མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་བོད་གཞིས་བྱེས་གཉིས་སུ་གྱར་བའི་གནས་སྟངས་བྱུང་རྐྱེན། བོད་ཀྱི་གསོ་རིག་ཐོག་གནས་སྟངས་འདྲ་མིན་བྱུང་དང་འབྱུང་གི་ཡོད་ཀྱང་། དེའི་བདག་དབང་བོད་མི་ཁོ་ནར་མ་གཏོགས་མེད་སྐོར་བརྗོད།

A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China’s Qinghai Province, Feb. 26, 2020. (Xinhua/Zhang Long)

རྒྱ་ནག་གཞུང་གིས་བོད་ཀྱི་གསོ་རིག་པའི་གཞུང་ལས་དཔལ་ལྡན་རྒྱུད་བཞི་ཆེན་མོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་ཁོངས་སུ་ཐོ་འགོད་བྱས་ཡོད་པ་དང་། དེ་ནི་བོད་ཀྱི་གསོ་བ་རིག་པར་རྒྱལ་སྤྱིའི་ངོས་འཛིན་མཚན་གནས་གསར་པ་ཞིག་ཆགས་ཀྱི་ཡོད་ཅེས་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་གིས་རྒྱང་བསྒྲགས་འབོད་བསྒྲགས་བྱེད་ཀྱི་འདུག

འདི་གའི་གསར་འགོད་པས་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་སུ། བོད་ཀྱི་གསོ་རིག་གི་གཞུང་དཔལ་ལྡན་རྒྱུད་བཞི་ཆེན་མོ་རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་ཁོངས་སུ་ཐོ་འགོད་བྱས་པའི་ཐད་དགོངས་འཆར་གང་ཡོད་དྲིས་པར་ཁོང་གིས། བོད་ཀྱི་གསོ་བ་རིག་པོ་དེ་རྒྱལ་སྤྱིའི་སྟེང་ཐོ་འགོད་བྱེད་མཁན་བོད་མི་ཡིན་དགོས་པ་ལས། རྒྱ་ནག་གཞུང་ལ་ཇུས་གཏོགས་མེད། རྒྱ་ནག་གཞུང་གིས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྒྱུན་འཛིན་དང་དར་སྤེལ། གཞན་ཕན་ཞབས་འདེགས་བཅས་ཀྱི་སླད་དུ་ཐོ་འགོད་བྱས་པ་ཡིན་ན་འགྲིག་གི་ཡོད་པ་རེད་དེ། ཁེ་ཕན་གཙོ་བོར་བཟུང་སྟེ་བོད་མི་རྣམས་ལ་བཙན་དབང་གིས་གསོ་བ་རིག་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་ཁོངས་སུ་ཐོ་འགོད་བྱས་པ་ནི་ནོར་འཁྲུལ་ཡིན་པ་མ་ཟད། ངོས་ལེན་ཀྱང་མེད། ཅེས་བརྗོད་བྱུང་།

ཚེ་རིང་ཕུན་ཚོགས་ལགས་ཀྱིས་གསུངས་པ་ལྟར་ན། གཡུ་ཐོག་ཡོན་ཏན་མགོན་པོས་གསོ་རིག་རྒྱུད་བཞི་སྲོལ་མཛད་པ་ནས་ད་བར་རྒྱུས་པའི་བོད་ཀྱི་གསོ་བ་རིག་པའི་བདག་དབང་དེ་བོད་མི་ཁོ་ནར་མ་གཏོགས་རྒྱ་དཀར་ནག་གཉིས་ལ་མེད་པ་དང་། བོད་ཀྱི་གསོ་བ་རིག་པ་དེ་ཉམས་དམའ་བོ་དང་དཔལ་འབྱོར་མཁོ་སྒྲུབ་ཆེད་བེད་སྤྱོད་གཏོང་དགོས་པར་མཐོང་གི་མེད་པ་དང་། ད་ལྟ་བོད་གཞིས་བྱེས་གཉིས་སུ་གྱར་ཏེ། གཅིག་དྲག་གནོན་བཙན་དབང་འོག་གནས་དགོས་བྱུང་བ་དང་གཅིག་གཞན་ཡུལ་དུ་སྐྱབས་བཅོལ་ནས་སྡོད་དགོས་པའི་གནས་སྟངས་བྱུང་རྐྱེན། བོད་ཀྱི་གསོ་རིག་ཐོག་གནས་སྟངས་འདྲ་མིན་བྱུང་དང་འབྱུང་གི་ཡོད་པ་མ་གཏོགས། བོད་ཀྱི་གསོ་བ་རིག་པའི་བདག་དབང་བོད་མི་ཁོ་ན་མ་གཏོགས་གཞན་སུ་ལའང་མེད་པའི་འགྲེལ་བརྗོད་གནང་བྱུང་།

ཡང་རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ཁག་ཏུ། ད་རེས་དཔལ་ལྡན་རྒྱུད་བཞི་ཆེན་མོ་རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་ཁོངས་སུ་ཐོ་འགོད་བྱེད་མཁན་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཀྱི་སྨན་རྩིས་ཁང་ཡིན་སྐོར་བསྒྲགས་འདུག་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་ཐོ་འགོད་དྲ་རྒྱའི་སྟེང་། དཔལ་ལྡན་རྒྱུད་བཞི་ཐོ་འགོད་བྱེད་མཁན་རྒྱ་ནག་ཡིན་ཞེས་བྲིས་ཡོད་པ་ལས་བོད་དང་བོད་མིས་ཐོ་འགོད་བྱས་སྐོར་བཀོད་མི་འདུག

རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་དྲ་རྒྱར་གཞིགས་ན། ཐེངས་འདིར་རྒྱ་ནག་གཞུང་གིས། བོད་ཀྱི་གསོ་རིག་གི་རྒྱུད་བཞིའི་དང་པོ་རྩ་རྒྱུད་དང་གཉིས་པ་བཤད་རྒྱུད། གསུམ་པ་མན་ངག་གི་རྒྱུད། བཞི་བ་ཕྱི་མ་རྒྱུད་ཅེས་རྒྱུད་བཞི་ཐོ་འགོད་བྱས་པ་དང་།  དེ་ནི་དུས་རབས་བརྒྱད་པ་དང་བཅུ་གཉིས་བར་དེབ་གཟུགས་སུ་གྲུབ་ཅིང་། བོད་ཀྱི་གསོ་རིག་ལ་ཤུགས་རྐྱེན་ཧ་ཅང་ཆེ་བའི་རྨད་བྱུང་གི་གསུང་རབ་ཅིག་ཡིན་པ་དང་།  རྒྱུད་བཞིས་བོད་ཀྱི་གསོ་རིག་འཕེལ་བྱུང་གི་ལོ་རྒྱུས་མཚོན་ཞིང་། བོད་དང་ཧི་མ་ལ་ཡ། སོག་པོ་བཅས་ཀྱི་ས་ཁུལ་དུ་བོད་ཀྱི་གསོ་བ་རིག་པ་བརྒྱུད་སྒྲོག་གི་ནུས་པ་གལ་ཆེན་བཏོན་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ནང་། ད་རེས་ཐོ་འགོད་བྱས་པའི་དཔལ་ལྡན་རྒྱུད་བཞིའི་ནང་ཕྱི་ལོ་ ༡༥༤༦ ལོའི་ཤིང་དཔར་བཀྲ་ཐང་པར་གཞི་དང་ཕྱི་ལོ་ ༡༦༤༠ ལོའི་ཤིང་དཔར་རྟག་བརྟན་པར་གཞི། ཕྱི་ལོ་ ༡༦༦༢ ལོའི་ཤིང་དཔར་དགའ་ལྡན་ཕུན་ཚོགས་གླིང་པར་གཞི། ཕྱི་ལོ་ ༡༨༩༢ ལོའི་ཤིང་དཔར་ལྕགས་པོ་རི་པར་གཞི། ཕྱི་ལོ་ ༡༩༤༢ ལོའི་གསེར་བྲིས་བཅས་དུས་རབས་མི་འདྲ་བར་ཞུ་དག་དང་ལེགས་སྒྲིག་བྱས་པའི་པར་གཞི་ཡིན་སྐོར་བརྗོད་འདུག

གཞན་ཡང་ཐེངས་འདིར་རྒྱ་ནག་གཞུང་གིས་རྒྱུད་བཞི་ཐོ་འགོད་བྱས་པ་དང་ལྷན་དུ། ཨོ་མན་དུ་རྟེན་གཞི་བྱས་པའི་ཀུན་བདེ་གླིང་དགོན་པའི་ཕྱི་ལོ་ ༡༦༤༥ ནས་ ༡༩༨༠ བར་གྱི་ཡིག་ཚགས་དང་ཕྱག་བྲིས་རི་མོ། དཔེ་དེབ་སོགས་རིག་དངོས་མི་འདྲ་བ་ཁྱོན་ ༢༣༠༠ ཐོ་འགོད་བྱས་ཡོད་པ་རྒྱལ་ཚོགས་རིག་དངོས་ཤུལ་བཞག་ཚན་པའི་དྲ་རྒྱར་བཀོད་འདུག

ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་གསོ་བ་རིག་པ་ལས་ལུམས་བཅོས་དེ་རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་ཚན་ཁོངས་ནས་སྲུང་སྐྱོབ་དགོས་པའི་ཁྱབ་ཁོངས་སུ་ཐོ་འགོད་བྱས་པ་དང་། སྐབས་དེར་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་ངོས་ནས། བོད་ཀྱི་གསོ་བ་རིག་པ་ནུས་མེད་སྲུང་སྐྱོབ་ཁོངས་སུ་འཇུག་རྒྱུ་མ་ཡིན་པར། དེང་སྐབས་བོད་ཀྱི་གསོ་རིག་གིས་མིའི་རིགས་ལ་ཕན་པ་རླབས་ཆེན་བསྐྲུན་ནུས་ཤིང་། སྨན་པ་དང་སྨན་ཁང་ཉུང་དྲགས་པ་ཙམ་མ་གཏོགས། བོད་ཀྱི་གསོ་རིག་སྨན་ལ་བསྟེན་གཏུག་བྱེད་མཁན་ཧ་ཅང་མང་བ་སོགས་བརྗོད་པ་དང་སྦྲགས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། བོད་ཀྱི་སྨན་རྩིས་ཁང་གི་སྨན་སློབ་ཁག་ཅིག་ཐད་ཀར་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་དུ་ཕྱིན་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese