མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་ལ་མཉམ་ལས་ཀྱི་ཐབས་ཇུས་འདོན་གྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཟེར་བ་དེ་རྒྱ་ནག་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ལྷན་ཚོགས་(China+Central Asia)ཐེངས་གསུམ་པའི་ཐོག་མཉམ་ཞུགས་ཀྱིས་རྒྱལ་ཁབ་དེ་དག་ལ་སྔར་ལྷག་གི་ཕྱི་འབྲེལ་འཛུགས་པའི་གྲོས་མོལ་བྱེད་བཞིན་ཡོད་འདུག

Chinese Foreign Minister Wang Yi speaks at the press conference after C+C5 foreign ministers’ meeting in Xi’an, Shaanxi Province, May 12, 2021. Photo: Chinese Foreign Ministry

ཁ་སང་ཕྱི་ཚེས་ ༦ ནས་ཟླ་འདིའི་ཕྱི་ཚེས་ ༩ བར་ཉིན་གྲངས་བཞིའི་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཟེར་བ་དེ་ཀ་ཛ་ཀི་སི་ཐན་ (Kazakhstan) དུ་གཞུང་འབྲེལ་སྐྱོར་སྐྱོད་བྱེད་བཞིན་པ་དང་བསྟུན། རྒྱ་ནག་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ལྷན་ཚོགས་(China+Central Asia)ཐེངས་གསུམ་པའི་ཐོག་མཉམ་ཞུགས་ཀྱིས། རྒྱ་ནག་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་དབར་ཚོང་དོན་དང་བདེ་འཇགས་སོགས་ཀྱི་ཐད་ལ་མཉམ་ལས་བྱེད་ཐབས་ཇི་ཡོད་ཀྱི་སྐོར་གྲོས་མོལ་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག

ད་ཐེངས་ཀྱི་ཚོགས་འདུའི་ནང་ཀ་ཛ་ཀི་སི་ཐན་ཚུད་པའི་དེ་སྔ་ཨུ་རུ་སུ་མཉམ་འབྲེལ་འོག་ཡོད་པའི་རྒྱལ་ཁབ་བཞི་སྟེ། ཨུ་ཛི་བྷེ་ཀི་སི་ཐན་ (Uzbekistan)། ཀིར་གྷི་སི་ཐན་ (Kyrgyzstan)། ཏ་ཇི་ཀི་སི་ཐན་(Tajikistan)། ཏུར་མེ་ནི་སི་ཐན་ (Turmenistan) བཅས་ཀྱི་ཕྱི་སྲིད་བློན་རྣམས་ལྷན་འཛོམས་བྱེད་ཀྱི་ཡོད་ཅིང་། ཚོགས་འདུའི་ཐོག་ཨུ་རུ་སུ་དང་ཡུ་ཀེ་རེན་གྱི་དམག་འཁྲུག་དང་དེས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་རྣམས་ལ་དོ་ཕོག་ཆེན་པོ་ཐེབས་བཞིན་པའི་གནད་དོན་སྐོར་དང་། རྒྱ་ནག་དང་ཏུར་མེ་ནི་སི་ཐན། ཨུ་ཛི་བྷེ་ཀི་སི་ཐན། ཏ་ཇི་ཀི་སི་ཐན་བཅས་དང་ས་འབྲེལ་ཡིན་པའི་ཨབ་གྷ་ནི་སི་ཐན་ (Afghanistan) གྱི་གནས་བབ་ཀྱི་ཐོག་ལ་གྲོས་བསྡུར་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག་ལ། ཡང་ཕྱོགས་གཅིག་ནས་ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་གཞུང་གིས་ཨེ་ཤ་ཡའི་དབུས་མའི་ཁུལ་དུ་ཨ་རིའི་རིན་ཐང་བརྩི་སྲོལ་རྣམས་ཁྱབ་སྤེལ་དང་། ཁུལ་དེའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཟློག་ཐབས་ཀྱི་ཆེད་དུ་ཨེ་ཤ་ཡ་དབུས་མའི་ཐབས་ཇུས་གསར་བ་ཞིག་ལག་བསྟར་བྱས་ཡོད་པ་ལྟར། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་རྣམས་ཀྱིས་ཀྱང་ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་རྗེས་ས་ཁུལ་དེ་དག་ཨ་རི་དང་ཨུ་རུ་སུ་དབར་གྱི་རྩོད་རྙོག་བསླང་སའི་གཞི་རྟེན་ལྟ་བུར་གྱུར་སྲིད་པའི་བློ་འཚབ་བྱེད་ཀྱིན་ཡོད་པ་རེད།

རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀྲའོ་ལི་ཅིན་ཟེར་བ་དེས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། ཀ་ཛ་ཀི་སི་ཐན་གྱི་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོགས་མུག་ཏར་རི་ལིའུ་སྦར་ཌི་ (Mukhtar Tileuberdi) ཡིས་ཝང་དབྱི་ལ་རྒྱལ་ཁབ་དེར་ཡོང་རྒྱུར་མགྲོན་འབོད་བྱས་ཡོད་ཚུལ་ཙམ་ལས་གཞན་གནས་ཚུལ་ཁ་གསལ་བཤད་མེད་ནའང་། རྒྱ་ནག་གི་གཞུང་འབྲེལ་དབྱིན་ཡིག་བརྒྱུད་ལམ་གོ་ལའི་དུས་བབ་ (Global Times) ཅེས་པའི་ཐོག ལན་ཀྲུའུ་སློབ་གྲྭ་ཆེན་མོའི་ཨབ་གྷན་སྐོར་གྱི་ཚན་པའི་འགན་འཛིན་ཀྲུ་ཡོང་པོ་ (Zhu Yongbiao) ཟེར་བ་དེས། ཨུ་རུ་སུ་དང་ཡུ་ཀེ་རེན་གྱི་རྩོད་རྙོག་སྐབས་འདིར། རྒྱ་ནག་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཚོས་སྔར་རྒྱུན་བཞིན་ཕན་ཚུན་དབར་གྱི་གྲོགས་འདྲིས་རྒྱུན་གནས་ཐོག ཕྱོགས་གཉིས་དང་ཕྱོགས་མང་གི་འབྲེལ་ལམ་སྒོ་ནས་ཚོང་དོན་དང་། ས་ཁུལ་གྱི་བདེ་འཇགས། བཟའ་འབྲུའི་བདེ་འཇགས་སོགས་ཀྱི་གནད་དོན་ཐོག་ལ་མཉམ་ལས་བྱེད་ཐབས་འཚོལ་ངེས་ཡིན་སྐོར་དང་། རུ་ཡུག་གི་རྩོད་རྙོག་དེས་ཨེ་ཤ་ཡ་ཁྱོན་ལ་དངུལ་གི་འཛའ་ཐང་ཆག་པ་དང་། ལས་མེད། བཟའ་འབྲུའི་རིན་གོང་འཕར་བ་སོགས་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པར་བརྟེན། རྒྱ་ནག་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་རྣམས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་རྣམས་སྔར་བས་ལག་བསྟར་ཚགས་ཚུད་བྱས་ཏེ་ད་ལྟའི་དཀའ་ངལ་རྣམས་སེལ་ཐབས་དགོས་སྐོར་བཤད་འདུག

Foreign ministers of 2nd China plus Central Asia meeting at Xi’an, Shaanxi Province, May 12, 2021. Photo: Chinese Foreign Ministry

རྒྱ་ནག་གི་སློབ་གྲྭ་ཆེན་མོའི་སློབ་དཔོན་དེས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་རྣམས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་རྣམས་ལག་བསྟར་ཚགས་ཚུད་དགོས་པའི་བསམ་ཚུལ་བཏོན་པ་དེ་ནས་ཤེས་ཐུབ་པ་ནི། ཁུལ་དེ་དག་ནི་རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་ངན་བྱུས་ཤིག་ཏུ་གྱུར་བའི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་ལེན་བྱེད་མཁན་གྱི་རྒྱལ་ཁབ་ཐོག་མའི་གྲས་ཡིན་པ་མ་ཟད། རྒྱལ་ཁབ་དེ་དག་ནང་རྒྱ་ནག་གཞུང་གི་དངུལ་བུན་གཡར་བའི་ཐོག་ནས་གཞུང་ལམ་འཛུགས་སྐྲུན་དང་གཏེར་ཁ་སྔོན་འདོན་གྱིས་མཚོན་པའི་གཞི་རྒྱ་ཆེ་བའི་ལས་གཞི་སྤེལ་མུས་ཡིན་ནའང་། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་ཁང་དག་གི་ཞིབ་འཇུག་གྲུབ་དོན་ལྟར་ན། ཉེ་བའི་ཆར་ཀ་ཛ་ཀི་སི་ཐན་ནང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་ཁག་ལ་འགོར་འགྱངས་འགྲོ་བཞིན་པ་མ་ཟད། མང་ཚོགས་ཁྲོད་དུའང་རྒྱ་ནག་གི་ལས་གཞི་ཁག་ལ་དོགས་ཟོན་དང་ངོ་རྒོལ་བྱེད་མཁན་ཇེ་མང་དུ་ཕྱིན་ཏེ། སྤྱི་ཡོངས་ནས་ཀ་ཛ་ཀི་སི་ཐན་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གི་ལས་གཞི་ཁག་ལམ་ལྷོངས་འབྱུང་གི་མེད་པ་རེད་འདུག

ཕྱི་ལོ་ ༢༠༡༩ ལོར་ཀ་ཛ་ཀི་སི་ཐན་དང་རྒྱ་ནག་དབར་ཐབས་ཇུས་མཐུན་གྲོགས་རྒྱལ་ཁབ་ཀྱི་འབྲེལ་བ་བཙུགས་ཤིང་། རྒྱ་ནག་དེ་ཨེ་ཤ་ཡའི་རྒྱལ་ཁབ་དེའི་ཚོང་འབྲེལ་དང་མ་དངུལ་འཛུགས་མཁན་གྱི་རྒྱལ་ཁབ་ཆེ་གྲས་ཏུ་གྱུར་ཏེ། ཕྱི་ལོ་ ༢༠༢༡ གཅིག་པུར་རྒྱལ་ཁབ་གཉིས་དབར་ཁྱོན་ཨ་སྒོར་ཐེར་འབུམ་ ༢༢།༩༤ ཡི་ཚོང་བརྒྱབ་ཡོད་པ་རེད། གཞན་ཡང་ཕྱི་ལོ་ ༢༠༡༩ ཡི་མཇུག་བར་རྒྱ་ནག་གིས་ཀ་ཛ་ཀི་སི་ཐན་ནང་ཚོང་གི་མ་རྩ་ཨ་སྒོར་ཐེར་འབུམ་ ༢༩།༤༣ དང་། བུ་ལོན་ཨ་སྒོར་ཐེར་འབུམ་ ༥༠ ལས་མང་བ་གཡར་ཡོད་པ། དེ་བཞིན་རིན་འབབ་ཨ་སྒོར་ཐེར་འབུམ་ ༣༧།༦ ལྷག་གི་ལས་གཞིའི་གན་རྒྱ་བཞག་ཡོད་པ་དང་། ཀ་ཛ་ཀི་སི་ཐན་རྒྱལ་ཡོངས་ནང་ཁྱོན་རྒྱ་ནག་གི་སྤྱི་གཉེར་ཁང་ ༡༠༠༠ ལས་མང་བ་དེབ་སྐྱེལ་བྱས་ཡོད་པ་རེད་འདུག

དེ་ལྟར་ཡང་། ཕྱི་ལོ་ ༢༠༡༦ ལོ་གཅིག་པུར་རྒྱ་ནག་དང་ཀ་ཛ་ཀི་སི་ཐན་གཞུང་གཉིས་ཀྱིས་མཉམ་འབྲེལ་གྱི་ལས་གཞི་ ༥༠ ལྷག་ལ་མིང་རྟགས་བརྒྱབ་སྟེ་དངོས་སུ་འགོ་འཛུགས་བྱས་ཡོད་ནའང་། ད་ལྟའི་ཆར་ལས་གཞི་རེ་འགའ་ལས་ལེགས་གྲུབ་བྱུང་མེད་པ་རེད་འདུག གཞན་ཡང་ཀ་ཛ་ཀི་སི་ཐན་ནང་གི་མངའ་སྡེ་ ༡༤ ནང་གི་རྒྱ་ནག་གི་མ་དངུལ་བཙུགས་པའི་ལས་གཞི་ཁྱོན་ ༥༤༢ ཁྲོད་ནས་ ༢༤ མ་གཏོགས་གྲུབ་མེད་པ་རེད་འདུག དེའི་ཐོག་སྐབས་རེར་རྒྱ་ནག་གི་སྤྱི་གཉེར་ཁང་འགའ་ཤས་ཀྱིས་ལས་གཞི་ནས་ཕྱིར་འཐེན་བྱས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད་འདུག དབྱེ་ཞིབ་པས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ཁག་ལེགས་གྲུབ་འབྱུང་གི་མེད་པའི་རྒྱུ་མཚན་ནི། ཕྱོགས་གཅིག་ནས་ཏོག་དབྱིབས་གཉན་རིམས་ཡིན་ཞིང་། ཡང་ཕྱོགས་གཞན་ནས་རྒྱ་ནག་གི་བཟོ་གྲྭ་རྣམས་ཀྱིས་ལས་མི་རྣམས་ལ་དགོས་ངེས་ཀྱི་ཆ་རྐྱེན་དང་གླ་ཕོགས་རན་འཚམ་སྤྲོད་ཀྱི་མེད་པའི་རྐྱེན་གྱིས་ཡིན་པར་བཤད། དེ་ཡང་འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཀ་ཛ་ཀི་སི་ཐན་གྱི་ལྷོ་བརྒྱུད་ཛམ་བྷིལ་ (Zhambyl) ཁུལ་དུ་གཞུང་ལམ་འཛུགས་སྐྲུན་བྱེད་བཞིན་པའི་ལས་མི་རྣམས་ཀྱིས། ལས་གཞི་དེའི་བཟོ་སྐྲུན་འགན་འཁུར་བ་རྒྱ་ནག་གི་ཤིན་ཤིང་འཛུགས་སྐྲུན་དང་ཡར་རྒྱས་ཚད་ཡོད་སྤྱི་གཉེར་ཁང་ (China Xinxing Construction and Development Co.) གིས་གླ་ཕོགད་དང་ཆ་རྐྱེན་འདོད་བློ་ཁེངས་པ་ཞིག་སྤྲོད་ཀྱི་མེད་སྐོར་བརྗོད་དེ་ལག་ཆ་རྣམས་གཡུག་སྟེ་ལས་མཚམས་བཞག་ཡོད་འདུག ཉེ་བའི་ཆར་དེ་ལྟ་བུའི་ངོ་རྒོལ་གྱི་ལས་འགུལ་རིགས་ཀ་ཛ་ཀི་སི་ཐན་གྱི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་བསྟུད་མར་ཐོན་བཞིན་ཡོད་པ་རེད་འདུག དེ་ལྟ་བུའི་གནས་ཚུལ་དེ་ཀ་ཛ་ཀི་སི་ཐན་གཅིག་པུ་མིན་པར་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཟེར་བའི་ལས་གཞི་དེ་ཉིད་ལག་བསྟར་བྱ་སའི་ཨ་ཧྥི་རི་ཁ་གླིང་ཕྲན་དང་། ཡུ་རོབ། དཀྱིལ་ཤར་ཨེ་ཤ་ཡ་ཁུལ་ནང་དུའང་ཐོན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Visiting U.S. Senate Majority Leader Chuck Schumer, D-N.Y., left, is greeted by Chinese President Xi Jinping before their bilateral meeting at the Great Hall of the People in Beijing, Monday, Oct. 9, 2023. (AP Photo/Andy Wong, Pool)
ASSOCIATED PRESS
Mobile App

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་རྒྱ་ནག་གཞུང་གི་བྱེད་བབ་ལ་བློ་ཕམ་ཆེན་པོ་གནང་།  

༢༠༢༣/༡༠/༡༠
Russia's President Vladimir Putin shakes hands with North Korea's leader Kim Jong Un at a meeting at the Vostochny Сosmodrome in the far eastern Amur region, Russia, on September 13, 2023.
Mobile App

བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་གྱིས་ང་ཚོས་དུས་རྟག་ཏུ་མཉམ་རུབ་ཐོག་བཙན་རྒྱལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུ་ཡིན་སྐོར་བརྗོད།

༢༠༢༣/༠༩/༡༣
The Gokarla Tunnel was completed on Wednesday after seven years of construction.
Mobile App

རྒྱ་གཞུང་གིས་གོང་དཀར་ལ་ཕུག་ལམ་གསར་རྒྱག་འགྲུབ་ཚར་ཡོད་ཟེར།  

༢༠༢༣/༠༦/༢༩
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་ཡིན་པའི་རྒྱ་ནག་གི་གསང་ཉུལ་བ་འགོག་རྒོལ་གྱི་ཁྲིམས་དེབ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༥/༡༥
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
The Heishanxia section of the Yellow River in China’s Ningxia Hui autonomous region. Photo: Xinhua
Mobile App

རྨ་ཆུའི་རྒྱུད་དུ་ཆུ་མཛོད་ཆེན་པོ་ཞིག་གསར་དུ་བརྒྱག་རྒྱུ་ཡིན་འདུག

༢༠༢༣/༠༥/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese