འདི་ལོའི་ཕྱི་ཟླ་ ༣ ཚེས་ ༧ ནས་ཉིན་གྲངས་གསུམ་རིང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསུང་ཆོས་དང་བཀའ་དབང་བཀའ་དྲིན་བསྐྱང་གནང་རྒྱུ་ཡིན་འདུག
འདི་ལོའི་ཆོ་འཕྲུལ་དུས་ཆེན་ཉིན་ཏེ་ཕྱི་ཟླ་ ༣ ཚེས་ ༧ དང་བོད་ཟླ་ ༡ ཚེས་ ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༠༠ ཡས་མས་ཐོག་ ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་སེམས་བསྐྱེད་ཀྱི་གསུང་ཆོས་བསྩལ་གནང་རྒྱུ་དང་། དེ་བཞིན་སོག་ཡུལ་ཨ་ལན་པཱ་ཐར་གྱི་(Ulaanbaatar)གྱི་དགའ་ལྡན་ཐེག་ཆེན་གླིང་དགོན་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ཚེས་ ༨ དང་ ༩ ཉིན་ཐེག་ཆེན་གཙུག་ལག་ཁང་དུ་བདེ་མཆོག་ནག་པོ་བའི་བཀའ་དབང་བཀའ་དྲིན་བསྐྱང་གནང་རྒྱུ་ཡིན་སྟབས། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ནས་བཟུང་ཆོས་ཞུ་བ་རྣམས་ལ་གསུང་ཆོས་ལག་འཁྱེར་བཟོ་མགོ་འཛུགས་རྒྱུ་ཡིན་འདུག
བདེ་མཆོག་ནག་པོ་བ་ཡིན་རྒྱུ་རེད། རྒྱུ་མཚན་ནི་བོད་དུ་གདན་དྲངས་པའི་བདེ་མཆོག་གི་བླ་བརྒྱུད་གསུམ་སྟེ། ལྰུ་ནག་དྲིལ་གསུམ་ཡོད་པའི་ནང་ཚན་གྲུབ་ཆེན་ནག་པོ་བའི་ལུགས་རེད།