མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་དམངས་གཉིས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་ཕེབས་བསུའི་མཛད་སྒོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་ཕེབས་བསུའི་གཞུང་འབྲེལ་མཛད་སྒོའི་ཐོག་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེར་སྲིད་འཛིན་མཆོག་ནས་མཚན་རྟགས་བསྐྱོན་པར་རེ་སྒུག་གནང་བསྡད་ཡོད་སྐོར་གསུངས་སོང་།

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་ཕེབས་བསུའི་གཞུང་འབྲེལ་མཛད་སྒོ་འཚོགས། ༢༠༢༤།༠༦།༡༩ དུས་བབ་ཀྱི་པར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག བོད་གཞུང་མང་གཉིས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་ཕེབས་བསུའི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མཱ་ཡེ་ཀལ་མེ་ཁོལ་མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་གི་དབུས་པའི་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་སྐོར་གྱི་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཇེམ་མེག་གྷོ་ཝུན་མཆོག་སོགས་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་སྐུ་ཚབ་རྣམ་པ་དང་། རྒྱ་གར་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་མི་སྣ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་འཛོམས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། དེ་རིང་བཞུགས་སྒར་དྷ་རམ་ས་ལར་ཨ་རིའི་གྲོས་ཚོགས་འོག་མའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞབས་སོར་འཁོད་ཡོད། སྐུ་ཚབ་ཚོགས་ཆུང་གོ་སྒྲིག་ཞུ་སྐབས་ཟླ་བ་མང་པོ་འགོར་གྱི་ཡོད། ངས་དྲན་ཚོད་བྱས་ན། ཕྱི་ལོ་ ༢༠༡༧ ཟླ་ ༥ ནང་ལྕམ་སྐུ་ནན་སི་ཕི་ལོ་སིའི་སྣེ་ཁྲིད་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་གདན་འདྲེན་ཞུ་ཐུབ་ཡོད། ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ངོ་བོའི་ཐོག་ནས་ཆིབས་བསྒྱུར་བསྐྱངས་བ་ལོ་བདུན་གྱི་རྗེས་སུ་གཅིག་ཆགས་ཀྱི་ཡོད། ཁོང་རྣམ་པ་ཕེབས་དོན་ཡང་ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་བའི་ཁྲིམས་འཆར་ཐོག ཨ་རིའི་གྲོས་ཚོགས་འོག་མའི་ནང་ཤུགས་རྒྱག་མཁན་གཙོ་བོ་སྐུ་ཚབ་ཚོགས་ཆུང་གི་མགོ་ཁྲིད་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མཱ་ཡེ་ཀལ་མེ་ཁོལ་མཆོག་ཡིན། སྔོན་མ་མེ་ཁོལ་མཆོག་བོད་དོན་དང་འབྲེལ་བ་དེ་ཙམ་མེད་ཀྱང་། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་ཡིན་པའི་ཆ་ནས་སྐུ་ཞབས་ཇིམ་མེག་གྷོ་ཝན་ལགས་ཀྱིས་ཟིན་བྲིས་བཟོས་པར་བརྟེན། ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཐུགས་འགན་བཞེས་ཏེ། ད་ལྟ་བར་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་དང་གྲོས་ཚོགས་འོག་མའི་ལྷན་ཚོགས་ནང་ཐོན་ཐུབ་པ་བྱུང་བ་རེད། དེ་རིང་འདིར་སྐུ་ཚབ་ཚོགས་ཆུང་ནང་ཕེབས་མཁན་ཡང་མགོ་ཁྲིད་གནད་ཡོད་མི་སྣ་རྐྱང་རྐྱང་ཕེབས་ཡོད། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་མ་ཧི་ཀལ་མེག་ཀོལ་ལགས་ཕེབས་པའི་མཚོན་དོན་ཡང་སྲིད་དོན་ཚོགས་པ་གཉིས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་ཡོད་པའི་རྣམ་པ་སྟོན་གྱི་ཡོད་པ་རེད། སྐུ་ཞབས་མེ་ཁོལ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་བཏོན་པར་འགན་འཁུར་བ་ཙམ་མིན་པར། ཕྱི་ལོ་ ༢༠༠༦ ལོར་ཨ་རིའི་གྲོས་ཚོགས་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་ཐོབ་པར་རྒྱབ་སྐྱོར་ཞུས་ཡོད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་ནས། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་ཕེབས་ཡོད། ཁོང་གི་སྐོར་ལ་ཞེ་དྲགས་ཞུ་དགོས་པ་མ་རེད། ཚང་མའི་མཁྱེན་གྱི་རེད། ཕྱི་ལོ་ ༡༩༨༧ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་ནང་ཞི་བའི་དོན་ཚན་བཏོན་གནང་མཛད་སྐབས། ༧གོང་ས་མཆོག་དང་ལྕམ་སྐུ་མཆོག་ཐོག་དང་པོ་མཇལ་འཕྲད་བྱུང་བ་ནས་བཟུང་སྐུ་ཚེ་ཧྲིལ་བོར་བོད་དོན་ཐོག་རྒྱབ་སྐྱོར་དང་། ༧གོང་ས་མཆོག་སྐུ་སྒེར་ལ་ཐུགས་ཁྲལ་གནང་མཁན་ཞིག་ཆགས་ཡོད། ད་ལྟའི་བར་དུ་ཨ་རིའི་གྲོས་ཚོགས་ནང་ཁྲིམས་འཆར་ག་རེ་ཕྱིན་ཡོད་ཀྱང་། ཁོང་གི་ལམ་སྟོན་དང་། མཉམ་ཞུགས། དབུ་ཁྲིད་མ་ཞུས་པ་གང་ཡང་མེད།  ཅེས་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་སྲིད་འཛིན་མཆོག་ནས་མཚན་རྟགས་བསྐྱོན་པར་རེ་སྒུག་གནང་བསྡད་ཡོད་སྐོར་གསུངས་སོང་།

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཞལ་ཐང་རེ་གནང་བ། ༢༠༢༤།༠༦།༡༩ དུས་བབ་ཀྱི་པར།

དེ་བཞིན་སྲིད་སྐྱོང་མཆོག་ནས། གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་དམངས་གཙོ་ཚོགས་པའི་མགོ་ཁྲིད་སྐུ་ཞབས་གྷེ་རེ་གྷེ་རི་མེ་ཁི་སི་ (Gregory Meeks) ལགས་ཀྱིས་ཤུགས་བརྒྱབ་མེད་ཚེ། གྲོས་ཚོགས་ནང་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུ་ཁག་པོ་ཆགས་ཡོད། ཁོང་གི་རྒྱབ་སྐྱོར་བྱས་པར་བརྟེན་རིམ་པ་དང་པོའི་སྐབས་དེར་གྲོས་ཚོགས་ནང་འཐུས་མི་ ༤༣༡ ཡོད་པའི་ཁྲོད་ ༣༩༢ རྒྱབ་སྐྱོར་གནང་ཡོད། དེའི་རྗེས་སུ་གྲོས་ཚོགས་གོང་མའི་ཚིག་གཞི་དང་མཐུན་པ་བཟོ་བའི་ཁྲིམས་འཆར་ཐད་གྲོས་ཚོགས་འཐུས་མི་ ༤༢༩ ནང་ ༣༩༡ གི་རྒྱབ་སྐྱོར་ཐོབ་ཡོད། དེ་བཞིན་བོད་དོན་ཀྱི་ལས་དོན་གང་ཞིག་ཡིན་ཡང་ཨ་རིའི་གྲོས་ཚོགས་འོག་མའི་སྒྲིག་ཁྲིམས་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་ཇིམ་མེག་གྷོ་ཝན་ལགས་མེད་ཐབས་མེད་པ་ཞིག་རེད། ལྕམ་སྐུ་ནན་སི་པེ་ལོ་སི་དགུང་ལོ་བགྲེས་བཞིན་ཡོད་པར་བརྟེན། གྲོས་ཚོགས་འོག་མའི་ནང་བོད་དོན་ལས་དོན་བྱེད་ཕྱོགས་ཀྱི་འགན་ཡོངས་རྫོགས་ཁོང་ལ་གནང་གི་ཡོད། ཁོང་ནི་ཨ་རིའི་གྲོས་ཚོགས་ནང་ཁྲིམས་འཆར་གལ་ཆེ་བ་གསུམ་འདོན་མཁན་ཆགས་ཡོད། ཅེས་དང་། དེ་བཞིན་གྲོས་ཚོགས་འཐུས་མི་གཞན་དང་སྐུ་ཞབས་རི་ཆར་ཌི་གྷི་རི་སོགས་ཀྱིས་གྲོས་ཚོགས་ནང་ཞུ་གཏུགས་ཀྱི་ལས་འགུལ་མང་པོ་སྤེལ་ཡོད་ལ། བོད་དོན་ལས་འགུལ་ཁང་དང་། ཨ་རིའི་སྐུ་ཚབ་དོན་གཅོད་སོགས་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་སྐུ་ལས་མང་པོ་བསྐྱོན་ཡོད།  ཅེས་གསུངས་སོང་།

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁེལ་མཆོག་གིས། དེ་རིང་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་སྣེ་འཁྲིད་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་སྐལ་བ་བཟང་པོ་ཞིག་བྱུང་། ངས་ཁྱེད་ཚོའི་ཕ་ཡུལ་བོད་ལ་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་རེ་བ་བཅང་གི་ཡོད། མི་ལོ་དྲུག་ཅུ་རེ་ལྔ་ཙམ་གྱི་གོང་དུ་རྒྱ་ནག་དམར་ཤོག་གཞུང་གིས་བོད་སར་བཙན་འཛུལ་བྱས་ནས། ཉེས་མེད་བོད་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་ཡོད་པ་རེད། བོད་ཀྱི་ཆོས་རིག་སྲུང་སྐྱོབ་ཀྱི་སླད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དབུ་འཁྲིད་པའི་བོད་མི་བརྒྱད་སྟོང་ལྷག་ཧི་མ་ཡ་ལ་བརྒལ་ནས་ལེ་བར་བཞི་སྟོང་ཕྱིན་ཏེ་བདེ་འཇགས་ཀྱི་ས་གནས་ཤིག་བཙལ་བའི་ཁྲོད། བྱེས་འབྱོར་བ་དེ་དག་གིས་རང་གི་ཕ་ས་ཕ་ཡུལ་དང་། གྲོགས་པོ། ཁ་ཤས་ཀྱིས་རང་གི་ནང་མི་སོགས་ཀྱང་རྒྱབ་ལ་བསྐྱུར་ནས་བོད་ཀྱི་མ་འོངས་པའི་མི་རབས་ཤིག་གི་ཆེད་དུ་རེ་སྙེག་བྱས་པ་རེད། ཅེས་དང་། དེང་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གཙོས་བོད་མི་ཚོས་གནས་འདི་ནས་ཞེད་སྣང་གང་ཡང་མེད་པར་རང་མོས་བཞིན་རང་གི་ཆོས་ལུགས་ལ་ཉམས་ལེན་གནང་མུས་ཡིན་ཡང་། ངས་རེ་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་རྣམས་ནམ་ཞིག་ཞི་བདེ་ལྡན་པའི་ངང་ནས་བོད་དུ་ལོག་ཐུབ་པའི་རེ་བ་ཡོད་ཀྱི་ཡོད། ཅེས་གསུངས་སོང་།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་གིས། དེ་རིང་ཞོགས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་རྒྱུ་བྱུང་བ་ནི་སྐལ་བ་བཟང་པོ་དང་བྱིན་རླབས་ཅན་ཞིག་ཡིན་པ་རེད། ཁྱེད་ཅག་གིས་ང་ཚོར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཀྱང་། ང་ཚོས་ཁྱེད་ཅག་ལ་བཀའ་དྲིན་ཆེ་ཞུ་ཡི་ཡོད། རྒྱུ་མཚན་ནི། བདུན་ཕྲག་གཅིག་གི་གོང་དུ་ཁྱེད་ཅག་གིས་ང་ཚོས་ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཐད་ལ་གླེང་སློང་གནང་ཡོད་པ་དེ་གོ་ཐོས་བྱུང་། ང་ཚོས་ཁྲིམས་འཆར་དེའི་ཆེད་ཡུན་རིང་པོར་འཐབ་རྩོད་བྱས་པ་ཡིན། ཞེས་དང་། ད་ལྟ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་གཏན་འབེབས་བྱས་ཡོད་པ་དེས་རྒྱ་ནག་གཞུང་ལ་ཨ་རིར་བོད་མིའི་རང་དབང་གི་གནད་དོན་དང་འབྲེལ་བའི་ཐད་ལ་གོ་རྟོགས་དང་གསལ་ཁ་ཡོད་པའི་བརྡ་ལན་གསལ་པོ་སྤྲད་ཡོད་པ་རེད། ཅེས་གསུངས་སོང་། ཡང་ཁོང་མོས། རྒྱ་ནག་གཞུང་གིས་བོད་ནང་བོད་ཕྲུག་རྣམས་ལ་སྐད་ཡིག་དང་། ཆོས་རིག་སྦྱང་སྤྱོད་བྱེད་པར་དམ་དྲག་དང་རྒྱ་ནག་གི་ཁ་ཕྱོགས་དང་མཐུན་པའི་སློབ་གསོ་ཟེར་བ་ཞིག་སྤྲོད་ཀྱིན་ཡོད་ཅིང་། བོད་ནང་གི་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་སྐོར་སོགས་གསུངས་སོང་།

དེ་བཞིན་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མེག་སི་(Gregory Meeks) མཆོག་དང་། ཇེམ་མེག་གྷོར་ཝན་(Jim McGovern) མཆོག གྲོས་ཚོགས་འཐུས་མི་མི་ལར་མིག་སི་(Mariannette Miller-Meeks) མཆོག་དང་། གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་ཨེ་མི་བྷི་རཱ་(Ami Bera) མཆོག་སོགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་ཀྱང་ནམ་ཞིག་ན་རང་དབང་འཐོབ་སྟེ་བཙན་བྱོལ་བོད་མི་རྣམས་ཕ་ཡུལ་བོད་དུ་ལོག་ཐུབ་པ་ཞིག་ཡོང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།  མཇུག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ངས་གོ་སྐབས་འདི་བརྒྱུད་ནས་རྒྱ་གར་གཞུང་དམངས་གཉིས་ཀྱིས་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་ལ་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད། རྒྱ་གར་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་དེ་མེད་ན་ང་ཚོར་དེ་རིང་འདི་འཆར་མི་སྲིད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༤ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༥ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༥ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese