མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ཧྲིལ་པོ་ ༣༣ འཁོར།

བོད་ཀྱི་དུས་བབ།
༢༠༢༢/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ནོ་སྦེལ་ཞི་བདེའི་གཟེངས་རྟགས་༧གོང་ས་མཆོག་ལ་འབུལ་བཞེས་མཛད་དེ་ལོ་ངོ་ཧྲིལ་པོ་ ༣༣ འཁོར་བའི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ནས་༸མགོན་པོ་མཆོག་གི་གདམས་ངག་རྣམས་ནི་ང་ཚོར་སྙིང་སྟོབས་དང་བློ་སྤོབས་འཕེལ་སྐྱེད་ཀྱི་སྨན་མཆོག་ཏུ་འཛིན་དགོས་ཤིང་ང་ཚོས་དུས་ཆེན་སྲུང་གཙིའི་དགོས་དོན་ངོ་མའང་འདི་ཡིན་སྐོར་གསུངས་སོང་།

དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་༧གོང་ས་མཆོག་ལ་འབུལ་བཞེས་མཛད་དེ་ལོ་ངོ་ཧྲིལ་པོ་ ༣༣ འཁོར་བའི་མཛད་སྒོ་ཚོགས། ༢༠༢༢།༡༢།༡༠ པར། དུས་བབ།

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ བའི་ཐོག་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ཧྲིལ་པོ་ ༣༣ འཁོར་བའི་གཞུང་འབྲེལ་མཛད་སྒོ་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇེ་ཐ་ཀུ་མར་མཆོག ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ཁྲིམས་རྩོད་པ་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ལགས་དང་རྒྱུན་ལས་འཐུས་མི། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་དབུས་པའི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་འཛོམས་འདུག་ལ། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་སྐལ་བཟང་ཆོས་སྒྲོན་ལགས་ལ་ཞབས་ལོ་ ༢༥ ཧྲིལ་བོ་ལོན་པའི་གཟེངས་བསྟོད་བྱ་དགའ་གནང་སོང་བ་དང་། དེ་བཞིན་སྐུ་མགྲོན་གཙོ་བོ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་ནས་བོད་ཀྱི་ཟློས་གར་ཚོགས་པས་དབྱར་སྐྱིད་གཞས་སྣ་ཁག་པར་ལེན་ཕྱོགས་སྒྲིག་བྱས་པའི་མཐེབ་སྡེར་དབུ་འབྱེད་གནང་བ་དང་། དམིགས་བསལ་སྐུ་མགྲོན་སྐུ་ཞབས་སུ་ཇེ་ཐ་ཀུ་མར་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་གིསྨན་པ་འཇིགས་མེད་དགེ་འདུན་ལགས་ཀྱིས་རྩོམ་སྒྲིག་གནང་བའི་བོད་ཀྱི་གས་ོ་རིག་འཇམ་དཔྱད་རིག་པའི་རྣམ་བཤད་དང་ལག་ལེན་བེེཌཱརྱའི་འོད་སྣང་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་སྐབས། འཛམ་གླིང་དུ་སྙན་གྲགས་ཆེ་བའི་གཟེངས་རྟགས་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་པ་ནི། ༸མགོན་པོ་གང་ཉིད་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་ཆེད་ཐོག་མཐའ་བར་གསུམ་དུ་འཚེ་མེད་ཞི་བའི་ཐབས་ལམ་རྒྱུན་འཁྱོངས་གནང་བ་དང་། རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། གོ་ལའི་ཁོར་ཡུག་གི་གནད་དོན་ཐད་དགེ་མཚན་ལྡན་ཞིང་གཟིགས་རྒྱང་ཡངས་པའི་དགོངས་ཚུལ་འདོན་གནང་མཛད་པ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ངོས་འཛིན་ཆེ་བསྟོད་ཞུས་པའི་མཚོན་བྱེད་ཅིག་ཡིན། དམག་འཁྲུག་གི་དུས་རབས་སྔ་མའི་བསླབ་བྱ་བླངས་ཏེ། དུས་རབས་ཉེར་གཅིག་པ་འདི་གྲོས་མོལ་དང་ཞི་བདེའི་འཛམ་གླིང་ཞིག་ཏུ་འགྱུར་ཐུབ་པའི་ང་ཚོའི་རེ་སྨོན་དེ་རེ་བ་བརྒྱབ་པ་ནང་བཞིན་ཡོང་ཐུབ་ཀྱི་མེད་པས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དཀྱེལ་ཡངས་ཀྱི་དགོངས་པ་རྣམས་འགྲོ་བ་མི་སྤྱི་ཡོངས་ལ་མུ་མཐུད་དགོས་གལ་ཆེན་པོ་ཆགས་ཡོད་པ་མངོན་གསལ་ཡིན། ཞེས་གསུངས་སོང་།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་༧གོང་ས་མཆོག་ལ་འབུལ་བཞེས་མཛད་དེ་ལོ་ངོ་ཧྲིལ་པོ་ ༣༣ འཁོར་བའི་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གསུང་བཤད་གནང་། ༢༠༢༢།༡༢།༡༠ པར། དུས་བབ།

ཡང་སྲིད་སྐྱོང་མཆོག་གིས། འཛམ་གླིང་ཞི་བདེའི་གདམས་ངག་གི་མཛོད་འཛིན་ཞིང་། ཉམས་སུ་བཞེས་ལ། གཞན་ལ་འདོམས་མཁས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པ་ཞིག་འཇིག་རྟེན་འདིར་རྙེད་དུ་མེད། དེར་བརྟེན། ང་ཚོ་མི་རེ་ངོ་རེ་ནས་འགོ་བཙུགས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཇིག་རྟེན་ཀུན་ཕན་གྱི་བསླབ་བྱར་གཙིགས་འཛིན་དང་། ཉམས་ལེན་བྱེད་ཐུབ་པ་ཡིན་ན། ཁྱིམ་ཚང་དང་། མི་སྡེ། སྤྱི་ཚོགས། འགྲོ་བ་མིའི་གཞིས་ཁྱིམ་གོ་ལ་འདི་བཅས་སུ་ཞི་བདེའི་འགལ་རྐྱེན་དུ་འགྲོ་གཞིའི་གཡུལ་འཁྲུག་དང་། བཤུ་གཞོག བཙན་གནོན། མནར་གཅོད་ཀྱི་རྒུད་ཚོགས་གཞིལ་བར་ཕན་ནུས་རྨད་དུ་བྱུང་བ་འདོན་ཐུབ་རྒྱུར་ཐེ་ཚོམ་མེད་ལ། བོད་དོན་བདེན་མཐའ་གསལ་བར་འབད་པ་བསྟེན་མཁན་གྱི་བོད་མི་རིགས་ལ་མཚོན་ནའང་། ༸མགོན་པོ་མཆོག་གི་གདམས་ངག་འདི་དག་ནི་ང་ཚོར་སྙིང་སྟོབས་དང་བློ་སྤོབས་འཕེལ་སྐྱེད་ཀྱི་སྨན་མཆོག་ཏུ་འཛིན་དགོས་ཤིང་། ང་ཚོས་དུས་ཆེན་སྲུང་བརྩིའི་དགོས་དོན་ངོ་མའང་འདི་ཡིན། ཞེས་གསུངས་སོང་།

སྲིད་སྐྱོང་གིས། ད་ལྟའི་ཆར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་ལ་མོས་མཐུན་མིང་རྟགས་འགོད་མཁན་གྱི་རྒྱལ་ཁབ་ཇི་སྙེད་ཅིག་ཡོད་ནའང་། གྲངས་ཉུང་མི་རིགས་དང་། ཉམ་ཐག་མི་སྡེ་ལ་གཉའ་གནོན་སྡང་གཙེར་གྱི་གནས་ཚུལ་རྒྱུན་ཆད་མེད་པར་ཡོང་གི་ཡོད། བོད་ས་སྟོད་སྨད་བར་གསུམ་དུ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བའི་གནས་ཚུལ་རྒྱུན་ཆད་མེད་པར་འབྱུང་བཞིན་པའི་ཐོག ལོ་ཤས་གོང་ནས་བཟུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན། རྒྱ་སྐད་ཁྱབ་སྤེལ་གྱི་སྲིད་ཇུས་འོག་ནས་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭར་སྡེབ་བཅུག་གིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བཀག་སྡོམ་བཅས་བརྒྱུད། མི་རིགས་གཅིག་དང་། རིག་གཞུང་གཅིག ཆོས་ལུགས་གཅིག སྐད་ཡིག་གཅིག་གི་སྲིད་ཇུས་འགེབས་སྦས་མེད་པའི་སྒོ་ནས་བོད་མིར་བཙན་འགེལ་ལག་བསྟར་བྱེད་བཞིན་པ་ནི་བོད་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་ཐོག་ལོ་རྒྱུས་སུ་གྲགས་མ་མྱོང་བའི་ཉེན་ཚབས་ཆེན་པོ་ཞིག་ཡིན་པ་དང། མའོ་ཙེ་ཏུང་གིས་བོད་ནང་ངོ་རྒོལ་ལས་འགུལ་བྱུང་ན་དྲག་གནོན་གྱི་གོ་སྐབས་འཐོབ་རྒྱུར་དགའ་སྒུག་བྱེད་པ་ལྟར་རྒྱ་གཞུང་གིས་ད་དུང་དེ་ལྟ་བུའི་བསམ་ཕྱོགས་འཛིན་གྱི་ཡོད་ན་མ་གཏོགས། དགེ་སྐྱོན་གྱི་གནས་བབ་ལ་དཔྱད་ཞིབ་ཚད་ལྡན་བྱས་པའི་ཐོག་ནས། རྒྱལ་སྤྱིའི་ཁྲིམས་སྲོལ་དང་མཐུན་ཞིང་། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བརྟན་ལྷིང་ལ་ཕན་པའི་དོན་དངོས་ཕུགས་ཕན་གྱི་ཐབས་ཚུལ་བསྟེན་དགོས་པ་གལ་ཆེན་པོ་ཡིན། ཞེས་སོགས་གསུངས་འདུག

ནོ་སྦེལ་ཞི་བདེའི་གཟེངས་རྟགས་༧གོང་ས་མཆོག་ལ་འབུལ་བཞེས་མཛད་དེ་ལོ་ངོ་ཧྲིལ་པོ་ ༣༣ འཁོར་བའི་མཛད་སྒོའི་ཐོག་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་གསུང་བཤད། ༢༠༢༢།༡༢།༡༠ པར། དུས་བབ།

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་སྐབས། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་པས་མང་གཙོ་དང་། རང་དབང་ལྡན་པའི་རྒྱལ་ཁབ་ཁག་གི་མི་རྣམས་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དགའ་སྤྲོ་ལྡན་པའི་ངང་སྲུང་བརྩི་ཞུ་བཞིན་ཡོད་ནའང་། བོད་ནང་ད་དུང་རྒྱ་ནག་དམར་གཞུང་གིས་དམ་དྲག་ཚ་ནན་གྱིས་ཕྱི་མི་བོད་ནང་འགྲོ་འོང་མི་ཆོག་པའི་མུར། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གིས་བོད་མི་ཚོར་དྲང་བདེན་མིན་པའི་ཁྲིམས་གཅོད་དང་། ནག་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བཙོན་འཇུག་དང་གར་སོང་ཆ་མེད་གཏོང་བ། སྡུག་སྦྱོང་མནར་གཅོད། རང་མི་རིགས་ཀྱི་བླ་སྲོག་སྐད་ཡིག་དང་། ཆོས། རིག་གཞུང་བཅས་རྩ་མེད་གཏོར་བཤིག་སོགས་བཏང་དང་གཏོང་བཞིན་པར་འཛམ་གླིང་དབུ་ཁྲིད་རྣམས་ནས་རྒྱ་ནག་ལ་འགན་ཁུར་དགོས་པའི་བརྡ་ལན་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།  དུས་རབས་ཉེར་གཅིག་པ་འདིའི་ནང་གཅིག་བསྡུས་དབང་འཛིན་གྱི་ལམ་ལུགས་ད་མུར་གནས་པ་ཙམ་དུ་མ་ཟད་རྒྱ་ནག་དམར་གཞུང་ནི་བོད་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་འཇགས་ལ་འགལ་རྐྱེན་ཆེ་ཤོས་དེ་ཡིན་པ་ནན་བརྗོད་བྱ་རྒྱུ་དང་། ཕྱོགས་མཚུངས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ལ་བསྙད་དེ་ཟླ་ཤས་སྔོན་ནས་བཟུང་བོད་ནང་གི་བོད་མི་ཚོར་འགྲོ་འདུག་སྤྱོད་གསུམ་གང་ཅིའི་ཐད་དཀའ་ངལ་འཕར་མ་ཞིག་བཟོ་བཞིན་པར་རྒྱ་གཞུང་ནས་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་སྐུལ་འདེད་བྱ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ཚོགས་གཞོན་མཆོག་གིས། ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ཉི་ཤུ་པའི་ཚོགས་ཆེན་རྗེས་སུ་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནང་མི་མང་དང་། ལྷག་པར་དུ་མཐོ་སློབ་ཁག་གི་སློབ་མ་དང་དགེ་རྒན་སོགས་དངོས་སུ་ཕྱིར་ཐོན་ནས་འདུ་འཛོམས་དང་རྔམ་སྟོན་ཁྲོམ་སྐོར་བྱས་དང་བྱེད་མུས་མ་ཟད། ཁོང་ཚོའི་འབོད་ཚིག་གཙོ་བོ་ཁག་གཅིག་ནི། ང་ཚོར་སྲིད་དབང་སྒེར་གཅོད་མི་དགོས་པར་རང་དབང་མང་གཙོ་དགོས། དམར་ཤོག་ཚོགས་པ་མགོ་རྟིང་སློག ཞིའི་ཅིང་ཕིང་མར་བོབས། སྨྲ་བརྗོད་རང་དབང་དགོས། གསར་འགྱུར་ཕྱི་གསལ་ནང་གསལ་དགོས། ང་ཚོ་བྲན་གཡོག་བྱ་འདོད་མེད་ཅེས་སོགས་རྒྱ་གཞུང་གིས་ད་ལྟའི་སྲིད་བྱུས་འཛིན་བཞིན་པར་མོས་མཐུན་མེད་པའི་ཞི་རྒོལ་གཞི་རྒྱ་ཆེ་བ་བྱས་པར་རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོས་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཏེ་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་གྱི་ཐབས་སྡུག་གནས་སྟངས་དེ་རིགས་བསྐྱར་དུ་མི་ཡོང་བ་དང་། ད་ལྟ་རྒྱ་ནག་ནང་འགྲོ་བཞིན་པའི་གནས་སྟངས་ཐད་རྒྱལ་སྤྱིའི་ཁྱོན་ནས་དོ་སྣང་ངེས་ཅན་གྱིས་དཔལ་འབྱོར་ཁེ་ཕན་ཙམ་ལ་གཞི་མ་བཞག་པར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཡར་རྒྱས་ཡོང་ཐབས་ཆེད་སྐུལ་འདེད་བྱ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། ཞེས་དང་། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་དེ་རྒྱ་ནག་དམར་གཞུང་གིས་བཙན་དབང་འོག་ཧམ་བཟུང་བྱས་རྗེས་ཛ་དྲག་གི་གནས་སྟངས་ཇི་ཆགས་ཚང་མའི་དགོངས་པར་མངའ་གསལ་ལྟར་དུས་ད་ལྟའང་རྒྱ་ནག་གཞུང་གི་ངན་བྱུས་དང་། བཙན་གནོན་འོག་གཞིས་ལུས་བོད་མི་རྣམས་ཉིན་མཚན་འཁྱོལ་དཀའི་མནར་གཅོད་སྡུག་སྦྱོང་མྱངས་དང་མྱོང་བཞིན་པའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། ད་བར་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་། དཔའ་མཛངས་སྙིང་སྟོབས། བླ་ན་མེད་པའི་མཛད་རྗེས་བཅས་ལ་ཡི་རངས་བསྔགས་བརྗོད་བཅས་ཞུ་བཞིན་ཡོད། བོད་དོན་བདེན་མཐའ་གསལ་ཆེད་རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ནས་ཆིག་སྒྲིལ་གྱི་སྒོ་ནས་བོད་དོན་དྲིལ་བསྒྲགས་དང་ཞུ་སྐུལ་ལས་འགུལ་སོགས་ཀྱི་ཐོག་ལ་ནུས་པ་མཉམ་སྤུངས་དང་གོ་སྐབས་དམ་འཛིན་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇེ་ཐ་ཀུ་མར་མཆོག་ནས་༧གོང་ས་མཆོག་ནི་མཱ་ཧཱ་དི་མ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ཕྱག་ལས་གནང་མཁན་གྱི་རླབས་ཆེ་བའི་སྐྱེས་བུ་ཞིག་ཡིན་ལ། ༧གོང་ས་མཆོག་གི་བྱམས་བརྩེ་དང་སྙིང་རྗེའི་ཉམས་ལེན་གྱི་ལམ་སྟོན་གྱིས་མིའི་རིགས་ཀྱི་དཔལ་ཡོན་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། ཁོང་ནི་བོད་མི་མང་དང་སེམས་ཐག་ཉེ་བའི་མི་ཞིག་ཡིན་པས། བོད་མི་མང་གིས་བོད་དོན་ཆེད་དུ་འབད་བརྩོན་བྱས་ཀྱང་། རྒྱལ་སྤྱི་སོགས་ནས་འགྲོ་བ་མིའི་ཐབ་ཐང་གི་ཐད་འགྱུར་བ་ཅི་ཡང་འགྲོ་ཡི་མེད་པ་ནི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་ཡིན་སྐོར་སོགས་གསུངས་སོང་།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་༧གོང་ས་མཆོག་ལ་འབུལ་བཞེས་མཛད་དེ་ལོ་ངོ་ཧྲིལ་པོ་ ༣༣ འཁོར་བའི་མཛད་སྒོའི་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཚོག་ནས་གསུང་བཤད་གནང་། ༢༠༢༢།༡༢།༡༠ པར། དུས་བབ།

མཇུག་ཏུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་གིས། འཛམ་བུ་གླིང་དུ་བཀའ་དྲིན་བླ་ན་མ་མཆིས་པའི་༧སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་གི་སྐུ་ཡི་མཛད་པ་འཕྲིན་ལས་དང་། གསུང་གི་མཛད་པ་འཕྲིན་ལས། ཐུགས་ཀྱི་མཛད་པ་འཕྲིན་ལས་གསུམ་གྱི་བརྗོད་དཀའ་བའི་རྣམ་ཐར་ཡོད་པ་དེ། འཛམ་བུ་གླིང་དུ་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས། འཚེ་མེད་ཞི་བའི་ལམ་དུ་ཁྲིད་དང་འཁྲིད་བཞིན་པའི་བཀའ་སློབ་ཁག་དང་སྐུ་ངལ་མུ་མཐུད་སྐྱོན་བཞིན་པར་བརྟེན། ཕྱི་ལོ ༡༩༨༩ ལོའི་ཟླ ༡༢ ཚེས ༡༠ ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བ་རེད། དེ་ནི་༧གོང་ས་མཆོག་གི་དབུས་པའི་འཛམ་གླིང་གི་ཞི་བདེར་དགའ་མཁན་ཡོངས་དང་། བོད་ཕྱི་ནང་གཉིས་ཀྱི་བོད་རིགས་ཡོངས་ཀྱི་དཔལ་དང་། གཟི་བརྗིད། ངོམས་ཆོས་རེད་བསམ་གྱི་འདུག་པ་མ་ཟད། ༧གོང་ས་མཆོག་ལ་འཛམ་གླིང་གི་གཟེངས་རྟགས་འདྲ་མིན་སྣ་ཚོགས་ཕུལ་ཡོད་པ་རེད། ༧གོང་ས་མཆོག་རྒྱ་གར་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བའི་རྗེས་སུ་རྒྱ་གར་གྱི་མི་སེར་ཡོངས་དང་། ནང་པ་ཡིན་མིན་ཚང་མས་༧གོང་ས་མཆོག་ལ་དགའ་བོ་གནང་གི་ཡོད། དེའི་རྒྱུ་མཚན་ཆེན་པོ་གཅིག་ནི་༧སྐུ་མདུན་འཛམ་གླིང་གི་ཕྱོགས་གང་དུ་ཕེབས་ཀྱང་རྒྱ་གར་གྱི་དཔལ་ནལེནྜ་ནས་བརྒྱུད་ཡོང་བའི་བོད་བརྒྱུད་ནང་བསྟན་ཡིན་གསུང་གི་ཡོད་པ་བཞིན། འཛམ་གླིང་དུ་དར་ཁྱབ་འགྲོ་བཞིན་ཡོད་པའི་རྒྱ་གར་གྱི་རིག་གཞུང་དེ་རྒྱ་གར་མི་རིགས་ཀྱིས་ཀྱང་མཐོང་ཆེན་བྱེད་བཞིན་ཡོད་ལ། བྱེད་དགོས་པ་ཞིག་ཀྱང་ཡོད་རེད། ཅེས་དང་། དེ་བཞིན་བོད་དང་བོད་ཆེན་པོ་ཞེས་ཟེར་བཞིན་ཡོད་པ་བཞིན། ད་ལྟའི་བོད་ངོ་མ་ནི་བོད་དང་། རྒྱ་གར་དང་ཧི་མ་ཡ་ལའི་ཁུལ་དུ་ཡོད་པའི་ལ་དྭགས་སོགས་བོད་ཆེན་པོའི་ནང་དུ་འདུས་པ་རེད། དེ་ཡང་སྐད་བྷོ་ཊེ་དང་། ཆོས་བོད་བརྒྱུད་ནང་བསྟན། རིག་གཞུང་གཅིག་པ་ཡིན་ལ། ལྟོ་ཆས་རྩམ་པ་དང་རྩམ་ཐུག། གོས་ཕྱུ་བ་གཅིག་པ་ཡིན་པས། ང་ཚོའི་བར་དུ་ཁྱད་པར་མེད་དུས། ༧སྐུ་མདུན་གྱིས་ང་ཚོར་ཐུགས་མཉེས་པོ་གནང་གི་ཡོད་རེད། བོད་ཀྱི་ཡུལ་དང་། བོད་ཀྱི་མི་མང་། བོད་ཀྱི་རིག་གཞུང་འབོད་དུས། ང་ཚོའི་སེམས་ནང་དུའང་ཚོར་བ་ཆེན་པོ་ཞིག་སླེབས་ཀྱི་ཡོད། གང་ཡིན་ཟེར་ན་ང་ཚོ་མི་རིགས་གཅིག་པ་དང་། རིག་གཞུང་གཅིག་པ་ཡིན་པའི་གདུང་སེམས་མཉམ་བསྐྱེད་ཀྱི་ཚོར་བ་ཞིག་ང་ཚོའི་སེམས་ནང་དུ་ཡོད།

༧སྐུ་མདུན་གྱིས་བོད་ཀྱི་རིག་གཞུང་ལ་དཀའ་ངལ་འཕྲད་པའི་སྐབས་ལ་དྭགས་པར་འཛིན་སྐྱོང་སྤེལ་གསུམ་བྱེད་པར་རེ་བ་རྒྱག་གི་ཡོད་གསུང་གི་ཡོད་པ་བཞིན། ལ་དྭགས་པ་ཚོས་ཀྱང་འཇོན་ཡང་མ་འཇོན་ཡང་ང་ཚོར་རེ་བ་བཅོལ་ཡོད་རེད་བསམ་པའི་ཚོར་བ་ཤུགས་ཆེན་པོ་ཡོད། ང་ཚོས་ཀྱང་༧གོང་ས་མཆོག་གི་ཐུགས་དགོངས་འགྲུབ་པའི་ཆེད་དུ་དཀའ་ལས་རྒྱག་གི་ཡོད། དེ་ཡང་དེ་རིང་སྡིངས་ཆ་འདིའི་ཐོག་ནས་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དབུས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ན་མེད་པའི་བླ་ཆེན་ཚང་མར་ཐུགས་རྗེ་ཆེ། བཀའ་དྲིན་ཆེ་ཞུ། རྒྱ་གར་ནང་བོད་ཀྱི་བླ་ཆེན་དག་གིས་ཕྱག་བཏབ་པའི་དགོན་སྡེ་གྲངས ༢༨༨ ཡས་མས་ཡོད་པ་རེད། དེའི་ནང་ང་ཚོར་སྐད་ཡིག་དང་རིག་གཞུང་གི་སློབ་སྦྱོང་གཅིག་པ་རག་གི་ཡོད་པ་རེད། ང་ཚོར་དཔེ་མི་སྲིད་པས་བཀའ་དྲིན་ཆེན་པོ་རེད་བསམ་གྱི་འདུག ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་བརྒྱུད་ནང་བསྟན་ཐོག་འབུར་དུ་ཐོན་པ་ཞིག་ཁ་སང་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་འཐིམས་རེད། དེ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་གུས་འདུད་དང་མཉམ་དུ། རིན་པོ་ཆེ་མཆོག་གི་ཡང་སྲིད་འཁྲུལ་མེད་སླར་ཡང་མཇལ་བའི་སྨོན་ལམ་ཞུ་བཞིན་ཡོད། དེ་རིང་ང་ཚོ་ལ་དྭགས་ནས་སྐད་བཏང་བར་སྲིད་སྐྱོང་མཆོག་དང་གྲ་སྒྲིག་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞོགས་པར་ང་ཚོ་ལ་དྭགས་ཀྱི་ངོས་ནས་༧གོང་ས་མཆོག་ལ་ཆིབས་བསྒྱུར་བསྐྱངས་རོགས་ཞེས་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་ཐོབ་སོང་། ང་ཚོས་༧གོང་ས་མཆོག་གི་དབུས་པའི་བོད་ཕྱི་ནང་གཉིས་ཀྱི་བོད་པར་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ། གདུང་སེམས་མཉམ་བསྐྱེད་ཡོད་ཞུ་རྒྱུ་ཡིན། རྒྱ་གར་ནང་དུ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་རྒྱ་གར་གྱི་གཟེངས་རྟགས་ཆེ་ཤོས་བྷ་ར་ཏ་རཱ་དཱ་ན་༧གོང་ས་མཆོག་ལ་འབུལ་དགོས་པའི་ཤུགས་རྒྱག་གི་ཡོད་པ་ལྟར། དེ་རིང་ཡང་བསྐྱར་སྡིངས་ཆ་འདིའི་ཐོག་ནས་འཛམ་གླིང་ཡོངས་གྲགས་སུ་བརྡ་ལན་བསྐུར་ཏེ་རྒྱ་གར་གཞུང་ལ་ཞུ་བ་རྒྱག་གི་ཡོད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese