མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དོན་འགྲུབ་དབང་ཆེན་ལགས་འདི་ལོའི་ནོར་སྦེལ་ཞི་བདེ་གཟེངས་ཀྱི་འོས་དམིགས་ཁོངས་སུ་མཚན་འདོན་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ནོར་ཝེའི་གྲོས་ཚོགས་འཐུས་མི་ཞིག་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཕྱི་ལོ་ ༢༠༢༢ ལོའི་ནོར་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན་གནང་འདུག

དེ་རིང་གི་ནོར་ཝེ་ (Norway Today)ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར། དེ་རིང་ཡུ་རོབ་རྒྱལ་ཁབ་ནོར་ཝེ་ཡི་ལྗང་མདོག་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་སི་མོ་སི་ཧན་སོན་  (Rasmus Hansson) ལགས་ཀྱིས། ནོར་ཝེ་རྒྱལ་ཁབ་ཀྱི་གསར་འགོད་བརྒྱུད་ལམ་ཆེ་ཤོས་ (NTB) ལ་འཕྲིན་ཡིག་ཅིག་བསྐུར་ཏེ། རང་ཉིད་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཕྱི་ལོ་ ༢༠༢༢ ལོའི་ནོར་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན་གནང་བ་ཡོངས་བསྒྲགས་བྱས་ཡོད་པ་རེད།

དེ་འབྲེལ་གནས་ཚུལ་ནང་། གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་མོ་སི་ཧན་སོན་ལགས་ཀྱིས་དོན་འགྲུབ་དབང་ཆེན་ལགས་ནི། བོད་མིའི་ཚབ་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན། ཞེས་བརྗོད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡ ནང་དོན་འགྲུབ་དབང་ཆེན་ལགས་ཀྱིས་ཡུ་རོབ་ནང་བོད་དོན་དྲིལ་བསྒྲགས་མཚོན་པའི་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སོགས་ལ་ངོ་རྒོལ་གྱི་སྐོར་བསྐྱོད་གནང་སྐབས། ནོར་ཝེ་ནང་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་མོ་སི་ཧན་སོན་ལགས་དང་མཇལ་འཕྲད་ཐོག་མ་དེ་གནང་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོར་སྐབས་ ༡༡ པའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་(Geneva summit for human rights and democracy) ཀྱིས་གཟེངས་རྟགས་འབུལ་བའི་མཛད་སྒོའི་སྟེང་། འཇིགས་བྲལ་གློག་བརྙན་ཕབ་སྐྲུན་པ་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱིས། དཔའ་ངར་ཆེན་པོའི་ཐོག་ནས་འཛམ་གླིང་གི་རང་དབང་དང་དམངས་གཙོ། ཀུན་ཁྱབ་འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་གནང་བར་ཆེ་བསྟོད་དུ་ཕྱི་ལོ་ ༢༠༡༩ ལོའི་སྙིང་སྟོབས་གཟེངས་རྟགས་(Courage Award)ཕུལ་ཡོད་ལ། ཕྱི་ལོ་ ༢༠༡༤ ལོར་ཁོང་ལ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གིས་འདི་ལོའི་རྣམ་དཔྱོད་ལྡན་པའི་བརྩམས་ཆོས་སྒྱུ་རྩལ་གྱི་ཧ་ཝེལ་ (Havel Prize)ཞེས་པའི་གཟེངས་རྟགས་དེ་ཐོབ་ཡོད།

ད་ལྟ་དགུང་ལོ་ ༤༨ ཡིན་པའི་དོན་འགྲུབ་དབང་ཆེན་ལགས། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་མཚོ་སྔོན་ཟི་ལིང་ནས་འཛིན་བཟུང་བྱས་རྗེས། ལོ་གཉིས་རིང་གང་བྱུང་བཀག་ཉར་འོག་བཅུག་པ་དང་། ཕྱི་ལོ་ ༢༠༡༠ ཟླ་་༡༢ ཚེས་ ༢༨ ཉིན་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་གསང་བའི་ངང་ཁོང་ལ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད།  ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༦ ཉིན་དོན་འགྲུབ་དབང་ཆེན་ལགས་ཀྱི་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་ཐོབ། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༥ ཉིན་ཁོང་གིས་དཀའ་སྡུག་དང་ཉེན་ཚབས་ཆེན་བའི་བྲོས་བྱོལ་བརྒྱུད་ཨ་རིར་འབྱོར་ཏེ་བཟའ་མི་རྣམས་དང་ལྷན་འཛོམས་ཀྱིས་ད་ལྟ་ཨ་རིར་གནས་མུས་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༤ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༦ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist