མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་བོད་ཀྱི་གཞོན་ནུའི་གཞིས་ཆགས་ཁག་བཞི་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་སྔོན་དབུས་གཞོན་ནུའི་ཁྱབ་ཁོངས་ནས་ཕྱིར་ཐོན་སོང་བའི་དབུ་མའི་ལམ་བོད་ཀྱི་གཞོན་ནུ་ཚོགས་པ་ཞེས་པས་གཞིས་ཁག་བཞི་ཡི་མིང་ཐོག་ནས་ཁོང་ཚོའི་ལངས་ཕྱོགས་དབུ་མའི་ལམ་ལ་འགྱུར་བ་མེད་པའི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་དང་བོད་དོན་ཞུ་གཏུག་སོགས་ཀྱི་ལས་འགུལ་སྔར་རྒྱུན་བཞིན་སྤེལ་རྒྱུ་ཡིན་སྐོར་བརྗོད་སོང་།

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་དབུ་མའི་ལམ་བོད་ཀྱི་གཞོན་ནུ་ཚོགས་པས་ཚོགས་འདུ་བསྡུས། ༢༠༢༢།༠༦།༢༣

ཁ་སང་སྔ་དྲོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཡ་དཀར་ཚོགས་ཁང་དུ། ཕྱི་ལོ་ ༢༠༡༣ ལོར་དབུས་གཞོན་ལྷན་གྱི་ཁྱབ་ཁོངས་ནས་ལོགས་སུ་ཐོན་པའི་གཞོན་ནུའི་ས་གནས་སྦེལ་ཀོབ་དང་། ཧོན་སུར། ཀོ་ལི་གྷལ་བཅས་ཀྱི་ཚོགས་གཙོ་དང་རྒྱུན་ལས་བཅས་མི་གྲངས་ ༢༠་ཙམ་ནས་ཚོགས་འདུ་འཚོགས་ཏེ་གྲོས་བསྡུར་བྱས་རྗེས། སྦེལ་ཀོབ་དང་ཧོན་སུར། ཀོ་ལི་གྷལ། སྤོན་ཌོ་བཅས་ས་གནས་ཁག་བཞི་ཡི་མིང་ཐོག་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དེ་སྔོན་དབུས་གཞོན་ལྷན་གྱི་ཁྱབ་ཁོངས་ནས་ལོགས་སུ་ཐོན་པའི་ས་གནས་ཁག་ ༨ ལས་ཀོ་ལི་གྷལ་ཕུད་གཞན་ཚང་མར་གྲོས་མོལ་བྱས་པ་བརྒྱུད་ཕྱིར་དབུས་ཁོངས་སུ་འཛུལ་ཡོད་སྐོར་བརྗོད་ཡོད་ནའང་། ཕྱི་ལོ་ ༢༠༡༣ ལོར་ཆབ་སྲིད་ཀྱི་ལྟ་གྲུབ་མ་མཐུན་པའི་ཐོག་ནས་ཕྱིར་ཐོན་སྐབས་ཀྱི་རྩ་འཛིན་སྒྲིག་གཞི་གཞིར་བཟུང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ལ་མ་བསྒྱུར་བར་དུ་དབུ་མའི་ལམ་བོད་ཀྱི་གཞོན་ནུ་ཚོགས་པའི་མིང་ཐོག་ནས་མུ་མཐུད་ལས་དོན་སྒྲུབ་ནས་འགྲོ་རྒྱུ་ཡིན་སྐོར་བརྗོད་སོང་།

དབུ་མའི་ལམ་བོད་ཀྱི་གཞོན་ནུ་ཚོགས་པ་ཡི་སྤྱི་ཁྱབ་ཚོགས་གཙོ་སྦེལ་ཀོབ་གཞོན་ནུ་ཚོགས་པའི་ཚོགས་གཙོ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ལགས་ཀྱིས། དེ་སྔོན་ཕྱི་ལོ་༢༠༡༣ ལོར་ས་གནས་གཞོན་ནུའི་ཚོགས་པ་ཁག་བརྒྱད་ཀྱི་ངོས་ནས་ས་གནས་མང་ཚོགས་ཀྱི་མང་མོས་རྒྱབ་སྐྱོར་འོག་དབུ་མའི་ལམ་གྱི་ལངས་ཕྱོགས་སུ་བསྐྱོད་དགོས་པའི་རྒྱབ་ལྗོངས་ལོ་རྒྱུས་དང་། དེའི་རྗེས་དབུས་དང་ས་གནས་དབར་འབྲེལ་ལམ་ཇི་ལྟར་བྱུང་བ་སོགས་ཀྱི་གནད་དོན་འགྲེལ་བརྗོད་དང་སྦྲགས། འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་ ༢༣ ཉིན་དབུས་ཀྱི་ཚོགས་གཙོ་དང་རྒྱུན་ལས་ས་གནས་ལ་འབྱོར་ནས་མང་ཚོགས་བསྡུ་སྐོང་བྱས་ཏེ། གཞོན་ལྷན་གྱི་ཁྱབ་ཁོངས་སུ་གཏོགས་པའི་ས་གནས་གཞོན་ནུ་དགོས་མིན་གྱི་བསམ་ཚུལ་བསྡུ་སྐབས་ཚོགས་བཅར་བ་མི་གཅིག་མ་གཏོགས་གཞན་རྣམས་ཀྱིས་རྒྱབ་སྐྱོར་བྱས་ཏེ། རྒྱུན་ལས་གསར་འདེམས་དང་འབྲེལ་ས་གནས་གཞོན་ནུ་སླར་གསོ་བྱས་པ་ཡིན་ཟེར་གྱི་ཡོད་ཀྱང་། ཉུང་མཐར་མི་གྲངས་ ༣༠༠༠ ཡས་མས་ཡོད་ལབ་ཀྱི་ཡོད་པའི་སྦེལ་ཀོབ་གཞིས་ཆགས་ནས་མི་ ༤༡ ལས་འཛོམས་མེད་སྟབས། དེས་ཚད་མཐོའི་མང་ཚོགས་ཀྱི་རྒྱབ་སྐྱོར་མཚོན་ཐུབ་ཀྱི་མེད་སྐོར་སོགས་བརྗོད་སོང་།

ཡང་གསར་འགོད་གསལ་བསྒྲགས་སྐབས་ཕྱི་ཚེས་ ༢༣ ཉིན་སྤོན་ཌོ་ས་གནས་གཞོན་ནུས་དབུས་ཁོངས་སུ་འཛུལ་བའི་གསལ་བསྒྲགས་དེ་བདེན་པ་མིན་སྐོར་གྱི་མི་ ༡༨ ་ཀྱིས་མིང་རྟགས་བརྒྱབ་པའི་ཡི་གེ་ཞིག་བཏང་ཡོད་པ་སྒྲོགས་སྦྱང་བྱས་སོང་ལ། ཧོན་སུར་རབ་རྒྱས་གླིང་གི་གཞོན་ནུའི་ཚོགས་གཙོ་རྟ་མགྲིན་ནས་དེ་སྔོན་དབུས་རྒྱུན་ཧོན་སུར་ས་གནས་སུ་འབྱོར་ཏེ་ཚོགས་ཆེན་བསྡུ་རྒྱུ་ཡིན་པ་བསྒྲགས་ཡོད་ཀྱང་། ཧོར་སུར་གྲོང་སྡེ་ ནས་མི་གྲངས་ ༢༧ ལས་འཛོམས་མེད་སྐོར་དང་། ཁོ་ཚོའི་ལངས་ཕྱོགས་ལའང་འགྱུར་བ་ཕྱིན་མེད་སྐོར་བརྗོད་སོང་།

རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཀོ་ལི་གྷལ་གྱི་གཞོན་ལྷན་ཕུད་གཞན་ཕྱི་ལོ་ ༢༠༡༣ ལོར་དབུས་གཞོན་ལྷན་གྱི་ཁྱབ་ཁོངས་ནས་ལོགས་སུ་ཐོན་སོང་བའི་ས་གནས་ཁག་ ༧ གྱི་གཞོན་ལྷན་འགྲིག་འཇགས་བྱུང་སྟེ་ཕྱིར་དབུས་ཁོངས་སུ་འཛུལ་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ། དུས་བབ་ཀྱི་པར།

གནད་དོན་འདིའི་ཐད་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་སུ་སྐད་ཆ་དྲིས་པར་ཁོང་གིས། སྤྱིའི་ཆ་ནས་བཙན་བྱོལ་སྒྲིག་འཛུགས་དང་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་དུས། ང་ཚོ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ཡོད་པའི་ས་གནས་གསུམ་གྱི་ཚོགས་པ་ནས་གསར་འགོད་གསལ་བསྒྲགས་གནང་བ་དེར་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་། ཉེ་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་བསྐྱངས་པའི་གསར་འགོད་གསལ་བསྒྲགས་དེ་དངོས་བདེན་མ་རེད་ཅེས་བརྗོད་པ་ནི་རྩ་བ་ནས་བདེན་པ་མ་རེད་ཞུ་རྒྱུ་ཡིན། ཞེས་དང་། སྦེལ་ཀོབ་དང་ཧོན་སུར་གཉིས་སུ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་ས་གནས་གཞོན་ནུ་ལྷན་ཚོགས་བསྐྱར་གསོ་ཐུབ་སྟེ་རྒྱུན་ལས་གསར་འདེམས་བྱས་ཡོད་པ་དང་། དེ་བཞིན་དབུས་རྒྱུན་ཌལ་ཧོར་དང་སྤོན་ཌོ་ས་གནས་སུ་ཕྱིན་སྐབས་ཚོགས་མི་ ༡༨ ནས་དབུས་ལ་མོས་མཐུན་ཡོད་ཅེས་རྒྱབ་སྐྱོར་ཐོབ་ཡོད་ཀྱང་། ས་གནས་ཀྱི་མི་རེ་ཟུང་གིས་ཚོགས་གཙོ་སོགས་ཀྱི་མིང་འཁུར་ནས་དཀྲུག་ཐབས་བྱེད་བཞིན་ཡོད་སྟབས། ཁ་སང་ཡང་མོས་མཐུན་མེད་པའི་ཡི་གེ་ཞིག་འབྱོར་བ་དེར་བློ་ཕམ་ཡོད་ལ། དབུས་རྒྱུན་སླར་ཡང་ས་གནས་སུ་བཅར་རྒྱུ་ཡིན་སྐོར་བརྗོད་བྱུང་།

གཞོན་ལྷན་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། སྦེལ་ཀོབ་དང་ཧོར་སུན་གཉིས་སུ་ས་གཞོན་གྱི་རྒྱུན་ལས་གསར་དུ་བདམས་ཡོད་པ་དང་།  ཌལ་ཧོར་དང་སྤོན་ཌོ་གཉིས་སུ་ལས་ཐོག་རྣམས་རང་སོར་འཇོག་པའི་ཐག་གཅོད་བྱས་ཡོད་འདུག འོན་ཀྱང་། དབུ་མའི་ལམ་གཞོན་ནུའི་ཚོགས་གཙོ་ཚེ་རིང་ལྷ་སྐྱབས་ལགས་ཀྱིས། ཆབ་སྲིད་ལྟ་གྲུབ་མ་མཐུན་པ་ཙམ་མ་གཏོགས་ས་རྒྱུན་ལས་ཁུངས་རང་འཇགས་ཐོག་མུ་མཐུད་སྔར་གྱི་ལས་དོན་སྤྱི་ཚོགས་ཞབས་ཞུ་དང་། བོད་དོན་ཞུ་གཏུག་སོགས་རྒྱུན་མཐུད་ནས་འགྲོ་ཡི་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༣ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༥ པའི་ཐོག བོད་ཀྱི་གཞོན་ནུའི་ལངས་ཕྱོགས་རང་བཙན་ལ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་མི་མཐུན་པ་བྱུང་བར་བརྟེན། ཚོགས་ཆེན་ཐོག་སྦེལ་ཀོབ་དང་། ཧོན་སུར། ཀོ་ལི་གྷལ། མོན་གྷོ། སྦེང་ལོར། ཌལ་ཧོར། ལ་དྭགས། སྤོན་ཊོ་བཅས་ས་གནས་ཁག་བརྒྱད་ཚོགས་ཁོངས་ནས་ཐོན་ཕྱིན་ཡོད་པ་མ་ཟད། དབུས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ལ་མ་བསྒྱུར་བར་དུ་དབུས་ཁོངས་སུ་ཕྱིར་ལོག་བྱ་རྒྱུ་མིན་པའི་གྲོས་ཆོད་བཞག་ཡོད་འདུག ཕྱིས་སུ་དབུས་རྒྱུན་ས་གནས་སུ་བསྐྱོད་དེ་འགྲིག་འཇགས་ཡོང་ཐབས་གནང་ཡོད་ཀྱང་དོན་འབྲས་མ་སོན་པར་བརྟེན། ཕྱི་ལོ་ ༢༠༡༤ ལོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པའི་སྟེང་། ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་བོད་ཀྱི་གཞོན་ནུའི་ཚོགས་མིར་ངོས་ལེན་མེད་པའི་གྲོས་ཆོད་བཞག་ཡོད་འདུག ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལ་དབུས་ནས་བསྐྱར་དུ་འབྲེལ་བ་བྱས་ཏེ་གྲོས་མོལ་བྱས་ཡོད་ཀྱང་ཕྱོགས་གཉིས་ཀྱི་ལངས་ཕྱོགས་ཐད་འགྱུར་བ་ཐེབས་མ་ཐུབ་པར་ལྷག་ཡོད་འདུག

འབྲེལ་ཡོད་གནས་ཚུལ། གཞོན་ལྷན་ས་གནས་ཁག་བདུན་དབུས་ཀྱི་ཁྱབ་ཁོངས་སུ་ཕྱིར་ལོག་འདུག

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese