མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་གྲོས་དང་བྱམས་བརྩེ་སྤེལ་བའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ཚོགས་འདུ་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༢/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ང་ཚོ་ལོ་ཡར་བསླེབས་ཡོང་དུས་ཆུང་བའི་སྐབས་ཨ་མས་གཅེས་སྐྱོང་བྱས་པའི་བྱམས་བརྩེའི་ཚོར་བ་དྲན་པའི་ཐོག་ནས་སོ་སོ་ཡོད་སའི་འཛམ་གླིང་འདིའི་སྒང་ལ་ག་ཚོད་ཐུབ་ཐུབ་ཀྱིས་བྱམས་བརྩེ་སྤེལ་ཐུབ་པ་ཞིག་བྱ་དགོས་སྐོར་བཀའ་སློབ་སྩལ།

ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་ངོས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བྱམས་བརྩེ་གོང་སྤེལ་གྱི་མཛད་འཕྲིན་རླབས་པོ་ཆེར་ཆེ་བསྟོད་ཀྱི་གཟེངས་རྟགས་ཕྱག་འཁྱེར་ཞིག་འབུལ་ལམ་ཞུས། ༢༠༢༢།༡༢།༠༩

ཏཱ་ལའི་བླ་མ་དགེ་རྩ་ཚོགས་པ་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ (Emory University) གཉིས་ཀྱི་གོ་སྒྲིག་འོག དེ་རིང་བཞུགས་སྒར་དྷ་རམ་ས་ལའི་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་(The Dalai Lama library and archives) དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་དབུ་འཛིན་གྷི་རི་གྷོ་རི་ཨེལ་ཧྥན་ཝེ་སི་(Gregory L. Fenves)མཆོག་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་གསོའི་ལས་དོན་གྱི་འགན་འཛིན་གཞོན་པ་མགོ་འཛིན་ (Ravi V. Bellamkonda)ལགས། དེ་བཞིན་ཨེ་མོ་རི་བྱམས་བརྩེའི་ལྟེ་གནས་ཁང་གི་འགན་འཛིན་འབུམ་རམས་པ་བློ་བཟང་བསྟན་འཛིན་ནེ་གི་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པ། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་སོགས་ཕེབས་འདུག་ཅིང་། ཚོགས་འདུའི་སྟེང་ཨ་རི་དང་ཁེ་ན་ཌ། དེ་བཞིན་རྒྱ་གར་དང་སྦར་སིལ། མེག་སི་ཀོ་ (Mexico)། ཁོ་ལོམ་བྷི་ཡ་ (Colombia)། རོ་མ་ནི་ཡ་ (Romania)། སོག་པོ། (Mongolia)། ཀེ་ནེ་ཡ་ (Kenya) བཅས་ནས་ཚོགས་ཞུགས་གནང་འདུག

དབུ་འབྱེད་མཛད་སྒོའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོ་གྲོགས་པོ་རྙིང་པ་མང་པོ་ཞིག་རུབ་རུབ་བྱས་པ་རེད། དགའ་པོ་ཞེ་དྲགས་བྱུང་། དེ་རིང་༧སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེ་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་བྱུང་། མ་གཞི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་རེད། དེར་བརྟེན་གང་ལྟར་ཆོས་ཉིད་རེད། ངོས་རང་ལ་དྭགས་སུ་འབྱོར་བའི་སྐབས་ཁྲི་ཟུར་རིན་པོ་ཆེའི་སྐུ་མདུན་ནས་འཇིག་བྱེད་གཉན་ཆེན་གྱི་མཚམས་ལ་བཞུགས་པ་དང་། མཚམས་ལ་བཞུགས་སའི་བཞུགས་གདན་དེའི་སྒང་ནས་ངོས་ཀྱིས་རིགས་ཚོགས་དྲུག་གི་ཞལ་ལུང་ཞུས་པ་ཡིན། འདི་གསལ་པོ་ཞེ་དྲགས་དྲན་ཡོང་བགྱིས། ངོས་ནས་གོང་དུ་ཞུས་པ་ལྟར་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཉེར་ལེན་གྱི་ཕུང་པོ་དེ་འདྲ་བླངས་ཕྱིན་ཆད་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཐོག་ནས་ཡོང་བསྡད་པ་ཞིག་རེད་མ་གཏོགས། དེ་ལས་ཐར་ཐབས་གང་ཡང་མེད་པ་རེད། ཅེས་གསུངས་སོང་།

༧ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོ་ཚེ་ལོ་བརྒྱ་པའི་སྐབས་ཀྱི་མི་ཆགས་ཀྱི་ཡོད་རེད། ངོས་རང་ལ་ཆ་བཞག་ན། ཚེ་ལོ་བརྒྱ་པའི་མི་ཞིག་རེད། གོང་དུ་ཞུས་པ་ལྟར། ཆུང་དུས་ཡོངས་འཛིན་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ལ་བརྟེན་ནས་དཔེ་ཆ་ལ་ཏོག་ཙམ་བལྟས་པ་དང་། དེ་ནས་ང་ཚོ་བཙན་བྱོལ་དུ་བསླེབས་རྗེས་ག་ཚོད་ཐུབ་ཐུབ་ཀྱིས་སྒོམ་ཉམས་ལེན་བྱས་ཏེ། ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ངོས་རང་གི་ཉམས་མྱོང་གི་ཐོག་ནས་བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ནུས་པ་ཆེན་པོ་དང་ཕན་ཐོགས་ཞེ་དྲགས་ཡོད་པ་ཞིག་རེད་འདུག ང་ཚོ་ཆུང་དུས་སྐྱེ་བའི་སྐབས་ནས་མའི་བརྩེ་བས་བསྐྱངས་པ་རེད། མའི་བརྩེ་བ་དེ་ལ་བརྟེན་ནས་རང་ཉིད་འཚོ་ཡི་ཡོད་རེད། བརྩེ་བ་དེ་ཆུང་དུས་ནས་གོམས་བསྡད་ཡོད་པ་དང་། མིའི་སྤྱི་ཚོགས་ཟེར་བ་དེ་བརྩེ་བ་ལ་བརྟེན་མཁན་ཆགས་ཀྱི་ཡོད་པས། ང་ཚོར་ལྷན་སྐྱེས་ཀྱིས་སེམས་པ་བཟང་པོ་བྱ་རྒྱུའི་གཞི་རྩ་ཞིག་ཡོད་པར་བརྟེན། ལོ་ཡར་བསླེབས་ཡོང་དུས་ཆུང་བའི་སྐབས་ཨ་མས་གཅེས་སྐྱོང་བྱས་པའི་བྱམས་བརྩེའི་ཚོར་བ་དྲན་པའི་ཐོག་ནས། སོ་སོ་ཡོད་སའི་འཛམ་གླིང་འདིའི་སྒང་ལ་ག་ཚོད་ཐུབ་ཐུབ་ཀྱིས་བྱམས་བརྩེ་སྤེལ་ཐུབ་པ་ཞིག་བྱ་དགོས། དེ་ཡང་འཛམ་གླིང་འདིའི་སྒང་གི་སྲོག་ཆགས་སྤྱི་དང་ལྷག་པར་མི་དེ་དག་མའི་བརྩེ་བས་བསྐྱངས་པ་ཞིག་ཡིན་པར་བརྟེན། ག་ཚོད་ཐུབ་ཐུབ་ཀྱིས་མི་ཚེ་གང་པོར་བརྩེ་བ་ཟེར་བ་དེ་ཟིན་ཐུབ་པ་ཞིག་དང་། མཐའ་མ་ཤི་བའི་སྐབས་སུ་རང་གི་མཐའ་འཁོར་དུ་བརྩེ་བ་ཡོད་མཁན་གྱི་གྲོགས་པོ་ཚོ་འཁོར་བསྡད་ན། སོ་སོའི་སེམས་ལ་ཞི་བདེ་མང་བ་ཡོང་བ་དང་ཤི་སྲོལ་བདེ་པོ་ཡོང་གི་རེད། གཞན་ཤི་བའི་སྐབས་རྒྱུ་དངོས་པོ་ག་ཚོད་ཡོད་རུང་ཕན་ཐོགས་རྒྱུ་གང་ཡང་མེད། ཅེས་དང་། དེང་སང་གོ་མཚོན་སླད་འགྲོ་སོང་མང་པོ་གཏོང་གི་ཡོད་པ་དེ་ནོར་གྱི་ཡོད་པས། ང་ཚོས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་ཡོང་རྒྱུར་བསམ་བློ་གཏོང་དགོས་གལ་ཆེ་བ་དང་། འཛམ་གླིང་ཁྱོན་ཡོངས་སུ་བྱམས་བརྩེ་སྤེལ་ཐུབ་པ་དང་། ཞི་བདེ་བསྐྲུན་པར་སེམས་པ་བཟང་པོ་དང་སྙིང་རྗེ་དགོས་ལ། ཆོས་ལུགས་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར་བྱམས་སྙིང་རྗེ་ཉམས་ལེན་བྱས་པའི་ཐོག་ནས་འཛམ་གླིང་ཞི་བདེ་དང་ལྡན་པ་ཟིག་བསྐྲུན་ཐུབ་ཀྱི་ཡོད་སྐོར་སོགས་གསུངས་སོང་།

བློ་གྲོས་དང་བྱམས་བརྩེ་སྤེལ་བའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ཚོགས་འདུ། ༢༠༢༢།༡༢།༠༩

དྷ་སའི་སྟོང་ལེན་སློབ་གྲྭ་ (Tong-Len School) ནས་ཡིན་པའི་རང་ལོ་ ༡༤ སོན་པའི་བུ་མོ་ (Ms. Sanjna Taktiyan) ཡིས།  ང་རང་སྟོང་ལེན་སློབ་གྲྭའི་སྡོད་ཁང་ནང་སྡོད་ཀྱི་ཡོད་པ་དང་། ང་རང་ཕ་མ་དང་ཐག་རིང་ཆགས་ཀྱི་ཡོད་སྐོར་དང་། ཕ་མ་གཉིས་དབུལ་པོ་ཡིན་པར་བརྟེན། ཁོང་ཚོའི་འཚོ་བར་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པས། ཕ་མར་ཞབས་ཕྱི་གང་འདྲ་ཞུ་དགོས་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་གི་བསམ་ཚུལ་ལ། ཁྱེད་རང་གི་ཕ་མ་དང་སྤྱི་ཚོགས་ཀྱི་དོན་དུ་སློབ་སྦྱོང་སྦྱོང་གི་ཡོད་པར་བརྟེན། སློབ་སྦྱོང་སྦྱངས་པའི་ཐོག་ནས་ཁྱེད་རང་ལ་ཤེས་ཡོན་མང་པོ་ཐོབ་ཀྱི་རེད། དེའི་ཐོག་ནས་དཀའ་ངལ་གང་འདྲ་སེལ་དགོས་པ་དང་མི་ཚེ་བདེ་སྐྱིད་དང་ལྡན་པ་གང་འདྲ་བསྐྲུན་ཐུབ་ཀྱི་ཡོད་པ་སོགས་ཤེས་ཀྱི་རེད། ཁྱེད་རང་ལ་ཐོབ་པའི་ཤེས་ཡོན་དེ་དག་རང་ཉིད་ཀྱི་ཕ་མར་བསླབ་དགོས་རེད། སྤྱིར་བཏང་ཕ་མ་དེ་དག་ཤེས་ཡོན་མི་ལྡན་པས་བསམ་རྒྱ་ཆུང་བ་ཡོད་པ་རེད། དེར་བརྟེན། ད་ལྟའི་ཆར་གཞོན་སྐྱེས་རྣམས་ལ་སློབ་སྦྱོང་སྦྱང་རྒྱུའི་གོ་སྐབས་མང་པོ་ཡོད་རེད། སློབ་སྦྱོང་སྦྱངས་པའི་ཐོག་ནས་བསམ་རྒྱ་ཐོས་རྒྱ་ཆེ་རུ་འགྲོ་ཡི་རེད། ཤེས་རབ་དང་བསམ་བློ་རྒྱ་ཆེ་བའི་ཐོག་ནས་ཕ་མར་ཞབས་ཕྱི་ཞུ་ན་ཕན་ཐོགས་དང་ནུས་པ་ཆེ་བ་ཡོད་རེད། ང་ཚོར་དཀའ་ངལ་འཕྲད་པའི་སྐབས། ལམ་སེང་སེམས་ཤུགས་ཆག་ནས་བསྡད་པ་དེ་ནོར་གྱི་ཡོད་པས། སེམས་ཤུགས་ནམ་ཡང་མ་ཆག་པར་དཀའ་ངལ་ཇི་ལྟར་སེལ་དགོས་པ་དང་། གཞི་རྩ་གཙོ་བོ་ག་རེ་ཡིན་པའི་ཐོག་བསམ་བློ་གཏང་སྟེ་དཀའ་ངལ་སེལ་ཐབས་བྱ་དགོས་ལ། གཞན་ལ་རོགས་རམ་བྱ་དགོས། དེ་འདྲ་སོང་ཙང་སློབ་སྦྱོང་དེ་གལ་ཆེན་པོ་ཞེ་དྲགས་རེད། ཅེས་བཀའ་ལན་གནང་སོང་།

དེ་རིང་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་ནས་སློབ་གྲྭ་དང་འཛིན་གྲྭ། དེ་བཞིན་སྤྱི་ཚོགས་ནང་ཤུགས་རྐྱེན་ཇི་ལྟར་སྤྲད་ཡོད་སྐོར་དང་། མི་ཚེ་དོན་དང་ལྡན་པ་དང་ནུས་ལྡན་ཡོང་བར་བྱམས་བརྩེ་ཉམས་ལེན་ཇི་ལྟར་བྱ་དགོས་པ། དེས་ཤེས་ཡོན་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པའི་སྐོར་ལ་བགྲོ་གླེང་གནང་བཞིན་འདུག་ལ། སང་ཉིན་ཕྱི་ཚེས་ ༡༠ ཉིན་སཱི་ཤེས་ཡོན་སློབ་གསོ་བརྒྱུད་སློབ་ཕྲུག་གི་གྲུབ་འབྲས་སོགས་ལ་ཁེ་ཕན་ཇི་ལྟར་སྤྲོད་ཐུབ་སྐོར་དང་། ཚོགས་པའི་ནང་སཱི་ཤེས་ཡོན་སློབ་གསོ་ལག་བསྟར་གང་འདྲ་བྱེད་ཀྱི་ཡོད་སྐོར། དེ་བཞིན་ད་ལྟའི་སཱི་ཤེས་ཡོན་སློབ་གསོའི་ཤུགས་རྐྱེན་དང་མ་འོངས་པའི་ཁ་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་རྒྱུ་རེད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese