ཆང་དང་ཟས་རྙིང་སོགས་ལ་བསྟེན་མི་རུང་བ་དང་། ལུས་རྩལ་རིགས་གང་མང་རྩེད་ནས་འཕྲོད་བསྟེན་ཡག་པོ་བྱ་དགོས་པའི་ལམ་སྟོན་སོགས་གནང་སོང་།

དེའི་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། འཛམ་གླིང་སྤྱི་དང་ལྷག་པར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཇེ་ཆུང་དུ་ཕྱིན་ནས། ནད་པའང་ཇེ་ཉུང་དུ་འགྲོ་ཡི་ཡོད་ཀྱང་། ཉེ་ལམ་ཨུ་རུ་སུ་དང་ཇན་མན་སོགས་སུ་ནད་པ་ཇེ་མང་དུ་འགྲོ་མུས་ཡིན་པས། ཆེད་མཁས་པ་རྣམས་ཀྱིས་ནད་ཡམས་ཀྱིས་མནར་ནས་དུས་ཚོད་ཡུན་རིང་ཡིན་སྟབས། མི་རྣམས་ཀྱིས་སྔོན་འགོག་གི་ཐབས་ལམ་སོགས་ལ་སུན་གཟེར་དང་ལྷོད་གཡེང་དུ་ཕྱིན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། དེར་བརྟེན་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་ནད་ཡམས་ཀྱི་སྔོན་འགོག་ཐབས་ལམ་ལ་ལྷོད་གཡེང་མ་ཤོར་བ་བྱ་དགོས་པ་དང་། བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་སྔོན་འགོག་སྨན་ཁབ་བརྒྱབ་མེད་པའི་རིགས་ཡོད་ཚེ། སྤྱི་སྒེར་གཉིས་ཀྱི་བདེ་འཇགས་དང་འཕྲོད་བསྟེན་གྱི་སླད་དུ། ངེས་པར་འགོག་ཁབ་བརྒྱབ་སྟེ་མུ་མཐུད་སྔོན་འགོག་གི་ཐབས་ལམ་ལ་ཡིད་གཟབ་བྱས་ནས་ལྷོད་གཡེང་མ་འགྲོ་བར་བྱ་དགོས་སྐོར་དང་། བོད་པའི་སློབ་གྲྭ་ཁག་ཏུ་རིམས་ནད་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ཚང་མས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་མི་འགྲོ་བའི་ཐབས་ཤེས་བྱ་དགོས་པའི་ལམ་སྟོན་སོགས་གནང་སོང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་མི་གྲངས་ ༦༨༥༩ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༦༢༣ དང་། རྐྱེན་འདས་སུ་ཕྱིན་པ་ ༡༥༨། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་  ༧༨  ཡོད་འདུག དེ་བཞིན་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་ ༤༥༨༠༡ དང་། དང་པོ་བརྒྱབ་ཟིན་པའི་མི་གྲངས་  ༤༥༨༢   ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་  ༦༩༨༠ཡོད་འདུག དང་པོ་བརྒྱབ་ཟིན་པའི་མི་གྲངས་  ༤༨  ཙམ་ཡོད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

ཆུ་ཚོད་ ༡༤ སྔོན་ལ།
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་དང་འབྲེལ་བའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese