མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ས་ཁྲ་གསར་པར་རྒྱལ་ཁབ་དྲུག་གིས་ངོ་རྒོལ་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༣/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱ་སྐྱེད་རང་བཞིན་གྱི་དགོས་མཁོར་དམིགས་ནས་བཟོས་པའི་ས་ཁྲ་གསར་པ་དེར་རྒྱ་གར་དང་ལྷོ་རྒྱ་ནག་རྒྱ་མཚོའི་འདབས་འབྲེལ་གྱི་རྒྱལ་ཁབ་དྲུག་གིས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གི་རྒྱ་སྐྱེད་རིང་ལུགས་ཀྱི་ས་ཁྲ་གསར་པར་འབྲེལ་ཡོད་རྒྱལ་ཁབ་དྲུག་གིས་རྒོལ་གཏམ་ནན་པོ་བསྒྲགས། པར། དུས་བབ་ཀྱིས་བསྒྲིགས།

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་ཁུལ་དང་བྱང་ཤར་མཐའ་མཚམས་ཨག་སའི་ཆིན་ས་ཁུལ་ཙམ་མ་ཟད། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་རྩོད་རྙོག་ཆེ་བའི་ས་འབྲེལ་དགུའི་ས་ཐིག་(nine-dash line) ཟེར་བའི་མཚོ་ཡུལ་བཅས། ཐའེ་ཝན་ཚུད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་བརྒྱ་ཆ་ ༩༠ ཙམ་གྱི་བདག་དབང་རྒྱ་ནག་ལ་ཡོད་པའི་བརྡ་ལན་བསྟན་ཏེ་ས་ཁྲ་གསར་པའི་བཅུག་ཡོད་པར་བརྟེན། རྒྱ་གར་དང་། མཚོ་ཁུལ་གྱི་འདབས་འབྲེལ་རྒྱལ་ཁབ་ཐའེ་ཝན་གཙོ་བྱས་པའི་ཝེ་ཏི་ནམ་དང་། ཧྥི་ལི་ཕིན། མ་ལི་ཞི་ཡ། བྷིར་ནེའུ་ (Brunei) བཅས་ཀྱིས་རྒྱ་ནག་གཞུང་གི་བྱེད་སྟངས་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་སྤེལ་འདུག

ཁ་སང་ཧྥི་ལི་ཕིན་གཞུང་གིས་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཁྲིམས་དང་ཕྱི་ལོ་ ༢༠༡༦ ལོར་(arbitral rulling)ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་ཡོངས་རྫོགས་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པར་བཤད་པ་དེར་ཁྲིམས་ལུགས་ཀྱི་རྒྱབ་རྟེན་ཅི་ཡང་མི་འདུག་ཅེས་ཡོངས་ཁྱབ་ཐག་གཅོད་གནང་ཡོད་པ་ལྟར། རྒྱ་ནག་གཞུང་གིས་འགན་འཁུར་ཡོད་པའི་ཐོག་ནས་ཐག་གཅོད་དེར་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་ནན་པོ་གནང་འདུག ཧྥི་ལིན་ཕིན་གྱི་ཕྱི་སྲིད་བློན་ཆེན་ཨན་རི་ཁེ་མཱ་ནཱ་ལོ་(Enrique Manalo) མཆོག་གིས་རྒྱ་གཞུང་གིས་ཧྥི་ལི་ཕིན་གྱི་འདབས་འབྲེལ་བདག་འཛིན་བྱེད་པའི་ཁུངས་སྐྱེལ་བྱེད་པར་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མི་འདུག་ཅེས་བརྗོད་འདུག

ཕྱི་ཟླ་ ༨ ཚེས་ ༣༠ ཉིན་མཱ་ལེ་ཞི་ཡའི་ཕྱི་སྲིད་བློན་ཆེན་ཛམ་བྷི་རི་ཨབ་དུལ་( Zambry Abdul Kadir)མཆོག་གིས་རྒྱ་གཞུང་གི་ས་ཁྲ་གསར་པ་དེའི་ཐད་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པའི་ནང་དུ། མཱ་ལེ་ཞི་ཡས་རྒྱ་ནག་གི་ས་ཁྲ་གསར་པ་དེ་ཁྲིམས་མཐུན་གྱི་དབང་འཛིན་ཐོབ་པ་ཞིག་ཏུ་ངོས་ལེན་བྱེད་ཀྱི་མེད། ལྷོ་རྒྱ་ནག་རྒྱ་མཚོ་ནི་ཧ་ཅང་རྙོག་འཛིང་ཆེ་བའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་འདུག་ལ། གཟའ་ཕུར་བུའི་ཉིན་ཝེ་ཐི་ནམ་གྱི་ཕྱི་སྲིད་མགྲིན་ཚབ་པ་ཕཱམ་ཐུ་ཧང་(Pham Thu Hang)་ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། རྒྱ་ནག་གཞུང་གིས་ཝི་ཐི་ནམ་གཞུང་དང་རྒྱལ་སྤྱིའི་ཁྲིམས་ལུགས་བརྩིས་མེད་བཏང་སྟེ་བཟོས་པའི་ས་ཁྲ་གསར་པ་དེར་གཞི་འཛིན་སའི་རིན་ཐང་གང་ཡང་མི་འདུག རྒྱ་ནག་གཞུང་གིས་ཤར་རྒྱ་ནག་རྒྱ་མཚོའི་འབྲེལ་ཐིག་ཏུ་བརྩིས་ནས་བཅད་དེ་བདག་དབང་ཡོད་པར་བཤད་པ་ངོས་ལེན་གཏན་ནས་མེད། མཚོ་ཁ་རུ་ཝི་ཐི་ནམ་གྱི་ཉ་བའི་གྲུ་གཏོར་བཤིག་བཏང་བར་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་རྒོལ་གཏམ་བསྒྲགས་འདུག དེ་བཞིན་ཐའེ་ཝན་ཕྱི་སྲིད་མགྲིན་ཚབ་པ་ཇེ་ཧྥི་ལུའུ་(Jeff Liu ) ལགས་ཀྱིས། ཐའེ་ཝན་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་གཏན་ནས་མིན། རྒྱ་གཞུང་གིས་ཐའེ་ཝན་རང་བཙན་རྒྱལ་ཁབ་ལ་དམིགས་ཡུལ་གང་འདྲ་བཟུང་ཡང་། ང་ཚོའི་རྒྱལ་ཁབ་ཀྱི་དངོས་ཡོད་གནས་སྟངས་ཐད་འགྱུར་བ་གང་ཡང་ཐེབས་ཀྱི་མ་རེད་ཅེས་བརྗོད་འདུག

ས་ཁྲ་གསར་པ་དེའི་ཐད་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་བགྲོ་གླེང་ཤུགས་ཆེན་བྱེད་བཞིན་ཡོད་པའི་ཁྲོད། གཟའ་མིག་དམར་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇའེ་ཤན་ཁར (Subrahmanyam Jaishankar) མཆོག་གིས། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་ཁུལ་དང་རྒྱ་གར་གྱི་བྱང་ཤར་མཐའ་མཚམས་ཨག་སའི་ཆིན་(Aksai Chin) ཁུལ་རྒྱ་ནག་གི་ས་ཁོངས་ཡིན་ཟེར་བར་རྒྱ་གར་གྱིས་ངོས་ལེན་རྩ་བ་ནས་མེད་པ་མ་ཟད། མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་ལན་འདེབས་གནང་འདུག་ལ། རྒྱ་གར་གཞུང་ཚབ་ཟུར་པ་ལྕམ་མཱན་ཇུ་སེ་ཐི་(Manju Seth )ལགས་ཀྱིས་རྒྱ་གར་གཞུང་གི་ངོས་ནས་བོད་དང་ཐེ་ཝན་གཉིས་རང་བཙན་གཙང་མའི་རྒྱལ་ཁབ་ཏུ་ངོས་འཛིན་བྱ་རྒྱུ་ནི་རྒྱ་ནག་ལ་ཁ་གཏོད་གཅོག་པའི་ཐབས་ལམ་ཡག་ཤོས་དེ་ཡིན་སྐོར་བརྗོད་འདུག

 རྒྱ་ནག་གི་ས་ཁྲ་གསར་པའི་གནད་དོན་འདི་ནི་རྒྱ་གར་སྲིད་བློན་མུ་དྷི་དང་ཞི་ཅིན་ཕིན་གཉིས་(BRICS) ཚོགས་ཆེན་གྱི་ཟུར་དུ་ཐུག་སྟེ་ས་མཚམས་རྩོད་རྙོག་སྐོར་གླེང་སློང་བྱས་རྗེས་བྱུང་བ་ཞིག་ཡིན་པ་དང་། བདུན་ཕྲག་རྗེས་མར་རྒྱ་གར་ནང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་ཆེན་འཚོག་འཆར་ཡོད་ཀྱང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཚོགས་ཆེན་ཐོག་བཅར་རྒྱུ་ཡིན་མིན་དང་། ཁོང་གི་ཚབ་ཏུ་རྒྱ་ནག་གི་སྲིད་བློན་ལི་ཆང་ཡོང་རྒྱུ་ཡིན་མིན་ཐད་གསལ་ཁ་བྱུང་མི་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༨ སྔོན་ལ།
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist