མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀིརྟི་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་མཛོད་ཚང་བློ་བཟང་བརྩོན་འགྲུས་མཆོག་སྐུ་གཤེགས།

བོད་ཀྱི་དུས་བབ།
༢༠༢༣/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྔ་བ་ཀིརྟི་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་མཛོད་ཚང་བློ་བཟང་བརྩོན་འགྲུས་མཆོག་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྙུན་གཞིའི་རྐྱེན་གྱིས་སྐུ་གཤེགས་ཡོད་འདུག

མཛོད་ཚང་དགེ་བཤེས་བློ་བཟང་བརྩོན་འགྲུས་མཆོག དྲ་ལམ་གྱི་པར།

ཁ་སང་ཕྱི་ཚེས་ ༡༩ ཉིན་རྔ་བ་ཀིརྟི་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་མཛོད་ཚང་བློ་བཟང་བརྩོན་འགྲུས་མཆོག་སྙུན་གཞིའི་རྐྱེན་གྱིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྐུ་གཤེགས་ཡོད་པ་དང་། སྐུ་གཤེགས་དམ་པ་ཁོང་གིས་དེ་སྔོན་རྔ་བ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་གི་ལས་ཐོག་མཁན་པོ་ཡིན་འདུག་ལ། བོད་ནང་གི་དགོན་སྡེ་མང་པོར་དཔེ་ཁྲིད་གནང་སྟེ་སློབ་བུ་མང་པོ་བསྐྱངས་གནང་བ་དང་། ཕྱག་དཔེ་མང་པོ་ལྗགས་རྩོམ་གནང་ཡོད་འདུག

དགེ་བའི་བཤེས་གཉེས་ཆེན་མོ་མཛོད་ཚང་བློ་བཟང་བརྩོན་འགྲུས་མཆོག་ནི་ཕྱི་ལོ་ ༡༩༦༦ ལོའི་ཆོས་འཁོར་སྐོར་བའི་དུས་ཆེན་ཉིན་སྐུ་འཁྲུངས་ཤིང་། མི་རིང་བར་གནས་སྐྱོང་ཆོས་རྒྱལ་ཆེན་པོ་སྐུ་ཕེབས་ཐོག་མཚན་ལ་བློ་བཟང་དཔལ་ལྡན་དུ་གསོལ་ནས་རྗེས་སུ་རྔ་ཡུལ་ཀིརྟི་དགོན་ཆེན་གྱི་གྲྭ་སར་འཇོག་དགོས་པ་སོགས་ཀྱི་བཀའ་གནང་བ་ལྟར། དགུང་ལོ་བཅོ་ལྔའི་ཐོག་དགེ་བསྙེན་རབ་བྱུང་དགེ་ཚུལ་བཅས་དཀྱུས་གཅིག་ཏུ་བཞེས། ལོ་དེའི་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་མཁན་ཆེན་ཆོས་ཀྱི་རྒྱལ་པོ་རྗེ་༸སྐལ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་པོའི་དྲུང་ནས་འབྲི་ཀློག་དང་དཔེ་ཆར་གཟིགས་པ་དབུ་དུས་གཅིག་ཏུ་བཟུང་སྟེ། མི་རིང་བར་དགེ་བཤེས་ཀྱི་མཚན་གནས་བཞེས། ཁོང་གིས་འཇམ་བཞད་བསྡུས་གྲྭའི་རྩ་ཚིག་དང་། སྐྱབས་མགོན་ལམ་སྔགས་གཉིས་ཀ། སྡོམ་གསུམ་བསླབ་བྱ། དྲང་ངེས་ལེགས་བཤད་སྙིང་པོ། མཛོད་རྩ། རྩ་ཤེས། རྭ་སྟོད་བློ་རྟགས་བསྡུས་གསུམ་སོགས་གཞུང་ཆེན་མང་པོ་བློར་འཛིན་གནང་སྟེ། ཕྱི་ལོ་ ༡༩༨༦ ལོའི་ས་ཟླའི་དུས་ཆེན་ཉིན་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཕྱི་ལོ་ ༡༩༨༧ ནས་འཛིན་གྲྭའི་བླ་མའི་འཁུར་བཞེས་ཏེ་ནང་རྒྱུགས་དང་དབྱངས་ཆགས་དཔེ་ཁྲིད་གནང་བ་མ་ཟད། ཕྱི་ལོ་ ༡༩༩༥ ལོར་ཕར་ཕྱིན་དམ་བཅའ་ཆེན་མོ་བཞག་སྟེ་མཁས་པའི་མཚན་སྙན་རྒྱས། བསྡུས་གྲྭ་དང་། པཎ་ཆེན་རྣམ་འགྲེལ། དྲང་ངེས་ལེགས་བཤད་སྙིང་པོ་སོགས་ཀྱི་ཆེད་མཁས་པ་ལྟ་བུར་གྱུར། ཕྱི་ལོ་ ༡༩༩༧ ཡས་མས་ནས་དབང་ལུང་ཁྲིད་གསུམ་མན་ངག་སོགས་ཆེད་གཉེར་གྱིས་སེམས་རྒྱུད་ལ་ཕན་པའི་གསུང་བཤད་མང་པོ་གནང་། ཕྱི་ལོ་ ༡༩༩༨ ལོ་ནས་བཟུང་དགོན་པ་མང་པོའི་མཁན་པོ་དང་དཔེ་ཁྲིད་དགེ་རྒན་གྱི་ཁུར་བཞེས་ཏེ། སློབ་མ་མཁས་ཆེན་མང་པོ་སྐྱེད་སྲིང་གནང་བ་མ་ཟད། ཕྱི་ལོ་ ༡༩༩༩ ནས་ཕྱོགས་གཞན་དག་ནས་ཕེབས་པའི་གྲྭ་རྐྱང་སློབ་གཉེར་བ་ཚོའི་ཆེད་དུ་ལུགས་གཉིས་ཀྱི་བྱ་བ་རླབས་ཆེན་བསྒྲུབས་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༠༡ ནས་ཁོང་ནས་རྔ་ཡུལ་ཕྱོགས་སུ་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་གནང་བ་དང་། ༢༠༠༣ ནས་ཁྲི་ཆེན་རྣམ་གཉིས་ཀྱི་བཀའ་དགོངས་ལྟར་གཞན་ལ་བསྙེན་གནས་དང་རབ་བྱུང་དགེ་ཚུལ་བཅས་བསྒྲུབ་རྒྱུའི་དབུ་འཛུགས་ཡོད་འདུག་ལ། ཕྱི་ལོ་ ༢༠༠༦ ནས་༧མཁན་ཆེན་ཁྲི་ཐོག་སོ་བདུན་པས་བཀའ་གནང་བ་ལྟར། ཕྱོགས་རིས་མེད་ཀྱི་བསྙེན་རྫོགས་ཀྱི་མཁན་པོའི་ཁུར་ཡང་བཞེས། ༢༠༠༧ ལོར་རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་ལུང་ལྟར། ལོ་ལྔའི་རིང་ཚོ་བདུན་ཀིརྟིའི་དགོན་གྱི་མཁན་པོ་དང་ཁྲི་བ་དགེ་རྒན་གཅིག་ལྕོགས་ཀྱི་ཁུར་བཞེས་པ་མ་ཟད། ཀིརྟི་ཚང་གི་གདན་ས་གོང་འོག་གི་ཚད་མའི་དགུན་ཆོས་ཀྱི་དགེ་རྒན་ཆེན་མོའང་གནང་སྟེ་མཛད་པ་རྒྱ་ཆེར་བསྐྱངས། ༢༠༡༡ ལོར་རྔ་ཡུལ་ཀིརྟིའི་དགོན་ནས་ཉིན་གསུམ་རིང་སྔགས་རིམ་དམ་བཅའ་ཆེན་མོ་བཞག་སྟེ་མདོ་སྔགས་རབ་འབྱམས་སྨྲ་བའི་མཚན་རྟགས་བཞེས། ༢༠༡༢ ལོར་རྔ་ཡུལ་ཀིརྟིའི་དགོན་གྱི་འཆད་ཉན་ཉམས་ཞིབ་ཚོགས་པའི་ཚོགས་གཙོ་དང་། ༢༠༡༣ ནས་རྔ་ཡུལ་ཀིརྟིའི་དགོན་ཆེན་གྱི་ནང་བསྟན་ཤེས་ཡོན་འགན་འཛིན་གྱི་རྒྱུན་ལས་གནང་། ཕྱི་ལོ་ ༢༠༡༩ བོད་ཟླ་ ༤ པའི་ཚེས་ ༢༡ ནས་དུས་འཁོར་གྲྭ་ཚང་གི་མཁན་པོའི་ཁུར་བཞེས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༦ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༧ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese