མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཚབས་སྐྲན་ཞེས་པ་གང་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

——ཚབས་སྐྲན་(endometriosis)ཞེས་པ་གང་ཡིན་ནམ།

རྩོམ་པ་པོ། ཨེ་མི་གྷི་རན་ཊི།

བོད་སྒྱུར་ཞུ་མཁན།   སྨན་པ་ཐུབ་བསྟན་དཔལ་ལྡན།

Women often find their pain symptoms being dismissed (Credit: BBC/Alamy)

བུད་མེད་བརྒྱ་ཆ་བཅུ་ཙམ་ལ་ནད་འདི་ཡོད་པ་ཚོད་དཔག་བྱས་ཡོད་ཅིང་ནད་འདིས་བཟོད་དཀའ་བའི་ཟུག་གཟེར་ཡང་སློང་སྲིད་པ་རེད། ཡིན་ནའང་། ནད་གཞི་འདིའི་སྐོར་ཉམས་ཞིབ་དང་གོ་རྟོགས་ཞན་ཞིང་ད་དུང་ཡང་སེང་དྲག་གི་བཅོས་ཐབས་ཤིག་རྙེད་མེད།

ང་ལོ་བཅུ་བཞི་ཙམ་ལ་བསླེབས་དུས་ང་ལ་ན་ཟུག་ཆེ་བའི་ཟླ་མཚན་བབས་འགོ་ཚུགས་སོང་། ང་སློབ་གྲྭར་འགྲོ་དུས་དྲོད་ལྡན་གྱི་རས་ལྷེབ་དེ་འདྲ་གོན་ནས་ཉིན་མོ་དེ་ན་ཟུག་མེད་པར་འཁྱོལ་ཐབས་བྱས་པ་ཡིན། སྐབས་རེར་དེས་ཕན་ཐོགས་བྱུང་། ཡིན་ནའང་སྐབས་རེར་ང་སྨན་ཁང་གི་ནད་པ་སྒུག་སའི་ལྟེབ་ཆགས་ཉལ་ཁྲིའི་སྟེང་དུ་ན་ཟུག་གི་སྡུག་བསྔལ་དྲག་པོའི་ནང་དུ་འགྲིལ་ལོག་རྒྱག་ནས་ལྷག་མྱོང་ཡོད། དེ་འདྲའི་སྐབས་སུ་སྣེ་ལེན་པ་དེ་ཅི་བྱེད་མེད་པར་ལུས་འགྲོ་གང་ཡིན་ཟེར་ན་ངའི་རྒྱུ་ལྷག་ནི་སྔར་ནས་བཏོན་ཟིན་ཡོད།

དེ་འདྲའི་ན་ཟུག་དང་བཅས་ལོ་ངོ་བཅུའི་རྗེས་སུ་ཐ་མ་དེར་ང་ལ་ཚབས་སྐྲན་གྱི་ནད་གཞི་དེའི་བརྟག་དཔྱད་ཀྱི་བརྒྱུད་རིམ་ནང་དུ་ཚུད། ཡིན་ན་ཡང་ངའི་གནས་སྟངས་ནི་སྔར་ལས་སྟབས་བདེ་རུ་འགྲོ་ཡག་ཕར་ཞོག  ངས་སྨན་པ་མང་པོ་ལ་བསྟེན་གཏུག་བྱས་པ་ལས་ཤེས་ཐུབ་པ་ནི་ནད་གཞི་འདི་ལ་ད་དུང་ཡང་རྒྱུས་མངའ་ཞན་པ་དང་ནད་གཞི་འདིའི་རྟགས་དཔྱད་དང་བཅོས་ཐབས་ནི་རྙོག་འཛིང་ཆེ་ཞིང་ཚེ་གང་པོར་མྱང་དགོས་པའི་བཀའ་སྡུག་ཅིག་ཡིན་པ་དེ་རེད།

ཚབས་སྐྲན་ནི་ཟླ་མཚན་དང་འབྲེལ་བའི་མོ་ནད་ཅིག་སྟེ་མངལ་གྱི་སྐྱི་པགས་ཀྱི་ཕུང་གྲུབ་དང་ཆ་འདྲ་བའི་ཕུང་གྲུབ་གནས་གཞན་དཔེར་ན་མངལ་གྱི་སྦུ་གུ་གཉིས་དང་། ཚང་ར། རྒྱུ་སྨད། མོ་མཚན། རྒྱུ་མ་ལ་སོགས་པར་བསགས་ཤིང་འདྲིལ་ནས་སྡོད་ཀྱི་ཡོད། ཆེས་ཉུང་བའི་གནས་སྟངས་འགའ་རེའི་ནང་ཕུང་གྲུབ་དེ་དག་གློ་བ་དང་། མིག རྒལ་ཚིགས། ཀླད་པ་ལ་སོགས་པར་ཡོད། དོན་དངོས་ཐོག ལུས་ཀྱི་ཆ་ཤས་གཅིག་ཁོ་ནའི་ནང་དུ་ཕུང་གྲུབ་འདྲིལ་རོ་དེ་དག་རྙེད་མེད་ས་ནི་མཚེར་པ་ཡིན། ནད་རྟགས་སུ་གཟེར་དྲག་པོ་དང་། མཚམས་རེར་བཟོད་མི་ཐུབ་པའི་གཟེར་ཟུག ཚང་རའི་གནས་སུ་གཟེར་བ། ལུས་ངལ་བ་དང་ཟླ་མཚན་ཕོན་ཆེན་འབབ་པ་སོགས་ཡོད།

སྤྱིར་ནད་གཞི་འདི་ལས་ཀྱང་རྒྱུན་མངའ་ཞན་ཞིང་དཔལ་འབྱོར་གྱི་རྒྱབ་རྟེན་མེད་པ་དང་ཉམས་ཞིབ་ཆེས་ཉུང་བ་བྱས་པ་དེ་འདྲ་ཡོད་ཀྱང་། དེ་དག་ལས་ཚབས་སྐྲན་གྱི་ནད་འདི་བཞིན་གྱི་ཁྱབ་རྒྱ་ཆེན་པོ་མེད། ནད་འདིས་གོ་ལ་ཧྲིལ་པོར་བུད་མེད་དུང་ཕྱུར་ ༡༧༦ ཙམ་ལ་གནོད་འཚེ་ཕོག་བཞིན་ཡོད། རྒྱལ་ཁབ་གཞན་དག་ལྟར་ཨ་རིའི་ནང་དུ་སྐྱེད་ལོའི་ནང་ཚུད་ཡོད་པའི་བེུད་བཅུ་ཡི་ནང་ནས་གཅིག་ལ་ནད་འདི་ཕོག་ཡོད་པ་ཚོད་དཔག་བྱས་ཡོད་ཅིང་ནད་གཞི་འདི་ལ་ལོ་ལྟར་ཨ་སྒོར་དུང་ཕྱུར་དྲུག་ཙམ་གྱིས་དཔལ་འབྱོར་རྒྱབ་རྟེན་འབྱོར་གྱི་ཡོད། གཉིད་ཀྱི་ཉམས་ཞིབ་གཅིག་པུ་ལ་གྲངས་ཀ་དེའི་ལྡབ་ལྔ་བཅུ་ལས་མང་བའི་དཔལ་འབྱོར་རོགས་རམ་རག་གི་ཡོད་པ་རེད།

ཟུག་གཟེར་ནི་ཚབས་སྐྲན་གྱི་ནད་དེའི་འབྲས་བུ་གཅིག་པུ་དེ་མིན། རྒྱལ་ཁབ་བཅུ་ཡི་ནང་དུ་ཉམས་ཞིབ་ཅིག་བྱས་པ་ལས་ཤེས་རྟོགས་བྱུང་བ་ནི་ནད་དེ་ཕོག་པའི་ནད་པ་རེ་རེའི་འཕྲོད་བསྟེན་དང་མི་ཚེའི་བྱ་བཞག་དང་བདེ་སྡུག་གི་ཆེད་དུ་ཆ་སྙོམས་སུ་ལོ་ལྟར་ཡོ་སྒོར་ ༩༥༧༥ འགྲོ་གྲོན་འགྲོ་ཡི་ཡོད་འདུག གྲངས་ཀ་དེ་ནི་ཉིན་རེར་ཡོ་སྒོར་ ༢༦ ལྷག་ཙམ་རེད། ནད་གཞི་དེ་བུ་ཚ་སྐྱེད་མི་ཐུབ་པའི་ནད་གཞི་དང་འབྲེལ་བ་ཡོད་སྲིད་པ་དང་ནད་ཀྱི་ཟུག་གཟེར་དེ་ཁོ་རང་གིས་ནད་པ་དེ་ལ་བཀའ་ངལ་གཞན་དག་ཀྱང་སློང་སྲིད་པ་རེད།

“ཟུག་གཟེར་དྲག་པོས་ཁྱོད་རང་གི་གཙོ་བོའི་དབང་རྩའི་མ་ལག་དང་ཁྱེད་ཀྱིས་མ་འོངས་པར་ཟུག་གཟེར་ལ་གདོང་ལེན་བྱེད་སྟངས་བཅས་ལ་བཅོས་ལྷད་ཕོགས་པ་མ་ཟད་ཟུག་གཟེར་ཅན་གྱི་གཅོང་ནད་སོགས་ཕོག་སླ་རུ་གཏང་སྲིད་པ་བཅས་ཀྱི་དཔང་རྟགས་མང་པོ་ང་ཚོར་ཡོད།” ཨོག་སི་ཧྥོར་ཌིའི་(Oxford) ཟུག་གཟེར་ཐོག་ཉམས་ཞིབ་པ་རྒན་པ་ཀེ་ཊི་ཝིན་སེན་གྱིས་དེ་ལྟར་གསུངས་ཡོད།

བུད་མེད་མང་པོ་མངོན་རྟགས་མེད་ཅིང་རྟགས་ཡོད་པའི་བེུད་ཚོར་རྟགས་གཙོ་བོ་དེ་ཕྱི་རོལ་གྱི་རྒྱུ་རྐྱེན་མངོན་གསལ་དོད་པོ་མེད་ཀྱང་རྒྱུ་ཞབས་སུ་ཟུག་གཟེར་དྲག་པོ་ལྡང་ཡོང་བ་དེ་ཡིན། དེས་ནད་འདི་འགྲེལ་བཤད་རྒྱག་ཏུ་མེད་པའི་ཡ་མཚན་གྱི་དོན་དག་ཅིག་ཏུ་བསྒྱུར་ཡོད་སྲིད། ཡིན་ན་ཡང་ནད་འདི་བེུད་ཁོ་ན་ལ་ཡོད་པའི་ནད་ཅིག་དང་དེ་ཡང་དམིགས་བསལ་གྱིས་ཟླ་མཚན་དང་འབྲེལ་བ་ཡོད་པའི་གནས་ལུགས་དེས་ནད་དེ་ཁོ་རང་ངོས་ནས་ཡ་མཚན་སྐྱེ་དགོས་པ་ལས་ཀྱང་ཆེ་བའི་ཡ་མཚན་གྱི་གནད་དོན་ཞིག་ཏུ་གྱུར་ཡོད།

གནའ་སྔ་མོའི་བྱུང་རིམ།

ཕྲ་མཐོང་ཆེ་ཤེལ་ནས་རྨང་གཞི་ཙམ་ཞིག་གསར་རྙེད་བྱུང་བའི་གནས་ཚུལ་དེའི་སྔོན་དུ་ཡོད་ཀྱང་ཡོངས་གྲགས་སུ་ཕྲ་མཐོང་ཆེ་ཤེལ་བརྒྱུད་ནས་ཚབས་སྐྲན་གྱི་ཕུང་གྲུབ་གསར་དུ་རྙེད་མཁན་ནི་ ༡༨༦༠ ལོར་ཅེག་རྒྱལ་ཁབ་ཀྱི་ཚན་རིག་པ་ཀལ་ཝོན་རོ་ཀི་ཏན་སི་ཀི་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། གནའ་སྔ་མོ་ནས་ཚབས་སྐྲན་དང་ཆ་འདྲ་བའི་ནད་རྟགས་ཀྱི་ཡིག་ཆ་ཐོན་ཡོད། ནད་གཞི་འདི་“སྨྱོ་འཁྱོམས་”ཀྱི་ནད་རྟགས་དང་ཡང་འདྲ་པོ་ཡོད། “སྨྱོ་འཁྱོམས་”ཞེས་པའི་ཚིག་དེ་ལ་ཊིན་གྱི་ཚིག་ཅིག་ནས་ཟུར་དུ་ཆགས་པ་སྟེ་དོན་དུ་མངལ་གྱི་ཞེས་པར་འཇུག་པ་རེད། རྒྱུ་སྨད་ལ་ཟུག་གཟེར་རྒྱག་པ་དེ་སྨན་གྱི་གཞུང་ལུགས་ཁག་གི་ནང་དུ་ཇི་ལྟར་གསལ་ཡོད་མེད་སྐོར་ཉམས་ཞིབ་ཅིག་ལས་ནད་པ་མང་དག་ཅིག་ལ་“སྨྱོ་འཁྱོམས་”ཀྱི་ནད་ཕོག་ཡོད་པ་ངོས་འཛིན་བྱས་པ་དེ་དག་དོན་ངོ་མར་ཚབས་སྐྲན་གྱི་ནད་གཞི་དེ་ཡིན་ཤས་ཆེ་ཞེས་པ་དེ་བརྙེད་ཡོད།

ལོ་རྒྱུས་ཐོག་ནད་གཞི་འདི་ལ་དམའ་རྩིས་དང་གོ་ལོག་བཅས་ཀྱིས་མུ་མཐུད་ནས་དེང་རབས་གསོ་རིག་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། ནད་གཞི་གཞན་ལས་ཀྱང་ཉམས་ཞིབ་ཉུང་བ་བྱས་ཡོད་པ་མ་ཟད་གཞན་དག་ལས་ཀྱང་འདིའི་སྐོར་གོ་རྟོགས་ཉུང་བ་ཡོད། འདིའི་རྒྱུ་རྐྱེན་ནམ་འབྱུང་རྐྱེན་ཤེས་ཀྱི་མེད་ལ་བཅོས་ཐབས་ཀྱང་རྙེད་མེད། ནད་འདི་ཡོད་པ་གཏན་འཁེལ་བྱེད་པར་མང་མཐར་ཧ་ལམ་ལོ་ངོ་བཅུ་ཙམ་འགོར་བ་དང་གཏན་འཁེལ་བྱེད་པའི་ཐབས་ལམ་གཅིག་ཁོ་ན་ཡོད་པ་ནི་རྒྱུ་སྨད་དུ་ཁུང་བུ་ཕྲ་མོ་བཏོད་ནས་ནང་གི་ཕུང་གྲུབ་ཕྲ་མོ་ཞིག་བཀོག་སྟེ་དེ་ལ་བརྟགས་དཔྱད་བྱེད་པ་དེ་ཡིན།

སྤྱིར་བཏང་སྨན་པའམ་སྨན་ཁང་གི་སྨན་པ་སུས་ཀྱང་“ཚབས་སྐྲན” ཞེས་པའི་ཐ་སྙད་དེ་བརྗོད་པ་ངས་ནམ་ཡང་གོ་མ་མྱོང་། མ་ཟད་གནད་ལ་འཁེལ་བའི་དྲི་བ་ཙམ་ཡང་འདྲི་མ་མྱོང་། – ཨེ་ལ་ཡེ་སི་ བྷོ་ཌེན་ཧམ།

ངས་ཚབས་སྐྲན་གྱི་ནད་གཞི་ཕོག་པའི་བེུད་རང་ལོ་ཉི་ཤུའི་ནང་དང་སུམ་ཅུའི་ནང་ཡིན་པ་གསུམ་དང་བཀའ་མོལ་ཞུས་པ་ཡིན། ནད་གཞི་བརྟག་དཔྱད་ཀྱི་བརྒྱུད་རིམ་ནང་དུ་ཁོང་ཚོ་གསུམ་གའི་ནད་གཞི་ངོས་འཛིན་ལོག་པར་བྱས་པ་དང་ཁོང་ཚོའི་ནད་རྟགས་རྣམས་སྣང་མེད་དུ་བཏང་བ་ཡང་ན་དམའ་རྩིས་བྱས་པ་བཅས་བྱུང་འདུག སྤྱིར་བཏང་སྨན་པའམ་སྨན་ཁང་གི་སྨན་པ་སུས་ཀྱང་“ཚབས་སྐྲན” ཞེས་པའི་ཐ་སྙད་དེ་བརྗོད་པ་ངས་ནམ་ཡང་གོ་མ་མྱོང་། མ་ཟད་གནད་ལ་འཁེལ་བའི་དྲི་བ་ཙམ་ཡང་འདྲི་མ་མྱོང་། – ཨེ་ལ་ཡེ་སི་བྷོ་ཌེན་ཧམ། རང་ལོ་ ༣༡ “མདོར་བསྡུས་ན་འདི་ལྟ་བུ་རེད་“འདི་དང་དེ་ཡིན་སྲིད་”ཡང་ན་“ཁྱེད་རང་གིས་རྫུན་ལབ་ཀྱི་འདུག”

དཀའ་ངལ་གྱི་ཆ་ཤས་ཤིག་ནི་སྤྱི་ཚོགས་ཀྱིས་བེུད་ཀྱི་ན་ཟུག་ལ་སྣང་མེད་དང་ངོས་ལེན་མེད་པ་དེ་ཡིན། གང་ཡིན་ཞེ་ན་ན་ཟུག་ནི་ཚབས་སྐྲན་གྱི་ཆེས་རྒྱུན་ལྡན་གྱི་ནད་རྟགས་དེ་རེད། ང་རང་ཉིད་ཀྱིས་ཀྱང་ཉམས་མྱོང་འདི་བྱུང་བ་སྟེ་ང་ལ་སྒྲ་རླབས་གློག་དཔར་ཞིག་བརྒྱབ་པའི་སྐབས་སུ་ན་ཟུག་དྲག་པོ་ལྡང་བྱུང་བ་ལྟར་ངས་སྨན་པ་ལ་ཞུས་པ་ཡིན། རྗེས་སུ་ང་ལ་སྒྲ་རླབས་གློག་དཔར་གྱི་གྲུབ་འབྲས་སྦྲག་ཐོག་ནས་འབྱོར་བྱུང་བ་དེ་དང་མཉམ་དུ་ཡིག་ཆུང་ཞིག་འདུག་པ་དེར་ “སྒྲ་རླབས་གློག་པར་ལེན་སྐབས་ནད་པར་ཅུང་ཙམ་མི་བདེ་བའི་ཚོར་སྣང་བྱུང་།” ཞེས་བྲིས་འདུག དེ་ལས་ཀྱང་སྟབས་མ་ལེགས་པ་ཞིག་ལ། ནད་གཞི་དེ་ཛ་དྲག་ཇི་ཙམ་ཡིན་པ་དང་ནད་པ་དེར་ཟུག་གཟེར་ཇི་ཙམ་ཚོར་མིན་དབར་ལ་ཐད་ཀར་འབྲེལ་བ་གང་ཡང་མེད།

གཤག་དབྲལ་མི་དགོས་པར་ནད་གཞི་གཏན་འཁེལ་གྱི་ཐབས་ལམ་ཞིག་མེད་པས་ནད་པས་འགྲེལ་བཤད་བརྒྱབ་པའི་ནད་རྟགས་ལ་ཡིད་ཆེས་པའི་སྨན་པ་ཞིག་མེད་ན་ནད་གཞི་འདི་ངོས་འཛིན་ཀྱི་ཁུངས་གཏུགས་ས་མེད། ཡིན་ན་ཡང་བེུད་ཀྱི་ནད་རྟགས་རྣམས་ནི་རྒྱུན་དུ་“དེ་ཚང་མ་རང་གི་སེམས་ཀྱིས་བཟོས་བཞག་པ་རེད།” ཅེས་ངོས་ལེན་མེད་པར་སྣང་མེད་དུ་བཏང་བཞག་ཀྱི་ཡོད་པ་རེད།

དབྱིན་ཡུལ་དུ་ཚབས་སྐྲན་ཡོད་པའི་བེུད་ ༢༦༠༠ ལ་དྲིས་ལན་དབྱེ་ཞིབ་ཅིག་བྱས་པ་ལས་བེུད་བརྒྱ་ཆ་ ༤༠ ཡིས་སྨན་པ་ལ་ཐེངས་བཅུའམ་དེ་ལས་མང་བར་བརྟེན་གཏུགས་བྱས་པས་གཞི་ནས་ཆེད་ལས་སྨན་པར་ངོས་སྦྱོར་བྱས་འདུག

དེས་ན་དབྱིན་ཡུལ་དུ་ཚབས་སྐྲན་ཡོད་པའི་བེུད་ ༢༦༠༠ ལ་དྲིས་ལན་དབྱེ་ཞིབ་ཅིག་བྱས་པ་ལས་བེུད་བརྒྱ་ཆ་ ༤༠ ཡིས་སྨན་པ་ལ་ཐེངས་བཅུའམ་དེ་ལས་མང་བར་བསྟེན་གཏུགས་བྱས་པས་གཞི་ནས་ཆེད་ལས་སྨན་པར་ངོས་སྦྱོར་བྱས་འདུག་པ་དེ་ཕལ་ཆེར་ཧང་སང་དགོས་པ་ཞིག་མ་རེད། དཔེར་ན་བྷོ་ཌེན་ཧམ་མོ་རང་གི་ན་ཟུག་ལ་ཆ་འཇོག་མ་བྱས་པའི་སྔོན་དུ་ཁོ་མོ་ཐེངས་མང་པོ་དྲན་མེད་དུ་ས་ལ་འགྱེལ་ཡོད།

ང་ཡི་ཚབས་སྐྲན་ནད་ཀྱི་ཉིན་ཐོ་ཞེས་པའི་དྲྭ་བའི་ཟིན་བྲིས་གཉེར་མཁན་རང་ལོ་༢༤་ཡིན་པའི་ཀེ་ཊི་ལིན་ལགས་ཀྱིས་མོ་རང་ལ་ནད་གཞི་དེ་ཡོད་པ་རང་ངོས་ནས་ཉམས་ཞིབ་བྱས་པ་ལས་དོགས་པ་ཟ་འགོ་ཚུགས་ཡོད་ཀྱང་མོ་རང་གི་སྨན་པས་དེ་ལ་བདག་སྤྲོད་བྱས་མེད། “ལོ་གསུམ་ཙམ་སྔོན་དུ་ང་རང་ཛ་དྲག་མྱུར་སྐྱོབས་སྨན་ཁང་ཞིག་ཏུ་སྡོད་དགོས་བྱུང་། དེའི་རྒྱུ་རྐྱེན་ངས་སྐབས་དེར་ལྒུག་ལྒལ་ (google) ནས་རྩད་གཅོད་བྱས་པར་རྒྱུ་རྐྱེན་གཅིག་ནི་ཚབས་སྐྲན་ཡིན་པ་ཤེས་རྟོགས་བྱུང་ཞིང་ངས་སྨན་པ་དེ་དག་ལ་བཤད་ཀྱང་ཁོང་ཚོས་“ཨོ། དེ་རྩ་བ་ནས་མ་རེད།”ཅེས་ཟེར། “ང་ལ་ཟླ་མཚན་སྐབས་སུ་ཟུག་གཟེར་ཆེན་པོ་དང་བྱང་ཁོག་སྨད་སྤྱི་ལ་ཟུག་གཟེར་ཡོད་པ་གསལ་བཤད་བྱས་ཀྱང་ཁོང་ཚོས་ད་དུང་ཀྱང་མ་རེད་ཟེར།”

ཨོག་སི་ཧྥོར་ཌི་ནས་ཡིན་པའི་ཝིན་སེན་ཊི་ལ་ཕ་མོའི་དབར་ཁྱད་པར་འབྱུང་མིན་ལ་ཐེ་ཚོམ་མེད། “གལ་ཏེ་ལོ་བཅུ་བཞི་ལ་སོན་པའི་བྱིས་པ་ཕོ་ཚང་མ་སྤྱི་ཡོངས་སྨན་པའི་སར་ཕྱིན་ནས་”ང་ཟླ་རེར་ཉིན་མ་གཉིས་རེ་སློབ་གྲྭ་ཆད་འགྲོ་ཡི་འདུག”ཅེས་ཞུས་ན་ཁོང་ཚོ་ཟླ་བ་རྟག་པར་སློབ་གྲྭ་ཆད་ཡག་དེ་མཚམས་འཇོག་ཡོང་གི་རེད།” ཅེས་མོ་རང་གིས་གསུངས།

གནས་སྟངས་དེ་ལས་ཀྱང་སྡུག་པ་ཞིག་ལ་སྨན་པ་ཚོས་ཐོག་མའི་བརྟག་དཔྱད་སྐབས་སུ་རྨ་གཉན་ཡོད་མེད་མཐོང་ཐུབ་ཀྱི་མེད་ལྷག་པར་དུ་གལ་ཏེ་རྨ་གཉན་དེ་ཕྱི་ངོས་ལ་ཡོད་ན། ཚབས་སྐྲན་སྐོར་གྱི་གླིང་སྟེགས་དེ་དག་ཏུ་སྒྲ་རླབས་གློག་པར་ནང་དུ་ནད་གཞི་ཡོད་ཀྱང་མ་རྙེད་པའི་གནས་ཚུལ་གྱིས་ཁེངས་བསྡད་ཡོད་པ་རེད།

ནད་པ་རང་ཉིད་ངོས་ནས་ཀྱང་གོ་རྟོགས་ཞན་པའི་རྐྱེན་གྱིས་ནད་གཞི་དེ་ངོས་འཛིན་བྱེད་ཡག་རྗེས་ལུས་ཐེབས་ཀྱི་ཡོད། ཟླ་མཚན་དང་འབྲེལ་བའི་རྣམ་རྟོག་དང་བཀག་འགོག་ད་དུང་གནས་ཡོད། ངས་སྐད་ཆ་བཤད་པའི་བེུད་གཉིས་ཀྱིས་ནང་མི་ཡང་ན་འཁྲིག་སྤྱོད་ཤེས་བྱ་བརྒྱུད་ནས་ཟླ་མཚན་འབབ་སྐབས་ན་ཟུག་དང་ཡང་ན་མི་བདེ་བའི་ཚོར་སྣང་ཡོད་པ་གོ་ཐོས་བྱུང་འདུག ཁོང་ཚོས་ནམ་ཡང་ཤེས་རྟོགས་བྱུང་མེད་པ་ནི་རྒྱུན་ལྡན་གྱི་ཟླ་མཚན་འབབ་སྐབས་ན་ཟུག་ཇི་ཙམ་ཡོད་མེད་དེ་ཡིན་པ་རེད།

འཛམ་གླིང་འདིར་ཚབས་སྐྲན་ནད་པའི་རོགས་ཚོགས་དང་ལས་འགུལ་བ་རྣམས་ཀྱིས་ནད་འདིའི་སྐོར་གོ་རྟོགས་སྤེལ་བཞིན་ཡོད་པ་དེ་དག་གིས་ཕན་ཐོགས་བྱུང་ཡོད་པར་སྣང་། ཕྱི་ལོ་ ༢༠༠༧ ལོར་ཨོ་སི་ཊོ་ལི་ཡའི་གཞུང་གིས་ནད་འདིའི་སྐོར་གོ་རྟོགས་དང་སྨན་བཅོས་ཡར་རྒྱས་སོགས་ཀྱི་ཆེད་དུ་ཚབས་སྐྲན་ནད་གཞིའི་ཐད་རྒྱལ་ཡོངས་ཐབས་ཇུས་ཞེས་པ་དབུ་འབྱེད་གནང་ཡོད་ལ་འགྲོ་གྲོན་ཨོ་སྒོར་ས་ཡ་བཞི་དང་ཕྱེད་མང་དུ་བཏང་བ་དང་སྨན་བཅོས་ཀྱི་རྩ་འཛིན་ལམ་སྟོན་གསར་པ་སྤེལ་བ་དང་ལྷག་པར་དུ་ནད་གཞི་དེ་གཞི་རིམ་འཕྲོད་བསྟེན་ཆེད་ལས་པའི་གསོ་རིག་ཤེས་ཡོན་ཀྱི་ཁོངས་སུ་བཅུག་ཡོད། དབྱིན་ཡུལ་དུ་དབུས་གཞུང་གི་སློབ་སྟོན་སྡེ་ཚན་ཏེ་རྒྱལ་ཡོངས་འཕྲོད་བསྟེན་དང་ལྟ་སྐྱོང་ཚོགས་པ་ནས་ཚབས་སྐྲན་ནད་པར་བརྟག་དཔྱད་དང་སྨན་བཅོས་ཀྱི་ཐབས་ལམ་གཅིག་གྱུར་ཡོང་བར་དམིགས་ནས་ཕྱི་ལོ་ ༢༠༠༧ ལོར་སྨན་བཅོས་རྩ་འཛིན་ལམ་སྟོན་ཕེབས་ཡོད།

དེ་དག་ནི་ཡང་དག་པའི་གོམ་གང་མདུན་སྐྱོད་ཡིན་ན་ཡང་སྤྱིར་བཏང་སྨན་པ་ཚོར་རྩ་འཛིན་ལམ་སྟོན་སྣ་ཚོགས་ཡོད་མུས་རེད་ཅེས་རོ་ཡལ་སྤྱིར་བཏང་སྨན་པའི་མཐོ་སློབ་ཀྱི་མོ་ནད་ཆེད་མཁས་སྨན་པ་ཨེན་ཁོན་ནོ་ལི་ལགས་ཀྱིས་གསུངས། འཛམ་གླིང་ཚབས་སྐྲན་ནད་གཞི་ཚོགས་པའི་རྒྱུན་ལས་དབུ་འཛིན་ལོན་ཧུ་མེལ་ཤོ་ཇི་ལགས་ཀྱིས་ཀྱང་ཆེད་ལས་སྨན་ཁང་ཉུང་དྲགས་པ་ནི་འཛམ་གླིང་སྤྱི་ཡོངས་ལ་འཕྲད་བཞིན་པའི་དཀའ་ངལ་གཞན་ཞིག་རེད་ཅེས་གསུངས།

ལས་སླ་བཅོས་མེད་པ།

ནད་གཞི་ངོས་འཛིན་བྱས་ཚར་བའི་རྗེས་སུའང་ནད་རྟགས་ཚོད་འཛིན་བྱེད་པར་ལས་སླ་པོ་ཞིག་གཏན་ནས་མེད་པ་དང་གནས་སྐབས་འདི་ལའང་བརྡ་ལོག་དང་འཁྱོག་བཤད་ཀྱི་གནས་སྟངས་ཡོད།

སྨན་དོན་ལས་བྱེད་པ་འགའ་རེས་ད་དུང་ཡང་ནད་པ་རྣམས་ལ་མངལ་སྦྲུམ་རྒྱུ་ནི་ནད་འདིའི་གནད་སྨིན་གྱི་བཅོས་ཐབས་ཡིན་པ་བཤད་ཀྱི་ཡོད། ད་ལོ་སྨན་པ་ཞིག་གིས་ང་ལ་ཚབས་སྐྲན་ཡོད་པ་དོགས་གཞི་འདུག འོན་ཀྱང་“གལ་ཏེ་ཁྱེད་རང་མངལ་སྦྲུམ་རྒྱུར་བསམ་བློ་བཏང་ན་མ་གཏོགས་ང་ཚོས་བྱེད་ཐུབ་པ་གང་ཡང་མེད་”ཅེས་ལབ་བྱུང་། ནད་གཞི་འདིས་བུ་བཙའ་བར་འགོག་རྐྱེན་བཟོ་སྲིད་པས་མ་མཐའ་ཡང་དེ་ནི་བསམ་ཤེས་མེད་པའི་སྐད་ཆ་ཞིག་རེད། དེ་ནི་དངོས་བདེན་ཡང་མིན། མངལ་སྦྲུམ་ནས་ཚབས་སྐྲན་གྱི་ནད་རྟགས་རྣམས་མེད་པ་ཆགས་སྲིད་ཀྱང་དེ་ནི་མངལ་སྦྲུམ་བཞིན་པའི་དུས་སྐབས་དེ་གཅིག་པུའི་རིང་ལ་ཡིན།

དུས་མཚུངས་སུ་རྩོམ་པ་པོ་དང་འཁྲབ་སྟོན་པ་ལི་ན་དུན་ཧེམ་གྱིས་ད་ལོའི་འགོ་སྟོད་ལ་ཨ་རིའི་ཝོག་དུས་དེབ་སྟེང་དུ་མོ་རང་གི་གཤག་བཅོས་གྱི་གདམ་ཁའི་སྐོར་རྩོམ་ཡིག་བྲིས་ཏེ་བུ་སྣོད་གཤག་བཅོས་ལམ་ནས་བཀོག་རྒྱུ་དེ་ཚབས་སྐྲན་གྱི་བཅོས་ཐབས་ཤིག་ཡིན་པའི་སྐོར་གསལ་སྟོན་བྱས་ཡོད། ཡིན་ནའང་ཐབས་ལམ་དེ་སྤྱོད་རྒྱུ་རྩོད་གཞི་ཆགས་ཡོད། ནད་གཞི་དེ་བབས་ས་ནི་བུ་སྣོད་ཀྱི་ཕྱི་ལ་ཡོད་པ་ལས་ནང་ལ་མེད་པས་བུ་སྣོད་བཀོག་པ་ནི་ནད་གཞི་འདི་སེང་དྲག་གི་བཅོས་ཐབས་ཤིག་མིན་ལ་རྗེས་སུ་ནད་ལོག་རྒྱག་ཡོང་བ་ཡིན།

བུ་སྣོད་བཀོག་པ་ནི་ནད་གཞི་འདི་སེང་དྲག་ཀྱི་བཅོས་ཐབས་ཞིག་མིན་ལ་རྗེས་སུ་ནད་ལོག་རྒྱག་ཡོང་བ་ཡིན། 

ཚབས་སྐྲན་གྱི་རྨ་ཉེན་དེ་ཚོ་ཨེ་སོ་ཊོ་ཇེན་(Estrogen) གྱི་སྟངས་འཛིན་འོག་ལ་ཡོད་པས་རྒྱུན་དུ་ཁམས་རྗས་ཀྱི་སྨན་བཅོས་ནི་ཐོག་མའི་སྨན་བཅོས་ཀྱི་གྲས་ཡིན། དེ་ཚོས་ནད་རྟགས་ཚོད་འཛིན་ཐུབ་ཀྱང་སེང་དྲག་གི་བཅོས་ཐབས་མིན་ལ་དེ་ཚོ་ལའང་ཞོར་སྐྱོན་ཡོད། བེུད་ཁམས་རྗས་ཀྱི་སྐྱེ་འགོག་སྨན་སྤྱོད་བཞིན་པ་ཚོ་སེམས་ཁམས་ཞུམ་པའི་ནད་ཀྱི་བཅོས་ཐབས་འཚོལ་རྒྱུ་ཡིན་པའི་ངེས་པ་མང་བ་ཡོད་པ་ཕྱི་ལོ་ ༢༠༡༦ ལོར་ཌེན་མག་གི་ཞིབ་འཇུག་པ་ཚོས་བརྟག་དཔྱད་བརྒྱུད་ནས་ཤེས་རྟོགས་བྱུང་ཡོད། (སྐྱེ་འགོག་སྨན་རྗས་ནས་ཞོར་སྐྱོན་ཚབས་ཆེན་བྱུང་བའི་བུད་མེད་བརྒྱད་ཀྱི་སྐོར་ང་ཚོའི་བརྙན་ལ་གཟིགས།) 

རེ་བ་ཡོད་པའི་བཅོས་ཐབས་གཞན་ཞིག་ནི་སྨན་གྱིས་གནས་སྐབས་ཟླ་མཚན་བཀག་རྒྱུ་དེ་རེད། ཡིན་ན་ཡང་དེ་ནི་གཏན་འཇག་གི་བཅོས་ཐབས་ཤིག་མིན། གང་ཡིན་ཟེར་ན། དེས་ཁྱད་པར་དུ་ན་གཞོན་རྣམས་ཀྱི་རུས་པ་སོབ་ཏུ་གཏོང་སྲིད་པ་དང་སྤྱིར་བཏང་དཀོན་པོ་ཡིན་ཡང་ཞོར་སྐྱོན་གཞན་ཞིག་ནི་སྟབས་མ་ལེགས་པར་ཟླ་མཚན་གཏན་འཇག་ཆད་འགྲོ་སྲིད་པ་རེད་ཅེས་ཛོ་ལ་ཌེག་སེ་ཚོགས་པས་བཤད་ཡོད་པ་རེད། སྨན་བཅོས་ཐབས་ལམ་འདི་སྤྱོད་རྒྱུའི་ཐད་གནས་ཚུལ་ཤེས་པའི་སྟེང་ནས་ནད་པས་མོས་མཐུན་ཐོབ་ཀྱི་མེད་པ་རེད་ཅེས་ཀུག་གིས་གུས་མོར་བཤད་བྱུང་། མོས་གསུངས་རྒྱུར་”ངས་ཐེངས་མང་པོར་གོ་ཡོང་བའི་གནད་དོན་གཅིག་ནི་སྨན་རྫས་སམ་སྨན་ཁབ་བརྒྱུད་ནས་ཟླ་མཚད་བཀག་འགོག་བྱེད་མཁན་བེུད་མང་པོ་ཞིག་གིས་སྨན་རྫས་དེ་ཚོའི་བྱེད་ལས་གང་ཡིན་མིན་ཤེས་རྟོགས་མེད་པ་དེ་རེད།”

གང་ལྟར་ཀྱང་ཐབས་ལམ་གཞན་པ་དེ་འདྲ་ཡོད་མེད་སྐོར་ཉམས་ཞིབ་བྱེད་མུས་རེད། “སྨན་རྫས་ཀྱིས་ཚབས་སྐྲན་བཅོས་ཐབས་དེ་ཚོ་ཁམས་རྫས་ཁོ་ནར་དམིགས་པ་ཞིག་ཡིན་པ་དང་ང་ཚོར་ད་དུང་དེ་ལས་ལྷག་པའི་ཐབས་ལམ་ཞིག་དགོས་མཁོ་ཡོད། གང་ཡིན་ཟེར་ན་བེུད་མང་པོ་ཞིག་སྨན་བཅོས་དེ་དག་གིས་གྲུབ་འབྲས་ཐོན་གྱི་མེད་པ་ང་ཚོས་ཤེས་ཀྱི་ཡོད།” ཅེས་ཨོག་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་གྱི་སྐྱེ་འཕེལ་དང་རིགས་རྒྱུད་ནད་ཡམས་རིག་པའི་སློབ་དཔོན་ཆེན་མོ་ཀི་རི་ན་ཛོན་དེར་ཝན་ལགས་ཀྱིས་གསུངས། “ད་ཡོད་སྨན་རྫས་དེ་དག་ལ་བེུད་མེད་ཚོས་ཡུན་རིང་མྱོང་མི་འདོད་པའི་ཞོར་སྐྱོན་མང་དག་ཅིག་ཡོད་རེད།”

ནད་རྟགས་ཙམ་བཅོས་པ་ལས་ནད་དངོས་བཅོས་ཀྱི་མེད་ན་ཡང་ཟུག་བཅག་སྨན་རྫས་ནི་གདམ་ཁ་གཞན་ཞིག་རེད། ཡིན་ན་ཡང་དེ་ཚོ་ལའང་ཉེན་ཚབས་ཆེ་བའི་ཞོར་སྐྱོན་མེད་པ་མིན། བྷོ་ཌེན་ཧམ་གྱིས་གུས་མོར་བཤད་དོན་འདས་པའི་ལོ་ངོ་གསུམ་རིང་ཨོ་པིའོ་ཌི་གཟུགས་བཅག་སྨན་སྤྱད་པས་”ཟུངས་ཁྲག་ཟད་པ་དང་ཁྲག་རླུང་སྟོད་འཚང་” ལ་སོགས་པའི་ཞོར་སྐྱོན་མང་དག་ཅིག་ཕོག་ཡོད་འདུག ཁོ་མོས་“སྔོན་མ་ང་རང་རྟག་པར་བདུན་ཕྲག་རེ་རེར་སྤྱི་ལི་ལྔ་རེར་རྒྱུག་ཤར་གློད་ཀྱི་ཡོད་ད་ཆ་སྐབས་རེ་ཆུ་ཤེལ་ཕོར་གང་ལེན་དུ་རྐས་འཛེག་ནས་མར་བབས་རྒྱུ་དེ་ཡང་རྒྱང་སྐྱོད་བང་འགྲན་ལྟ་བུའི་ཚོར་སྣང་ཡོང་གི་འདུག” ཅེས་ཟེར། དེ་ལྟར་ནའང་བྷོ་ཌེན་ཧམ་རང་ཉིད་ལ་སྨན་དེ་དག་རག་གི་ཡོད་པ་དེ་གསོད་གཏེ་ཡིན་པ་ཚོར་གྱི་ཡོད། ཟུག་བཅག་སྨན་ཤུགས་ཆེ་བ་དེ་ཚོ་རག་ཐབས་བྱེད་པ་དེས་སྨྱོ་རྫས་ལ་ངན་ལང་ཤོར་ཡོད་པའི་སྐྱོན་བརྗོད་ཡོང་སྲིད་པ་མོས་ཤེས་ཀྱི་ཡོད། (སྔར་རྫས་རིགས་ལོག་སྤྱོད་དང་ངན་ལང་ཤོར་བའི་ལོ་རྒྱུས་མེད་མཁན་ཚོར་ཉེན་ཁ་ཆུང་ཡང་ཨོ་པིའོ་ཌི་ཟུག་བཅག་སྨན་ཤུགས་ཆེ་བ་དེ་ཚོ་བེད་སྤྱོད་བྱས་རྗེས་དེ་དག་ལོག་སྤྱོད་དང་ངན་གོམས་སུ་འགྲོ་བའི་ཉེན་ཁ་ཡང་ཡོད་པ་རེད།)

རེ་བ་ཅུང་ཡོད་པ་སྟེ་ནད་གཞི་དེ་གྲགས་ཆེ་རུ་འགྲོ་བཞིན་པ་དང་སྤྱིར་བཏང་སྨན་པ་དང་ནད་པ་ཚོར་རྒྱུ་ཞབས་དང་ཚང་རའི་ན་ཟུག་སྐོར་ཤེས་ཡོན་གོང་འཕེལ་གྱི་འབད་བརྩོན་བྱེད་བཞིན་ཡོད། ཡིན་ན་ཡང་ནད་པ་ཚོ་འཕྲོད་བསྟེན་ལམ་ལུགས་ཡར་རྒྱས་ཡོང་བར་ངང་སྒུག་བྱེད་བཞིན་པའི་སྐབས་སུ་ཁོང་རྣམས་པའི་ནད་རྟགས་ལ་གོ་ལོག་ཐེབས་བཞིན་པ་དང་ཁོང་ཚོའི་ནད་གཞི་ངོས་འཛིགས་ལོག་པ་སོགས་བྱས་ནས་ཁོང་རྣམས་པའི་སེམས་ཁམས་དང་ལུས་ཁམས་ཀྱི་འཕྲོད་བསྟེན་ལ་གནོད་སྐྱོན་ཕོག་བཞིན་ཡོད།

སྐྱེ་འགོག་སྨན་གྱིས་ངའི་སེམས་ཁམས་འཕྲོད་བསྟེན་ལ་གནོད་སྐྱོན་ཆེན་པོ་ཡོད་པ་ཤེས་རྗེས་ངའི་གོམ་པ་རྗེས་མ་དེ་ཚང་རའི་ནང་དུ་གློག་པར་གྱི་སྦུ་གུ་བཏང་ནས་མཐའ་ཆོད་པའི་ནད་གཞི་ངོས་འཛིན་ཐུབ་པ་བྱེད་རྒྱུ་དང་ཡང་ན་མི་རེ་ན་ཀོ་ཡེལ་གྱི་ཐུན་ཆུང་བའི་ཁམས་རྫས་བརྒྱུད་ནས་སྨན་བཅོས་འགོ་འཛུགས་རྒྱུ་དེ་གཉིས་རེད། ཡིན་ན་ཡང་གློག་པར་སྦུ་གུ་ཚང་རའི་ནང་དུ་བཏང་རྗེས་རྨ་ཁ་གསོ་བར་བདུན་ཕྲག་འགའ་ཤས་འགོར་གྱི་ཡོད། ལས་ཀའི་གཏན་ཆ་དེ་ཙམ་མེད་པའི་བོག་ལེན་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་བརྟག་དཔྱད་དེ་བྱེད་པར་ངས་ད་ལྟ་བར་གསོག་འཇོག་བྱས་ཡོད་པ་ལས་མང་བའི་འགྲོ་སོང་འགྲོ་ཡི་རེད། འདི་ནི་རྒྱུ་ཞབས་ཟུག་གཟེར་གྱི་གཅོང་ནད་ཡོད་པའི་བེུད་ཅིག་གིས་ཉིན་ལྟར་གདོང་ལེན་བྱེད་དགོས་པའི་དཀའ་ཚེགས་ཆེ་བའི་ཐག་གཅོད་མང་པོའི་ནང་ནས་དཔེ་མཚོན་གཅིག་ཙམ་རེད།།  

མ་ཡིག་གི་འབྲེལ་ཐག https://www.bbc.com/future/article/20190116-what-is-endometriosis

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

ཆུ་ཚོད་ ༡༨ སྔོན་ལ།
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

༢༠༢༣/༠༩/༣༠
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

༢༠༢༣/༠༩/༢༩
Mobile App

སྲིད་སྐྱོང་མཆོག་ནས་བོད་ཀྱི་བདེན་མཐའ་གསལ་ན་བོད་ཀྱིས་རྒྱ་དཀར་ནག་བར་གྱི་ཟམ་པ་ལྟ་བུ་བྱེད་ཐུབ་སྐོར་གསུངས།

༢༠༢༣/༠༩/༢༩
WIN-WIN COOPERATION Chinese President Xi Jinping meets with Nepalese Prime Minister Pushpa Kamal Dahal Prachanda in Hangzhou, capital city of east China’s Zhejiang Province on Saturday, Sept. 23, 2023. XINHUA PHOTO
Mobile App

བལ་ཡུལ་ནང་གི་བོད་མི་ཚོར་སྔར་ལས་དཀའ་ངལ་འཕྲད་ཉེན་འདུག

༢༠༢༣/༠༩/༢༩
Mobile App

སྤྱི་འཐུས་གཅིག་དང་གྲོས་ཚོགས།

༢༠༢༣/༠༩/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist