མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནད་ཡོད་མི་སྣས་གཞི་མེད་མཚན་སྨོད་ཞུ་མཁན་ལ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་དང་ལ་དྭགས་རང་སྐྱོང་ཁུལ་གྱི་གནད་ཡོད་མི་སྣ་ཁག་ཅིག་བཅས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནད་ཡོད་མི་སྣ་མང་པོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲ་ལམ་དུ་གཞི་མེད་མཚན་སྨོད་ཞུ་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག

His Holiness the Dalai Lama and the Chief Minister Prem Singh Tamang share a hearty laugh during their meeting at His Holiness’ residence, Dharamshala. Photo/OHHDL 8/11/2019

འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་པི་རེམ་སིང་རྟ་མང་(Prem Singh Tamang)མཆོག་དང་ལ་དྭགས་ཀྱི་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག དེ་བཞིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་རྒྱལ་མཚན་མཆོག་དང་། རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ལགས། རྒྱ་གར་གྱི་རྐང་རྩེད་སྤོ་ལོ་བ་གྲགས་ཅན་བུ་ཆུང་བྷོ་ཊའི་ཡ( Bhaichung Bhutia) ལགས་སོགས་གནད་ཡོད་མི་སྣ་དང་། ཁྱབ་རྒྱ་ཆེ་བའི་སྤྱི་ཚོགས་དྲ་ལམ་བེད་སྤྱོད་པ་སོགས་ཀྱིས། གསར་འགྱུར་བརྒྱུད་ལམ་ཁག་ཅིག་དང་མི་སྒེར་མང་པོ་ཞིག་གིས་༧གོང་ས་མཆོག་ལ་གཞི་མེད་མཚན་སྨོད་ཞུ་བཞིན་པ་མཚམས་འཇོག་དགོས་པའི་བསྒྲགས་གཏམ་སྤེལ་གནང་འདུག

དེ་ཡང་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པི་རེམ་སིང་རྟ་མང་ (Prem Singh Tamang)མཆོག་གིས་སྐུ་སྒེར་གྱི་ངོ་དེབ་ཏུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གུ་ཡངས་ཀྱི་ཐུགས་གཤིས་སོགས་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་སུ་རྗེས་འབྲངས་བ་མང་དག་ཅིག་ཡོད་ཅིང་། ཁོང་གི་བརྩེ་བ་དང་བྱམས་པའི་ཆོས་འགྲེལ་གྱིས་མི་མང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས། ཁོང་ནི་ཆེས་ཡིད་དུ་འོང་བའི་རླབས་ཆེན་གྱི་སྐྱེས་བུ་ཞིག་དང་འཛམ་གླིང་ཁྱོན་ཡོངས་ཀྱིས་དད་གུས་ཞུ་ས་ཞིག་ཡིན་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་བཞུགས་ཡོད་པའི་ཁར།  ༧མགོན་པོ་གང་ཉིད་ཀྱིས་རྒྱུན་དུ་ཁོང་ནི་རྒྱ་གར་གྱི་ཆེས་སྡོད་ཡུན་རིང་བའི་སྐུ་མགྲོན་དེ་ཡིན་ཞེས་གསུང་གི་ཡོད་སྟབས། ཁོང་ཉིད་ནི་གཞན་ལས་ལྷག་པར་རྒྱ་གར་བ་ཞིག་ཡིན་པའི་བློ་སྤོབས་སྐྱེ་བཞིན་ཡོད་ལ། ཁོང་ནི་དཔལ་ནཱ་ལེནྜའི་ནང་པའི་ཆོས་ལུགས་ཀྱི་མུན་སེལ་སྒྲོན་མེ་ཞིག་ཡིན་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་རྒྱ་གར་གྱི་གཟི་བརྗིད་ཡིན་པ་སོགས་གསུངས་འདུག

ཡང་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ཡ་རབས་བཟང་སྤྱོད་ཀྱི་བདག་ཉིད་ཅན་ཞིག་དང་། ཆོས་ལུགས་རིས་མེད་མཁན་ཞིག ཕྱོགས་ལྷུང་སོགས་གང་ཡང་མེད་མཁན།  འགྲོ་བ་མི་ཡོངས་ཀྱི་རླབས་ཆེན་གྱི་དབུ་འཁྲིད་ཅིག་ཡིན་པས། ཁོང་ལ་འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་ཚོས་མཚན་སྨོད་ཞུ་བའི་གནད་དོན་རིགས་མི་འབྱུང་བའི་རེ་སྐུལ་ཡང་གནང་འདུག

ལ་དྭགས་ཀྱི་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། Indus Dispatch གསར་ཁང་གི་པར།

 དེ་བཞིན་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲང་བདེན་དང་། ཞི་བདེ། འགྲོ་བ་མིའི་རིགས་ཀྱི་རིན་ཐང་གོང་འཕེལ། ཆོས་ལུགས་མཐུན་འབྲེལ་ཡར་རྒྱས་གཏོང་བའི་ཐུགས་སྐྱེད་དམ་བཅའ་རྣམས་ནི་གཞལ་ཐབས་བྲལ་བ་ཞིག་ཡིན་པ་དང་། ཁོང་ཉིད་ལ་དྭགས་སུ་ཕེབས་ཐེངས་རེར་གྲངས་ལས་འདས་པའི་མི་མང་ལ་རེ་བ་དང་སྤྲོ་སྣང་བསྩལ་གྱི་ཡོད་སྐོར་དང་། ད་ལན་ལ་དྭགས་ཀྱི་སྤྱི་འཐུས་ཤིག་གིས་༧གོང་ས་རྒྱལ་བ་རིན་པ་ཆེ་མཆོག་ལ་རྒྱབ་སྐྱོར་ཞུས་ཏེ།  མགོན་པོ་གང་ཉིད་ཀྱི་བཀའ་དྲིན་སོགས་གླེང་རྒྱུ་བྱུང་བ་ནི་སྤོབས་པ་ཡིན་སྐོར་སོགས་གསུངས་འདུག་ལ། འདས་པའི་ཉིན་གསུམ་ཙམ་གྱི་ལ་དྭགས་ཁུལ་གྱི་ཞི་རྒོལ་ཆེན་མོ་མགོ་འཛུགས་སྐབས་སུའང་ཁོང་གིས་དེའི་སྐོར་ལ་གསུང་བཤད་གནང་བ་དང་བསྒྲགས་གཏམ་སྤེལ་གནང་ཡོད་པ་རེད།

ལ་དྭགས་རི་ལྗོངས་ཡར་རྒྱས་ཚོགས་པའི་ཚོགས་གཙོ་བཀྲིས་རྒྱལ་མཚན་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། ཁོང་གི་ཊི་ཝེ་ཊར་ནས་བླངས།

ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲིས་རྒྱལ་མཚན་ལགས་ཀྱིས། རྒྱ་གར་གྱི་གསར་ཁང་ཁག་གིས་ཞིབ་འཇུག་མ་བྱས་པར་གསར་འགྱུར་བརྒྱུད་སྤེལ་བྱས་པ་དེའི་ཐད་རྒྱ་གར་གཞུང་གིས་ཞིབ་འཇུག་གནང་དགོས་པ་མ་ཟད། ཁྲིམས་སྒྲིག་གི་ཐོག་ནས་ཁོང་ཚོའི་ནག་ཉེས་ཐེར་འདོན་གནང་དགོས་སྐོར་དང་། དེ་བཞིན་རྒྱ་གར་གྱི་གསར་ཁང་ཆེ་ཁག་ཅིག་གིས་རང་རང་གི་གསར་ཁང་གི་ཆེ་མཐོང་སྲུང་སྐྱོབ་སླད། ཞིབ་འཇུག་མེད་པའི་གསར་འགྱུར་རིགས་གཏན་ནས་སྤེལ་མི་ཉན་ཡང་། ད་ལན་ཞིབ་འཇུག་མེད་པའི་གནས་ཚུལ་སྤེལ་བ་དེ་ཁྱབ་ཆེན་པོ་ཕྱིན་ཡོད་པ་དང་། དེ་ནི་འཕྲལ་ཕུགས་གཉིས་ལ་བསམ་བློ་གང་ཡང་བཏང་མེད་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་ལ། གནས་ཚུལ་དེས་མི་མང་གི་སེམས་སུ་ཚད་ལས་འདས་པའི་ཕོག་ཐུག་བཏང་ཡོད་སྟབས། རྒྱ་གར་གཞུང་གིས་ལ་དྭགས་སུ་འཚོག་འཆར་ཡོད་པའི་སྟོབས་ཆེན་ཉི་ཤུ་(G20)ཡི་ཚོགས་ཆེན་སྟེང་གཞི་མེད་གནས་ཚུལ་སྤེལ་མཁན་གསར་ཁང་དེ་དག་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུ་མཁན་གྱི་དྲ་ལམ་མི་སྣ་དང་གློག་བརྙན་འཁྲབ་སྟོན་པ་དེ་ཚོར་བཀག་སྡོམ་གནང་དགོས་པའི་འབོད་སྐུལ་གནང་འདུག

༧རྒྱལ་བ་རིན་པོ་ཆེ་མཆོག་དང་རྐང་རྩེ་སྤོ་ལོ་བ་བུ་ཆུང་བྷོ་ཊའི་ཡ། དྲ་ལམ་གྱི་པར།

འབྲས་ལྗོངས་ཁུལ་གྱི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་བུ་ཆུང་བྷོ་ཊའི་ཡ( Bhaichung Bhutia) ལགས་ཀྱིས། ང་ནི་དུས་རྟག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྗེས་འབྲངས་བ་ཞིག་དང་རྒྱབ་སྐྱོར་བ་ཞིག་ཡིན། ངས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བསྙོན་འཛུགས་བྱས་པའི་གནད་དོན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ངས་ཚད་མཐོ་བའི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱབ་སྐྱོར་ཞུ་ཡི་ཡོད། ཅེས་བརྗོད་འདུག

རྒྱ་གར་རྒྱལ་ཡོངས་ནང་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་མི་ལྕམ་རིན་ཆེན་ལྷ་མོ་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། པར་ཁོང་མོའི་ངོ་དེབ་ནས་བླངས།

རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ལགས་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་ནང་། ཉེ་ལམ་སྤྱི་ཚོགས་དྲ་ལམ་ཁག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐྱོན་འཛུགས་བྱས་པའི་དྲང་བདེན་མིན་པའི་བརྙན་ཐུང་ཞིག་དེར་དགག་པ་བྱེད་ཀྱི་ཡོད་ཅིང་། ཁོང་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་། བྱམས་པ། སྙིང་རྗེ་སོགས་ཀྱི་བསླབ་གདམས་རྣམས་ཀྱིས་ད་ལྟའང་འགྲོ་བ་མི་རྣམས་ལ་ལམ་སྟོན་གནང་མུས་ཡིན་པས། གཞི་མེད་སྙོན་འཛུགས་དེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྗེས་འབྲངས་བ་ས་ཡ་མང་པོར་ཕོག་ཐུག་བཟོས་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་གྱི་མཛད་སྒོ་སྐབས།  གཞོན་ལྷན་གྱི་པར། ༢༠༢༣།༠༤།༢༩
Mobile App

རྒྱ་གར་བྱང་ཤར་ཁུལ་དུ་ཟླ་གཅིག་ཙམ་རིང་བོད་དོན་གོམ་བགྲོད་གནང་གི་འདུག

༢༠༢༣/༠༤/༢༩
༧གོང་ས་མཆོག་གིས་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་འཕྲད། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༠༤།༢༦
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མཇལ་རྗེས་ང་ཚོའི་སེམས་ལ་ཞི་བདེའི་ཚོར་བ་ཆེན་པོ་བྱུང་སོང་།

༢༠༢༣/༠༤/༢༧
༧གོང་ས་མཆོག་གིས་ཧྤ་རན་སི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་བ། ༢༠༢༣།༤།༢༤ ཉིན། དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཧྥ་རན་སིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༣/༠༤/༢༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་གོ་ལའི་ནང་པའི་ཚོགས་མགོན་དུ་བཀའ་སློབ་བསྩལ།

༢༠༢༣/༠༤/༢༡
ལ་དྭགས་ཀྱི་རྩིས་ལོ་ ༢༠༢༣་་༢༤ ལོའི་སྔོན་རྩིས་གྲོས་ཚོགས་ཚོགས་དུས། ལ་དྭགས་བང་ཆེན་གྱི་དྲ་ལམ་ནས་བླངས།
Mobile App

རྒྱ་གར་གྱི་གསར་ཁང་རེ་ཟུང་ལ་དྭགས་སུ་བཀག་སྡོམ་གནང་རྒྱུ་སྤྱི་མོས་གཏན་འབེབས་བྱུང་།

༢༠༢༣/༠༤/༡༩
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་རུ་ཞབས་སོར་བདེ་བར་བཀོད། ༢༠༢༣།༠༤།༡༩ བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།

༢༠༢༣/༠༤/༡༩

མཆན། 2

  1. པ་སངས་ཚེ་རིང་ says:
    ཟླ་བ། 1 སྔོན།

    ,
    ཉ

    Reply
  2. Sherap gyatso says:
    ཟླ་བ། 1 སྔོན།

    ཁོང་རྣམ་ལ་བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist