མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གར་བྱང་ཤར་ཁུལ་གྱི་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ཞི་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

མོན་རྟ་དབང་དང་བོན་གཞིས་ཐོབ་རྒྱལ་གླིང་སོགས་སུ་མི་གྲངས་སྟོང་ཕྲག་མང་པོ་འཛོམས་ཏེ་༧གོང་ས་མཆོག་ལ་མཚན་སྨོད་ཞུ་བཞིན་པ་མཚམས་འཇོག་དགོས་པའི་ཞི་བའི་སྐད་འབོད་བྱས་འདུག

མོན་རྟ་དབང་དུ་སེར་སྐྱ་མི་མང་ཁྲི་གཅིག་ཙམ་གྱིས་ཞི་བའི་ངོ་རྒོལ་བྱས། ༢༠༢༣།༤།༢༢ བརྙན་གྱི་པར།

དེ་རིང་རྒྱ་གར་བྱང་ཤར་ཁུལ་གྱི་མོན་རྟ་དབང་གི་ང་ཚོས༧རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱབ་སྐྱོར་ཞུ་ཡི་ཡོད་ཅེས་པའི་ཚོགས་པ་དང་རྟ་དབང་རྫོང་གི་སློབ་ཕྲུག་ཚོགས་པ། དེ་བཞིན་མོན་པ་སྤྱིའི་ཚོགས་པ་དང་བོད་ཁྱིམ་སློབ་གྲྭ། སམ་བྷོ་ཊ་གཏན་སློབ་ཀྱི་སློབ་ཟུར། རྟ་དབང་ནང་གི་ཁྲོམ་གྱི་ཚོགས་པ་སོགས་ཐུན་མོང་ཐོག རྟ་དབང་དགོན་ཆེན་ནས་རྟ་དབང་ཁྲོམ་སྒང་གི་ཀ་ལ་དབང་པོའི་ཐང་བར་དུ་ཞི་བའི་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་ཡོད་པ་དང་། སྐབས་མི་གྲངས་ ༡༠༠༠༠ ཡས་མས་མཉམ་ཞུགས་བྱས་ཡོད་འདུག སྐབས་དེར་ཨ་རུ་ན་ཅལ་མངའ་སྡེའི་ཆོས་རིག་ལྷན་ཁང་གི་ཚོགས་གཙོ་འཇམ་དཔལ་དབང་འདུས་ལགས་དང་རྟ་དབང་སྒེར་གྱི་སློབ་གྲྭའི་དགེ་རྒན་སོགས་ཀྱིས་དེ་འབྲེལ་གསུང་བཤད་ཡང་གནང་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ པ་ནས་བོན་གཞིས་ཐོབ་རྒྱལ་གླིང་དུ། གདན་ས་སྨན་རི་གླིང་གི་གྲྭ་བཙུན་དང་། ས་གནས་ཀྱི་སློབ་གྲྭ། དེ་བཞིན་མི་མང་ ༢༠༠ ཙམ་གྱིས་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༧གོང་ས་མཆོག་ལ་རྒྱབ་སྐྱོར་ཞུ་ཡི་ཡོད། གཞི་མེད་དྲིལ་བསྒྲགས་མཚམས་འཇོག་དགོས། གསར་འགྱུར་བརྒྱུད་ལམ་ཁག་གིས་དངོས་ཡོད་གནས་ཚུལ་སྤེལ་དགོས་པ་སོགས་ཀྱི་འབོད་སྒྲ་བསྒྲགས་ཏེ་ཞི་བའི་སྐད་འབོད་བྱས་ཡོད་པ་དང་། དེ་ནས་སེར་སྐྱ་མི་མང་ལྷན་འཛོམས་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་བརྟན་པ་དང་མཛད་འཕྲིན་རྒྱས་པའི་ཆེད་དུ་སྨོན་ལམ་གསུང་འདོན་ཞུས་ཡོད་འདུག

བོན་གཞིས་ཐོབ་རྒྱལ་གླིང་དུ་སེར་སྐྱ་མི་མང་ ༢༠༠ ལྷག་གིས་ངོ་རྒོལ་ལས་འགུལ་སྤེལ། ༢༠༢༣།༠༤།༢༡

དེ་རིང་འབུམ་སྡེ་ལ་གཞིས་ཆགས་སུའང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འདུག་ལ། ཉེ་སྔོན་༧གོང་ས་མཆོག་ལ་མཚན་སྨོན་དང་ལོག་འགྲེལ་ཞུས་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་དང་། སྤྱི་ཚོགས་དྲ་ལམ་དུ་ཁྱབ་རྗེས་རྒྱ་གར་གྱི་ལ་དྭགས་ཁུལ་དང་མོན་རྟ་དབང་། དེ་བཞིན་ལྷོ་ཕྱོགས་དང་ལྡི་ལི། དྷ་རམ་ས་ལ། དེ་བཞིན་དབྱིན་ཡུལ་དང་སུད་སི་སོགས་སུ་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་གཞི་མེད་མཚན་སྨོད་མཚམས་འཇོག་བྱེད་དགོས་པ་དང་། གསར་ལམ་ཁག་ཅིག་གིས་ལོག་འགྲེལ་གསར་འགྱུར་སྤེལ་བ་ཕྱིར་འཐེན་དགོས་པའི་འབོད་སྐུལ་བྱསཡོད་པ་མ་ཟད། ད་ལན་རྒྱ་ནག་གཞུང་དང་ལག་འབྲེལ་གྱིས་བོད་མི་གཙོ་བོར་གྱུར་བའི་ནང་པ་ཡོངས་དང་། ༧གོང་ས་མཆོག་ལ་དད་གུས་ཆེ་བའི་མི་མང་ས་ཡ་མང་པོའི་སེམས་ལ་རྨ་ཁ་བཟོས་ཡོད་སྟབས། ངེས་པར་དུ་རྩད་གཅོད་ཞིབ་འཇུག་བྱས་ཏེ་ཁྲིམས་སར་སྐྱེལ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་དང་འདོན་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་གྱི་མཛད་སྒོ་སྐབས།  གཞོན་ལྷན་གྱི་པར། ༢༠༢༣།༠༤།༢༩
Mobile App

རྒྱ་གར་བྱང་ཤར་ཁུལ་དུ་ཟླ་གཅིག་ཙམ་རིང་བོད་དོན་གོམ་བགྲོད་གནང་གི་འདུག

༢༠༢༣/༠༤/༢༩
བཞུགས་སྒར་དྷ་རམ་ས་ལར་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་འཛོམས་ཏེ་ཞི་བའི་ངོ་རྒོལ་བྱས། ༢༠༢༣།༠༤།༡༧ པར་དུས་བབ།
Mobile App

སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ས་གནས་མང་པོ་ན་ཞི་བའི་ངོ་རྒོལ་བྱེད་ཀྱི་འདུག

༢༠༢༣/༠༤/༡༧
ཧིན་བོད་མཛའ་འབྲེལ་ཚོགས་པས་ཡོངས་ཁྱབ་གསལ་བསྒྲགས་སྤེལ། ༢༠༢༣།༠༤།༡༥ པར་བོད་ཀྱི་དུས་བབ།
Mobile App

༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོས་དགོངས་སེལ་ཞུ་དགོས་པའི་འབོད་སྐུལ་གནང་གི་འདུག

༢༠༢༣/༠༤/༡༥
Mobile App

རྟ་དབང་མི་མང་གིས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist