རྒྱ་ནག་ གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ ཟེར་བ་དེ་རྒྱ་ནག་དང་ཨེ་ཤ་ཡ་དབུས་མའི་རྒྱ ལ་ཁབ་ལྔའི་ལྷན་ཚོགས་(China+ Central Asia)ཐེངས་གསུམ་པའི་ཐོག་མཉམ་ཞུ གས་ཀྱིས་རྒྱལ་ཁབ་དེ་དག་ལ་སྔར་ལྷག་གི་ཕྱི་འབྲེལ་འཛུགས་པའི་གྲོས་མོལ་བྱེད་བཞིན་ཡོད་འདུག
Chinese Foreign Minister Wang Yi speaks at the press conference after C+C5 foreign ministers’ meeting in Xi’an, Shaanxi Province, May 12, 2021. Photo: Chinese Foreign Ministry
ཁ་སང་ཕྱི་ཚེས་ ༦ ནས་ཟླ་འདིའི་ཕྱི་ཚེས་ ༩ བར་ཉིན་གྲངས་བཞིའི་རིང་རྒྱ་ནག་ གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ ཟེར་བ་དེ་ཀ་ཛ་ཀི་སི་ཐན་ (Kazakhstan) དུ་གཞུང་འབྲེལ་སྐྱོར་སྐྱོད་བྱེ ད་བཞིན་པ་དང་བསྟུན། རྒྱ་ནག་དང་ཨེ་ཤ་ཡ་དབུས་མའི་རྒྱ ལ་ཁབ་ལྔའི་ལྷན་ཚོགས་(China+ Central Asia)ཐེངས་གསུམ་པའི་ཐོག་མཉམ་ཞུ གས་ཀྱིས། རྒྱ་ནག་དང་ཨེ་ཤ་ཡ་དབུས་མའི་རྒྱ ལ་ཁབ་དབར་ཚོང་དོན་དང་བདེ་འཇགས་ སོགས་ཀྱི་ཐད་ལ་མཉམ་ལས་བྱེད་ཐབས་ ཇི་ཡོད་ཀྱི་སྐོར་གྲོས་མོལ་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག
ད་ཐེངས་ཀྱི་ཚོགས་འདུའི་ནང་ཀ་ཛ་ ཀི་སི་ཐན་ཚུད་པའི་དེ་སྔ་ཨུ་རུ་ སུ་མཉམ་འབྲེལ་འོག་ཡོད་པའི་རྒྱལ་ ཁབ་བཞི་སྟེ། ཨུ་ཛི་བྷེ་ཀི་སི་ཐན་ (Uzbekistan)། ཀིར་གྷི་སི་ཐན་ (Kyrgyzstan)། ཏ་ཇི་ཀི་སི་ཐན་(Tajikistan)། ཏུར་མེ་ནི་སི་ཐན་ (Turmenistan) བཅས་ཀྱི་ཕྱི་སྲིད་བློན་རྣམས་ལྷ ན་འཛོམས་བྱེད་ཀྱི་ཡོད་ཅིང་། ཚོགས་འདུའི་ཐོག་ཨུ་རུ་སུ་དང་ཡུ་ ཀེ་རེན་གྱི་དམག་འཁྲུག་དང་དེས་ཨེ ་ཤ་ཡ་དབུས་མའི་རྒྱལ་ཁབ་རྣམས་ལ་ དོ་ཕོག་ཆེན་པོ་ཐེབས་བཞིན་པའི་ གནད་དོན་སྐོར་དང་། རྒྱ་ནག་དང་ཏུར་མེ་ནི་སི་ཐན། ཨུ་ཛི་བྷེ་ཀི་སི་ཐན། ཏ་ཇི་ཀི་སི་ཐན་བཅས་དང་ས་འབྲེལ་ ཡིན་པའི་ཨབ་གྷ་ནི་སི་ཐན་ (Afghanistan) གྱི་གནས་བབ་ཀྱི་ཐོག་ལ་གྲོས་བསྡུ ར་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི ན་འདུག་ལ། ཡང་ཕྱོགས་གཅིག་ནས་ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་གཞུང་གིས་ཨེ་ཤ་ཡའི་ དབུས་མའི་ཁུལ་དུ་ཨ་རིའི་རིན་ཐང་ བརྩི་སྲོལ་རྣམས་ཁྱབ་སྤེལ་དང་། ཁུལ་དེའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི ་ཤུགས་རྐྱེན་ཟློག་ཐབས་ཀྱི་ཆེད་ དུ་ཨེ་ཤ་ཡ་དབུས་མའི་ཐབས་ཇུས་ གསར་བ་ཞིག་ལག་བསྟར་བྱས་ཡོད་པ་ལྟ ར། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་རྣམས་ ཀྱིས་ཀྱང་ཨུ་རུ་སུས་ཡུ་ཀེ་རེན་ ལ་བཙན་འཛུལ་བྱས་རྗེས་ས་ཁུལ་དེ་ དག་ཨ་རི་དང་ཨུ་རུ་སུ་དབར་གྱི་རྩོ ད་རྙོག་བསླང་སའི་གཞི་རྟེན་ལྟ་བུ ར་གྱུར་སྲིད་པའི་བློ་འཚབ་བྱེད་ ཀྱིན་ཡོད་པ་རེད།
རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ ཀྲའོ་ལི་ཅིན་ཟེར་བ་དེས་གསར་འགོ ད་གསལ་བསྒྲགས་ཤིག་གི་སྟེང་། ཀ་ཛ་ཀི་སི་ཐན་གྱི་སྲིད་བློན་གཞོ ན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ ལྕོགས་མུག་ཏར་རི་ལིའུ་སྦར་ཌི་ (Mukhtar Tileuberdi) ཡིས་ཝང་དབྱི་ལ་རྒྱལ་ཁབ་དེར་ཡོང་ རྒྱུར་མགྲོན་འབོད་བྱས་ཡོད་ཚུལ་ ཙམ་ལས་གཞན་གནས་ཚུལ་ཁ་གསལ་བཤད་མེ ད་ནའང་། རྒྱ་ནག་གི་གཞུང་འབྲེལ་དབྱིན་ཡི ག་བརྒྱུད་ལམ་གོ་ལའི་དུས་བབ་ (Global Times) ཅེས་པའི་ཐོག ལན་ཀྲུའུ་སློབ་གྲྭ་ཆེན་མོའི་ཨབ་ གྷན་སྐོར་གྱི་ཚན་པའི་འགན་འཛིན་ཀྲུ ་ཡོང་པོ་ (Zhu Yongbiao) ཟེར་བ་དེས། ཨུ་རུ་སུ་དང་ཡུ་ཀེ་རེན་ གྱི་རྩོད་རྙོག་སྐབས་འདིར། རྒྱ་ནག་དང་ཨེ་ཤ་ཡ་དབུས་མའི་རྒྱ ལ་ཁབ་ཚོས་སྔར་རྒྱུན་བཞིན་ཕན་ཚུ ན་དབར་གྱི་གྲོགས་འདྲིས་རྒྱུན་ གནས་ཐོག ཕྱོགས་གཉིས་དང་ཕྱོགས་མང་གི་འབྲེ ལ་ལམ་སྒོ་ནས་ཚོང་དོན་དང་། ས་ཁུལ་གྱི་བདེ་འཇགས། བཟའ་འབྲུའི་བདེ་འཇགས་སོགས་ཀྱི་ གནད་དོན་ཐོག་ལ་མཉམ་ལས་བྱེད་ཐབས་ འཚོལ་ངེས་ཡིན་སྐོར་དང་། རུ་ཡུག་གི་རྩོད་རྙོག་དེས་ཨེ་ཤ་ ཡ་ཁྱོན་ལ་དངུལ་གི་འཛའ་ཐང་ཆག་པ་ དང་། ལས་མེད། བཟའ་འབྲུའི་རིན་གོང་འཕར་བ་སོགས་ ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པར་ བརྟེན། རྒྱ་ནག་དང་ཨེ་ཤ་ཡ་དབུས་མའི་རྒྱ ལ་ཁབ་རྣམས་ཀྱིས་རྒྱུད་གཅིག་ལམ་ གཅིག་གི་ལས་གཞི་རྣམས་སྔར་བས་ལག་ བསྟར་ཚགས་ཚུད་བྱས་ཏེ་ད་ལྟའི་ དཀའ་ངལ་རྣམས་སེལ་ཐབས་དགོས་སྐོར་ བཤད་འདུག
Foreign ministers of 2nd China plus Central Asia meeting at Xi’an, Shaanxi Province, May 12, 2021. Photo: Chinese Foreign Ministry
རྒྱ་ནག་གི་སློབ་གྲྭ་ཆེན་མོའི་སློ བ་དཔོན་དེས་ཨེ་ཤ་ཡ་དབུས་མའི་རྒྱ ལ་ཁབ་རྣམས་ཀྱིས་རྒྱུད་གཅིག་ལམ་ གཅིག་གི་འཛུགས་སྐྲུན་ལས་གཞི་རྣ མས་ལག་བསྟར་ཚགས་ཚུད་དགོས་པའི་ བསམ་ཚུལ་བཏོན་པ་དེ་ནས་ཤེས་ཐུབ་ པ་ནི། ཁུལ་དེ་དག་ནི་རྒྱ་ནག་གི་ཕྱི་འབྲེ ལ་སྲིད་ཇུས་ཀྱི་ངན་བྱུས་ཤིག་ཏུ་ གྱུར་བའི་རྒྱུད་གཅིག་ལམ་གཅིག་ གི་ལས་གཞི་དང་ལེན་བྱེད་མཁན་གྱི་ རྒྱལ་ཁབ་ཐོག་མའི་གྲས་ཡིན་པ་མ་ ཟད། རྒྱལ་ཁབ་དེ་དག་ནང་རྒྱ་ནག་གཞུང་ གི་དངུལ་བུན་གཡར་བའི་ཐོག་ནས་གཞུ ང་ལམ་འཛུགས་སྐྲུན་དང་གཏེར་ཁ་སྔོ ན་འདོན་གྱིས་མཚོན་པའི་གཞི་རྒྱ་ ཆེ་བའི་ལས་གཞི་སྤེལ་མུས་ཡིན་ ནའང་། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་ ཁང་དག་གི་ཞིབ་འཇུག་གྲུབ་དོན་ལྟ ར་ན། ཉེ་བའི་ཆར་ཀ་ཛ་ཀི་སི་ཐན་ནང་རྒྱ་ ནག་གི་རྒྱུད་གཅིག་ལམ་གཅིག་གི་ འཛུགས་སྐྲུན་ལས་གཞི་ཁག་ལ་འགོར་ འགྱངས་འགྲོ་བཞིན་པ་མ་ཟད། མང་ཚོགས་ཁྲོད་དུའང་རྒྱ་ནག་གི་ ལས་གཞི་ཁག་ལ་དོགས་ཟོན་དང་ངོ་རྒོ ལ་བྱེད་མཁན་ཇེ་མང་དུ་ཕྱིན་ཏེ། སྤྱི་ཡོངས་ནས་ཀ་ཛ་ཀི་སི་ཐན་ནང་ ལག་བསྟར་བྱེད་བཞིན་པའི་རྒྱ་ནག་ གི་ལས་གཞི་ཁག་ལམ་ལྷོངས་འབྱུང་གི ་མེད་པ་རེད་འདུག
ཕྱི་ལོ་ ༢༠༡༩ ལོར་ཀ་ཛ་ཀི་སི་ཐན་དང་རྒྱ་ནག་ དབར་ཐབས་ཇུས་མཐུན་གྲོགས་རྒྱལ་ ཁབ་ཀྱི་འབྲེལ་བ་བཙུགས་ཤིང་། རྒྱ་ནག་དེ་ཨེ་ཤ་ཡའི་རྒྱལ་ཁབ་དེ འི་ཚོང་འབྲེལ་དང་མ་དངུལ་འཛུགས་ མཁན་གྱི་རྒྱལ་ཁབ་ཆེ་གྲས་ཏུ་གྱུ ར་ཏེ། ཕྱི་ལོ་ ༢༠༢༡ གཅིག་པུར་རྒྱལ་ཁབ་གཉིས་དབར་ཁྱོ ན་ཨ་སྒོར་ཐེར་འབུམ་ ༢༢།༩༤ ཡི་ཚོང་བརྒྱབ་ཡོད་པ་རེད། གཞན་ཡང་ཕྱི་ལོ་ ༢༠༡༩ ཡི་མཇུག་བར་རྒྱ་ནག་གིས་ཀ་ཛ་ཀི་ སི་ཐན་ནང་ཚོང་གི་མ་རྩ་ཨ་སྒོར་ཐེ ར་འབུམ་ ༢༩།༤༣ དང་། བུ་ལོན་ཨ་སྒོར་ཐེར་འབུམ་ ༥༠ ལས་མང་བ་གཡར་ཡོད་པ། དེ་བཞིན་རིན་འབབ་ཨ་སྒོར་ཐེར་འབུ མ་ ༣༧།༦ ལྷག་གི་ལས་གཞིའི་གན་རྒྱ་བཞག་ཡོ ད་པ་དང་། ཀ་ཛ་ཀི་སི་ཐན་རྒྱལ་ཡོངས་ནང་ཁྱོ ན་རྒྱ་ནག་གི་སྤྱི་གཉེར་ཁང་ ༡༠༠༠ ལས་མང་བ་དེབ་སྐྱེལ་བྱས་ཡོད་པ་རེ ད་འདུག
དེ་ལྟར་ཡང་། ཕྱི་ལོ་ ༢༠༡༦ ལོ་གཅིག་པུར་རྒྱ་ནག་དང་ཀ་ཛ་ཀི་ སི་ཐན་གཞུང་གཉིས་ཀྱིས་མཉམ་འབྲེ ལ་གྱི་ལས་གཞི་ ༥༠ ལྷག་ལ་མིང་རྟགས་བརྒྱབ་སྟེ་དངོས་ སུ་འགོ་འཛུགས་བྱས་ཡོད་ནའང་། ད་ལྟའི་ཆར་ལས་གཞི་རེ་འགའ་ལས་ལེ གས་གྲུབ་བྱུང་མེད་པ་རེད་འདུག གཞན་ཡང་ཀ་ཛ་ཀི་སི་ཐན་ནང་གི་མངའ་ སྡེ་ ༡༤ ནང་གི་རྒྱ་ནག་གི་མ་དངུལ་བཙུགས་ པའི་ལས་གཞི་ཁྱོན་ ༥༤༢ ཁྲོད་ནས་ ༢༤ མ་གཏོགས་གྲུབ་མེད་པ་རེད་འདུག དེའི་ཐོག་སྐབས་རེར་རྒྱ་ནག་གི་སྤྱི ་གཉེར་ཁང་འགའ་ཤས་ཀྱིས་ལས་གཞི་ ནས་ཕྱིར་འཐེན་བྱས་པའི་གནས་ཚུལ་ ཡང་ཐོན་ཡོད་པ་རེད་འདུག དབྱེ་ཞིབ་པས་རྒྱ་ནག་གི་རྒྱུད་ གཅིག་ལམ་གཅིག་གི་ལས་གཞི་ཁག་ལེ གས་གྲུབ་འབྱུང་གི་མེད་པའི་རྒྱུ་ མཚན་ནི། ཕྱོགས་གཅིག་ནས་ཏོག་དབྱིབས་གཉན་ རིམས་ཡིན་ཞིང་། ཡང་ཕྱོགས་གཞན་ནས་རྒྱ་ནག་གི་བཟོ་ གྲྭ་རྣམས་ཀྱིས་ལས་མི་རྣམས་ལ་དགོ ས་ངེས་ཀྱི་ཆ་རྐྱེན་དང་གླ་ཕོགས་ རན་འཚམ་སྤྲོད་ཀྱི་མེད་པའི་རྐྱེ ན་གྱིས་ཡིན་པར་བཤད། དེ་ཡང་འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཀ་ཛ་ཀི་སི་ཐན་གྱི་ལྷོ་ བརྒྱུད་ཛམ་བྷིལ་ (Zhambyl) ཁུལ་དུ་གཞུང་ལམ་འཛུགས་སྐྲུན་བྱེ ད་བཞིན་པའི་ལས་མི་རྣམས་ཀྱིས། ལས་གཞི་དེའི་བཟོ་སྐྲུན་འགན་འཁུ ར་བ་རྒྱ་ནག་གི་ཤིན་ཤིང་འཛུགས་སྐྲུ ན་དང་ཡར་རྒྱས་ཚད་ཡོད་སྤྱི་གཉེར་ ཁང་ (China Xinxing Construction and Development Co.) གིས་གླ་ཕོགད་དང་ཆ་རྐྱེན་འདོད་བློ ་ཁེངས་པ་ཞིག་སྤྲོད་ཀྱི་མེད་སྐོ ར་བརྗོད་དེ་ལག་ཆ་རྣམས་གཡུག་སྟེ་ ལས་མཚམས་བཞག་ཡོད་འདུག ཉེ་བའི་ཆར་དེ་ལྟ་བུའི་ངོ་རྒོལ་ གྱི་ལས་འགུལ་རིགས་ཀ་ཛ་ཀི་སི་ཐན་ གྱི་རྒྱུད་གཅིག་ལམ་གཅིག་གི་ལས་ གཞིའི་ནང་བསྟུད་མར་ཐོན་བཞིན་ཡོ ད་པ་རེད་འདུག དེ་ལྟ་བུའི་གནས་ཚུལ་དེ་ཀ་ཛ་ཀི་ སི་ཐན་གཅིག་པུ་མིན་པར་རྒྱ་ནག་གི ་རྒྱུད་གཅིག་ལམ་གཅིག་ཟེར་བའི་ ལས་གཞི་དེ་ཉིད་ལག་བསྟར་བྱ་སའི་ ཨ་ཧྥི་རི་ཁ་གླིང་ཕྲན་དང་། ཡུ་རོབ། དཀྱིལ་ཤར་ཨེ་ཤ་ཡ་ཁུལ་ནང་དུའང་ ཐོན་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།