མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་མཚན་ལ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ཞེས་གསོལ་ཡོད་པ་བཞིན་ད་ནས་བཟུང་ཡང་སྲིད་མཆོག་གི་མཚན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་(ཡང་སྲིད་དུ་ངོས་འཛིན་མ་གནང་གོང་གི་མཚན་དགེ་འདུན་ཆོས་ཀྱི་ཉི་མ་)ཞེས་ཡོངས་གྲངས་སུ་གཅིག་གྱུར་ངང་བེད་སྤྱོད་གནང་དགོས་པའི་འབོད་སྐུལ་གནང་འདུག

༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་ནས་བཀའ་བློན་ལས་ཁུངས་ཁག་ལ། ད་བར་བོད་མི་རྣམས་ཀྱིས་ཡིག་ངག་གཉིས་ཀྱི་ཐོག་ནས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་མཚན་དུ་དགེ་འདུན་ཆོས་ཀྱི་ཉི་མ་ཞེས་འབོད་ཀྱིན་ཡོད་ནའང་། ད་ནས་བཟུང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྩལ་བའི་མཚན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཞེས་གཅིག་གྱུར་ཐོག་བཀོལ་སྤྱོད་བྱ་དགོས་པའི་ཡོངས་ཁྱབ་གསལ་བརྡ་ཞིག་བཏང་གནང་འདུག

༧པཎ་ཆེན་རིན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་རྗེས་ཀྱི་མཚན་བཀོལ་སྤྱོད་བྱ་དགོས་དོན་སྐོར་ལ་བཀའ་དྲུང་ཡིག་ཚང་ནས་གསལ་བཤད་གནང་བའི་ནང་། རང་ཅག་བོད་གངས་ཅན་པ་ཡོངས་ནས་ད་བར་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་མཚན་དུ་པཎ་ཆེན་སྐུ་གོང་མའི་ཡང་སྲིད་ངོས་འཛིན་མ་གནང་གོང་གི་མཚན་དགེ་འདུན་ཆོས་ཀྱི་ཉི་མ་ཞེས་ཡིག་ངག་གཉིས་ཐོག་ནས་བདེ་སྤྱོད་བྱས་དང་བྱེད་བཞིན་པ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་༧པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་རྗེས་༧ཞབས་བརྟན་དང་འབྲེལ་མཚན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཞེས་གསོལ་གནང་མཛད་པར་ཐུགས་སྣང་མ་གནང་བ་ལྟ་བུ་ལམ་ལུགས་དང་མི་མཐུན་ལ། ཆོས་ཕྱོགས་ནས་ཀྱང་རྟགས་རྟེན་འཕྱུག་པའི་རྒྱུར་འགྲོ་བས། ཞེས་དང་། འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཡོངས་ནས་༧པཎ་ཆེན་རིན་པོ་ཆེའི་མཚན་དུ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཞེས་གཅིག་གྱུར་དུ་བེད་སྤྱོད་དགོས་ཞེས་དང་། མཚན་འདི་ཡོངས་གྲགས་མ་ཆགས་བར་དུ་གུག་རྟགས་ནང་དགེ་འདུན་ཆོས་ཀྱི་ཉི་མ་ཞེས་ཡོང་བསྲང་གི་ཚུལ་དུ་འགོད་དགོས་སྐོར་གསུངས་འདུག

ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་༧པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གཙང་གི་གདན་ས་བཀྲ་ཤིས་ལྷུན་པོ་རུ་གློ་བུར་དུ་སྐུ་གཤེགས་རྗེས། སྐུ་གོང་མ་རྣམས་ཀྱི་མཛད་སྲོལ་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡང་སྲིད་རྩད་འཚོལ་དབུ་འཛུགས་མཛད། ཕྱི་ལོ་ ༡༩༩༡ ལོར་ཡང་སྲིད་བོད་ནང་ཕེབས་ཡོད་པ་མཁྱེན་རྟོགས་བྱུང་སྟེ། རྒྱ་ནག་གཞུང་ལ་ཡིག་འབྲེལ་བརྒྱུད་ནས་ཡང་སྲིད་རྩད་འཚོལ་ཐད་སྐུལ་མ་གནང་ཡོད་ཀྱང་ལན་མ་བྱུང་བར་བརྟེན། མཐར་ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༥ ཚེས་ ༡༤ ཉིན་༧གོང་ས་མཆོག་ནས་བོད་ནག་ཆུ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་ལགས་དང་། ཡུམ་བདེ་ཆེན་ཆོས་སྒྲོན་ལགས་གཉིས་ཀྱི་སྲས་སུ་འཁུངས་ཤིང་། སྐབས་དེའི་ཚེ་དགུང་ལོ་ ༦ ལ་སོན་པའི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་ལགས་༧པཎ་ཆེན་སྐུ་ཕྲེང་ ༡༠ པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་དེ། མཚན་དུ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ཞེས་གསོལ་ཡོད་པ་རེད། འོན་ཀྱང་། ངོས་འཛིན་མཛད་དེ་ཉིན་གྲངས་ ༣ ལས་མ་འགོར་བར་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་ཡང་སྲིད་མཆོག་གི་དབུས་ཡབ་ཡུམ་སྐུ་འཁོར་དང་བཅས་བཙན་ཁྲིད་བྱས་ཏེ་ལོ་ངོ་ ༢༧ ལྷག་འགྲོ་བཞིན་ཡོད་པ་དང་། ད་ལྟའང་ཁོང་གི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པར་བརྟེན། བོད་མི་གཙོ་བོར་གྱུར་བའི་དང་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་ཡང་ཡང་འདྲི་རྩད་བྱེད་བཞིན་པའི་གནད་དོན་ཞིག་ཆགས་ཡོད་ལ། བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་ནི་འཛམ་གླིང་ཐོག་གི་དགུང་ལོ་ཆུང་ཤོས་དང་གར་ཡོད་ཆ་མེད་དུ་བཏང་ཡུན་རིང་ཤོས་ཀྱི་བཙོན་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist