མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མཁའ་འགྲུལ་གནམ་གྲུ་ཞིག་ལ་མེ་སྐྱོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་ཁག་ཅིག་ལ་རྨས་སྐྱོན་ཕོག་ཡོད་ཀྱང་སྲོག་སྐྱོན་ཤོར་མཁན་མེད་པ་རེད།

དེ་རིང་སྔ་དྲོ་ས་གནས་ཀྱི་ཆུ་ཚོད་ ༨ དང་སྐར་མ་དགུ་ཙམ་གྱི་སྟེང་། རྒྱ་ནག་གི་གྲོང་ཁྱེར་ཁྲང་ཆིན་ནས་བོད་དབུས་ཁུལ་ཉིང་ཁྲི་བར་འཕུར་སྐྱོད་བྱེད་བཞིན་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག ཁྲང་ཆིན་གྲོང་ཁྱེར་གྱི་གནམ་ཐང་ནས་འཕུར་རྩིས་བྱེད་སྐབས། གནམ་གྲུ་དེའི་མདུན་ངོས་ཀྱི་ཕྱོགས་གཡོན་པར་མེ་སྐྱོན་བྱུང་ཡོད་ཀྱང་། གནམ་གྲུའི་ཁ་ལོ་བ་དགུ་གཙོས་པའི་འགྲུལ་བ་ཁྱོན་ ༡༡༣ ཡོད་པ་བཅས་བདེ་འཚམ་མྱུར་སྐྱོབ་བྱེད་ཐུབ་ཡོད་འདུག

ད་ལྟ་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གྱི་གནས་ཚུལ་དང་བརྙན་མང་དག་ཅིག་ཁྱབ་བརྡལ་འགྲོ་ཡི་ཡོད་པའི་ཁྲོད། འགྲུལ་སྐྱེལ་གནམ་གྲུ་དེར་མེ་སྐྱོན་ཆེན་པོ་ཤོར་ནས་དུ་བ་ཐོན་བཞིན་པའི་ཡུལ་དངོས་ཀྱི་རྣམ་པ་མཐོང་རྒྱུ་འདུག་ལ། བོད་ལྗོངས་མཁའ་འགྲུལ་ལས་ཁུངས་ཀྱིས། གནམ་གྲུའི་ནང་གི་འགྲུལ་བ་ཁག་ཅིག་ལ་རྨས་སྐྱོན་ཅུང་ཕོག་ཡོད་པ་ལས་མི་གཞན་ཚང་མ་བདེ་འཇགས་ཡིན་སྐོར་བསྒྲགས་ཡོད་ཀྱང་། ཁྲང་ཆིན་གྱི་རྒྱལ་སྤྱིའི་གནམ་གྲུ་འབབ་ཚུགས་ལས་ཁུངས་ཀྱིས། བོད་ལྗོངས་མཁའ་འགྲུལ་ཟེར་བའི་གནམ་གྲུ་དེར་མེ་སྐྱོན་བྱུང་བའི་ཁྲོད་མི་གྲངས་ ༤༠ ལ་རྨས་སྐྱོན་ཕོག་པ་ངོས་ལེན་བྱས་ཡོད་འདུག་པ་མ་ཟད། རྨས་སྐྱོན་ཕོག་པའི་མི་རྣམས་ཉེ་འཁྲིས་སྨན་ཁང་དུ་བསྟེན་གཏུག་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ད་རེས་བོད་ཀྱི་གནམ་གྲུ་དེར་མེ་སྐྱོན་བྱུང་རྐྱེན་ཅི་ཡིན་ཐད་རྒྱ་ནག་གཞུང་ཤིན་ཧྥ་གསར་ཁང་གི་གནས་ཚུལ་ནང་། གནམ་གྲུ་དེ་འཕུར་སྐྱོད་བྱེད་སྐབས་རྒྱུག་ཤུགས་ཆེ་དྲགས་ཏེ། ལོག་ལམ་དུ་བརྒྱུགས་པ་སོགས་ལ་བརྟེན་ནས་གནམ་གྲུའི་འཕྲུལ་ཆས་ཤིག་ལ་ཆག་སྐྱོན་བྱུང་ཡོད་སྐོར་བརྗོད་འདུག་པ་དང་། བོད་ལྗོངས་མཁའ་འགྲུལ་ལས་ཁུངས་ནི་རྒྱ་ནག་གི་འགྲུལ་སྐྱེལ་གནམ་གྲུ་ལས་ཁུངས་ཀྱི་ཁོངས་གཏོགས་ལས་ཁུངས་ཤིག་ཡིན་པ་དང་། དེ་ནི་བོད་ཀྱི་རྒྱལ་ས་ལྷ་སར་རྟེན་གཞི་བྱས་ཤིང་གནམ་གྲུ་ཁྱོན་ ༣༩ ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་གནམ་གྲུ་དེར་བོད་ལྗོངས་མཁའ་འགྲུལ་ཞེས་འབོད་ཀྱི་འདུག

ཐེངས་འདིའི་གནམ་གྲུའི་དོན་རྐྱེན་དེ་ནི་ཉེ་ལམ་རྒྱ་ནག་གི་གནམ་གྲུ་ཞིག་ལ་མེ་སྐྱོན་བྱུང་སྟེ་ཟླ་གཉིས་མ་ཟིན་ཙམ་གྱི་མཚམས་སུ་བྱུང་བ་ཞིག་ཡིན་པ་དང་། ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་རྒྱ་ནག་གི་ཤར་ཕྱོགས་འགྲུལ་སྐྱེལ་གནམ་གྲུ་ཞིག་རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ཀོང་མིན་ (Kunming) ནས་ཀང་ཀྲུའུ་ (Guangzhou) གྲོང་ཁྱེར་དུ་འཕུར་སྐྱོད་བྱེད་བཞིན་པའི་སྐབས་སུ་མཐོ་ཚད་ཧྥི་ཊུ་ཁྲི་ ༣ གྱི་བར་སྣང་ནས་གློ་བུར་ཆགས་སྐྱོན་བྱུང་སྟེ། ཀཱང་ཤི་ས་ཁུལ་གྱི་ནགས་ཚུལ་ཞིག་ཏུ་ལྷུང་རྗེས་གནམ་གྲུ་དང་གནམ་གྲུའི་ཁ་ལོ་བ་གཙོས་པའི་ཞབས་ཞུ་བ་དང་། འགྲུལ་བ་ཁྱོན་མི་གྲངས་ ༡༣༢ བཅས་མི་ཚང་མ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༡ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese