མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་ལེགས་སྨན་ཁང་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་ཟློས་གར་ཚོགས་ཁང་དུ་ཕྱི་ལོ་ ༡༩༧༡ ལོར་བོད་ཀྱི་བདེ་ལེགས་སྨན་ཁང་དབུ་བརྙེས་ཏེ་ད་བར་ལོ་ངོ་ ༥༠ འཁོར་བའི་མཛད་སྒོ་འཚོགས་སོང་།

དེ་རིང་ཕྱི་ཚེས་ ༤ ཉིན་བོད་ཀྱི་བདེ་ལེགས་སྨན་ཁང་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་དེ་བོད་ཀྱི་ཟློས་གར་ཚོགས་ཁང་དུ་ཚོགས་སོང་བ་དང་། མཛད་སྒོའི་སྟེང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་པའི་བོད་མི་མང་སྤྱི་འཐུས་རྣམས་དང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྲི་ཞུའི་ལས་བྱེད། བོད་ཀྱི་བདེ་ལེགས་སྨན་ཁང་གི་འགོ་ལས་ཡོངས་ཀྱི་གཙོས་ཕྱོགས་མཐའ་ཁག་ནས་ཆེད་དུ་ཕེབས་པའི་སྨན་པ་དང་སྨན་ལས་ཆེད་མཁས་པ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་ཟུར་དང་སྤྱི་ཟུར་ཁག་ཅིག དེ་བཞིན་བདེ་ལེགས་སྨན་ཁང་གི་ལས་བྱེད་ཟུར་བ་དང་གསར་འགོད་པ་དང་མི་མང་བཅས་འཛོམས་འདུག

ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་ཚོགས་གཞོན་སྒྲོལ་མ་ཚེ་རིང་སོགས་ནས། བདེ་ལེགས་སྨན་ཁང་གི་ལོ་རྒྱུས་དཔེ་དེབ་ཅིག་དང་ནད་རིགས་བཅོས་ཐབས་ལམ་སྟོན་སྐོར་གྱི་དཔེ་དེབ་གཅིག་བཅས་དབུ་འབྱེད་གནང་ཞིང་། དམིགས་བསལ་བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པ་དང་༧སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་འདས་པའི་ལོ་ངོ་ ༤༠ རིང་བཙན་བྱོལ་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་ཞབས་འདེགས་ཞུས་པར་ཆེ་བསྟོད་སླད་འཇམ་པའི་དབྱངས་ཀྱི་སྐུ་རྟེན་ཞིག་དང་བདེ་ལེགས་སྨན་ཁང་གི་ལས་བྱེད་ཞབས་ལོ་ ༢༠ འཁོར་བ་བཞི་ལ་ཆེ་བསྟོད་གཟེངས་རྟགས་བཅས་ཕུལ་གནང་སོང་།

སྐབས་དེར་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་བདེ་ལེགས་སྨན་ཁང་གི་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོག་སྦྱངས་གནང་ཞིང་། སྐུའི་བླ་སྨན་པ་དང་བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཡང་སྒོས་རང་གི་དགེ་བའི་བཤེས་གཉེན་དང་ཕ་མ་གཉེན་ཉེ། ལས་རོགས་དང་ནད་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་རང་ཉིད་ལ་འདས་པའི་ལོ་ངོ་ ༤༠ ཙམ་གྱི་རིང་སྤྱི་ཚོགས་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བར་བརྟེན། ཡོད་ཚད་ལ་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། སྨན་པ་ཞིག་ཡིན་པའི་ངོས་ནས་སྨན་སྤྲོད་པ་དང་ཁབ་བརྒྱག་པ། དེ་བཞིན་བརྟག་དཔྱད་གཏོང་བ་ཙམ་མ་ཡིན་པར་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཐོག་ནས་ནད་པར་ལྟ་སྐྱོང་དང་སྨན་བཅོས་བྱ་རྒྱུ་གལ་ཆེན་ཡིན་སྐོར་གྱི་གཏམ་བཤད་སྤེལ་སོང་།

དམིགས་བསལ་སྐུ་མགྲོན་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། སྨན་པ་ཟེར་བའི་ཐ་སྙད་དེ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ལྷ་རྗེ་ཞེས་པ་ནས་མཆེད་ཅིང་། འདས་པའི་ལོ་ངོ་ ༥༠ རིང་བདེ་ལེགས་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་ལ་སོགས་པའི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་པར་བསྔགས་བརྗོད་དང་འབྲེལ། འདས་པའི་ལོ་ངོ་ ༥༠ རིང་བདེ་ལེགས་སྨན་ཁང་ངོས་ནས་དྷ་སའི་ཁུལ་གཅིག་པུ་མ་ཡིན་པར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཡོངས་ཀྱི་ནང་ནད་གཞི་བརྟག་དཔྱད་དང་འབྲེལ་བའི་ལས་གཞི་སྤེལ་ཞིང་། མ་འོངས་པར་བོད་གཞིས་བྱེས་མཉམ་འཛོམས་བྱུང་སྐབས་བདེ་ལེགས་སྨན་ཁང་གི་ཡན་ལག་མདོ་དབུས་ཁམས་གསུམ་ནང་གཉེར་ཐུབ་པའི་རེ་བ་ཡོད་པའི་གསུང་བཤད་གནང་སོང་།

སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཕྱི་ལོ་ ༡༩༧༡ ལོར་བདེ་ལེགས་སྨན་ཁང་དབུ་བརྙེས་པ་ནས་ད་སྔ་བར་གྱི་རྒྱབ་ལྗོངས་ལོ་རྒྱུས་གནད་བསྡུས་ཤིག་གསུངས་པ་དང་འབྲེལ། དེ་སྔ་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་དང་འཚམས་གཟིགས་སོགས་ཀྱི་སྐབས་གསུངས་པ་ལྟར། མི་ཞིག་གི་མི་ཚེའི་ནང་དཀའ་ངལ་ཆེ་ཤོས་ནི་ན་བའི་སྐབས་དང་རྒས་པའི་སྐབས་ཡིན་པ་དང་། ན་བའི་སྐབས་ལྟ་རྟོག་བྱེད་མཁན་གཙོ་བོ་སྨན་པ་དང་སྨན་ཞབས། དེ་བཞིན་དེ་འབྲེལ་གྱི་འཛིན་སྐྱོང་ལས་ཀ་བྱེད་མཁན་རྣམས་ཀྱང་ཡིན་སྟབས། འཇིག་རྟེན་འདིའི་ནང་མི་ལ་ཕན་ཐོགས་ཆེ་ཤོས་ནི་སྨན་གྱི་ལས་ཀ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་གསུངས་པ་དང་། བདེ་ལེགས་སྨན་ཁང་གི་སྔ་རྗེས་ཀྱི་འགན་འཛིན་རིམ་པ་དང་སྨན་པ་དང་སྨན་ཞབས་པ། ལས་བྱེད་ཡོངས་ནས་བདེ་ལེགས་སྨན་ཁང་ཡར་རྒྱས་གོང་འཕེལ་གྱི་ཆེད་དུ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཞབས་འདེགས་ཞུས་པར་ཐུགས་རྗེ་ཆེ་ཞུས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༣ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༥ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese